རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༨

Archive for: སྤྱི་ཟླ་༣ པའི་ཚེས་, ༢༠༡༨

བྱ་གསོ་སྐྱོང་ཁང་གཞི་བཙུགས་ལས་བརྟེན་ཏེ་ འོང་འབབ།

༉ བྱ་གསོ་སྐྱོང་འཐབ་ནི་འདི་ ཕོ་སྐྱེས་ཀྱི་ལཱ་ཅིག་ཨིནམ་སྦེ་ བརྩི་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ནང་ལུ་ ཨམ་སྲུ་ཚུ་གིས་ཡང་ བྱ་གསོ་སྐྱོང་འཐབ་དོ་ཡོདཔ་ཨིན་མས།

སྒོ་ནོར་ཐོན་སྐྱེད་ཚོང་འབྲེལ་གྱི་ས་སྒོ་ རྐྱབ་ནི་ཨིནམ།

༉ པདྨ་དགའ་ཚལ་རྫོང་ཁག་ ནོར་བུ་སྒང་རྒེད་འོག་ནང་ལུ་ ཛམྦྷ་ལ་སྒོ་ནོར་སྡེ་ཚན་གྱི་དོན་ལས་ ཐོན་སྐྱེད་བཙོང་སའི་ འབྲེལ་སྟེགས་བཟོ་ནི་ཨིན་མི་དང་འབྲེལ་ སྒོ་ནོར་གྱི་ཐོན་སྐྱེད་ཉོ་མི་ མང་སུ་སྦེ་ འོང་ནི་གི་ རེ་བ་སྐྱེདཔ་ཨིན་ཨིན་མས།

གཅན་གཟན་སྟག་གི་ སྨན་བཅོས་ཀྱི་དོན་ལུ་སྐུ་རིམ།

༉ ཐིམ་ཕུག་ དཀར་སྦིས་ས་ལུ་ འདས་པའི་བདུན་ཕྲག་ནང་ གཅན་གཟན་སྟག་ཅིག་ འཁྱམས་སྡོད་སར་མཐོང་པའི་ཤུལ་མ་ ད་རེས་ སྲོག་སྐྱབས་འབད་དེ་ཡོད་རུང་ སྟག་འདི་ ན་ཚ་ཐོབ་སྟེ་ཡོད་པའི་ དོགས་པ་འདུག

ལྡོག་ཕྱོགས་ཚོགས་པ་གི་ གཞུང་གིས་གཞི་བཙུགས་འབད་མི་ མཐོ་རིམ་སློབ་གྲྭའི་གནད་དོན།

༉ ལྡོག་ཕྱོགས་ཚོགས་པ་གིས་བཀོད་མི་ནང་ གཞུང་གི་ ཤར་ཕྱོགས་ཁ་ཐུག་ལུ་ མཐོ་རིམ་སློབ་གྲྭ་༣་གཞི་བཙུགས་འབད་ནི་ཟེར་ ཁས་བླང་དང་འཁྲིལ་ཏེ་ བཀྲིས་གཡང་རྩེ་ལུ་ མཐོ་རིམ་སློབ་གྲྭ་ཅིག་ གཞི་བཙུགས་འབད་མི་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་མ་ཚུགས་པར་ འདུག་ཟེར་ཨིན་མས།

གླིང་གཞི་དྲུང་ཁག་ནང་ལུ་ རླུང་འཚུབ་ཀྱི་ཐབས་ལམ།

༉ ཐིམ་ཕུག་རྫོང་ཁག་ གླིང་གཞི་དྲུང་ཁག་ནང་ལུ་ རླུང་འཚུབ་ལས་བརྟེན་པའི་ རྐྱེན་ངན་ཚུ་ བཀག་ཐབས་འབད་ནི་གི་དོན་ལུ་ རྩི་ས་གི་སྦེ་ ཁྱིམ་ཐོག་བཀབ་ནི་གི་ འཆར་གཞི་འདི་ འོས་འབབ་ཡོདཔ་སྦེ་མཐོང་པ་ཅིན་ ད་ལས་ཕར་ གཞན་དང་མ་འདྲ་བའི་ ཐབས་ལམ་གསརཔ་ཅིག་ འོང་ནི་ཨིན་མས།

ཀྲོང་གསར་རྫོང་ཁག་ནང་ལུ་ ད་རུང་རང་ སློབ་གྲྭ་ལྟེ་བ་གསརཔ་ཅིག་ འོང་ནི་ཨིནམ།

༉ ཤེས་རིག་ལྷན་ཁག་ལས་ ཆ་འཇོག་གྲུབ་པ་ཅིན་ ཀྲོང་གསར་རྫོང་ཁག་ནང་ལུ་ ད་རུང་རང་ སློབ་གྲྭ་ལྟེ་བ་གསརཔ་ཅིག་ འོང་ནི་ཨིན་མས།

ཆུ་ཁ་ལུ་རྩི་མ་གཤམ་དང་དགེ་འདུ་གི་ ས་སྣུམ་བཀྲམ་སྤེལ་གྱི་ཞབས་ཏོག་ལུ་བལྟ་སྟེ་ སེམས་དང་མ་ལྡན་པར་ཡོདཔ།

༉ ཆུ་ཁ་ལུ་སྡོད་མི་ཚུ་ རྩི་མ་གཤམ་དང་དགེ་འདུ་གི་ ས་སྣུམ་བཀྲམ་སྤེལ་ཁང་ནང་ལས་ ཞབས་ཏོག་འབྱིན་མི་ལུ་བལྟ་སྟེ་ སེམས་དང་མ་ལྡན་པར་འདུག

སྣུམ་འཁོར་ཀྲག་གཅིག་ རྦོབ་རིལ་འགྱོ་བའི་རྐྱེན་ངན་ནང་ ཕོ་སྐྱེས་གཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ།

༉ ཆུ་ཁ་རྫོང་ཁག་ ཀམ་སྦྱིས་ལུ་ ད་རིས་ སྣུམ་འཁོར་ཀྲག་གཅིག་ རྦོབ་རིལ་འགྱོ་བའི་རྐྱེན་ངན་ནང་ལུ་ དགེ་འདུ་ལས་ སྐྱེས་ལོ་༦༡ལང་མི་ ཕོ་སྐྱེས་གཅིག་ ས་གནས་དེ་ཁ་རང་ ཁ་ཐུག་མར་ ཤི་རྐྱེན་བྱུང་ནུག

བཀྲིས་སྒང་ ཡོན་ཕུ་ལ་ནང་འཁོད་གནམ་གྲུ་ཐང་ནང་ལུ་ གནམ་ལྕགས་བུད་ཡོདཔ།

༉ བཀྲིས་སྒང་ལུ་ ཁ་ཙ་ ཆརཔ་ཤུགས་སྦེ་རང་རྐྱབ་མི་ལས་བརྟེན་ཏེ་ ཉི་མ་ཆུ་ཚོད་༢དེ་ཅིག་ཁར་ ཡོན་ཕུ་ལ་ནང་འཁོད་གནམ་གྲུ་ཐང་ནང་ལུ་ གནམ་ལྕགས་བུད་ནུག

དབང་འདུས་ཕོ་བྲང་ལུ་ ནགས་ཚལ་མེ་རྐྱེན་འབྱུང་མི་འདི་ ཚད་འཛིན་འབད་བའི་བསྒང་ར་ཡོདཔ།

༉ དབང་འདུས་ཕོ་བྲང་ ཨ་ཐང་རྒེད་འོག་ནང་ལུ་ ཁ་ཙ་ལས་ ནགས་ཚལ་མེ་རྐྱེན་འབྱུང་མི་འདི་ ཚད་འཛིན་འབད་བའི་བསྒང་ར་འདུག