རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༨

Archive for: སྤྱི་ཟླ་༡༢ པའི་ཚེས་, ༢༠༡༧

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མཁན་སྤྲུལ་བསོད་ནམས་རྒྱལ་མཚན་ལུ་བཀྲིས་ལེགས་དར་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་ལུ་སྦེ་ བུ་ས་སྤྲལ་སྐུ་ མཁན་སྤྲུལ་བསོད་ནམས་རྒྱལ་མཚན་ལུ་ བཀྲིས་ལེགས་དར་གནང་ཡི།

རེ་འཕེལ་དང་ཀོ་ཤ་ལ་གི་ཕྲང་ལམ་སེལ་ནི་ཁི་དོན་ལུ་ ད་རུང་ལོ་གཅིག་དེ་ཅིག་འགོར་ནི་ཨིནམ།

༉ ཀྲོང་གསར་ རེ་འཕེལ་དང་ཀོ་ཤ་ལ་གི་ཕྲང་ལམ་འདི་ཁ་ལས་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ཚུགས་ཚུགས་ལུ་ ད་རུང་རང་ ལོ་གཅིག་དེ་ཅིག་འགོར་ནི་ཨིན་མས།

རྒྱལ་ཁབ་ནང་ལུ་ སེམས་ཁམས་འཕྲོད་བསྟེན་གྱི་ སྨན་བཅོས་ཞབས་ཏོག་འདི་ ཡར་དྲག་བཏང་ནི་ཨིནམ།

༉ རྒྱལ་ཁབ་ནང་ལུ་ ལོ་ལྔ་འཆར་གཞི་༡༢པའི་ནང་ སེམས་ཁམས་འཕྲོད་བསྟེན་གྱི་ སྨན་བཅོས་ཞབས་ཏོག་འདི་ ཡར་དྲག་བཏང་ནི་ཨིན་མས།

འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ མཉམ་འབྲེལ་གྱི་ལས་རིམ་ཅིག་འགོ་འདྲེན་འཐབ་པའི་བསྒང་།

༉ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ སྨྱོ་རྫས་ལོག་སྤྱོད་འབད་མི་གི་གདོང་ལེན་ལུ་ དམག་སྡེ་གི་བཟའ་ཚང་ཚུ་གི་ནང་ལུ་ བཟའ་ཚང་རྒྱབ་སྐྱོར་སྡེ་ཚན་ཟེར་ སྡེ་ཚན་བརྒྱུད་དེ་ རྒྱབ་སྐྱོར་འབད་ནི་གི་ལས་རིམ་ཅིག་ ཐིམ་ཕུག་ ལུང་བསྟན་ཕུག་ དམག་སྡེ་ལྟེ་བ་ནང་ལས་ འགོ་བཙུགས་ཏེ་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགར་ས་རྫོང་ཁག་གཞི་བཙུགས་འབད་དེ་ མི་ལོ་༢༥འཁོར་བའི་ དུས་སྟོན་ནང་ལུ་ དབུ་བཞུགས་མཛད་གནང་ཡི།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ མགར་ས་རྫོང་ཁག་འདི་ རྫོང་ཁག་གཅིག་སྦེ་གཞི་བཙུགས་འབད་དེ་ མི་ལོ་༢༥འཁོར་བའི་ དུས་སྟོན་བརྩི་སྲུང་འདི་ནང་ལུ་ དབུ་བཞུགས་མཛད་གནང་ནུག

ཨིང་སྐད་ཀྱི་དྲི་ཤོག་འདི་ སློབ་ཕྲུག་ཚུ་ལུ་ བྱིན་ཡོད་མི་ནང་ འབྲེལ་གཏོགས།

༉ ཁ་ཙ་ ཆེ་མཐོ་ཁྲིམས་ཀྱི་མདུན་ས་གིས་ སྤྱི་ལོ་༢༠༡༤ལུ་ སློབ་རིམ་༡༢པའི་ ཨིིང་སྐད་ཀྱི་དྲི་ཤོག་འདི་ ཆོས་རྒྱུགས་མ་བཀལ་བའི་ཧེ་མ་ལས་ སློབ་ཕྲུག་ཚུ་ལུ་བྱིན་ཡོད་མི་ནང་ འབྲེལ་བ་ཡོད་པའི་ སྐྱེས་ལོ་༣༨ལང་མི་ ཞི་གཡོགཔ་འདི་ལུ་ སྤ་རོ་རྫོང་ཁག་ཁྲིམས་ཀྱི་མདུན་ས་གིས་གནང་མི་ འཁྲུན་ཆོད་བལྟར་དུ་ ངོས་ལེན་མཛད་གཡོདཔ་ཨིན།

བལྟ་བཤལ་ལས་སྡེ་གིས་ འཐུས་མར་ཕབ་འབད་མི་འདི་གིས་ ཟད་འགྲོ་ཉུང་བའི་བལྟ་བཤལ་པའི་ ས་གོ་ཅིག་ལུ་ འགྱུར་ནི་གི་ཉེན་ཁ།

༉ བལྟ་བཤལ་ལས་སྡེ་ནང་ལུ་ འཐུས་མར་ཕབ་འབད་དོ་ཡོད་མི་གི་སྐོར་ལས་ བརྡ་དོན་འདི་ཚུ་ ལངམ་སྦེ་ར་ཡོད་དེ་འབད་རུང་ ད་རེས་ཚུན་ཚོད་ཀྱི་བར་ན་ འབྲུག་བལྟ་བཤལ་ཚོགས་སྡེ་ནང་ལུ་ སྙན་ཞུ་ཁག་གཅིག་རྐྱངམ་གཅིག་ ལྷོད་དེ་ཡོདཔ་ཨིན་མས།

གཙུག་ལག་སློབ་དཔོན་གྱིས་ བཀྲིས་སྒང་ལུ་ འཇིགས་བརྟེན་དབང་ཕྱུག་ དུང་སྒྲུབ་ནང་དབུ་བཞུགས།

༉ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་གྱིས་ བཀྲིས་སྒང་ལུ་ འཇིགས་བརྟེན་དབང་ཕྱུག་ དུང་སྒྲུབ་ དབུ་བཞུགས་མཛད་གནང་དོ་ཡོདཔ་ཨིན།

ཁྲིམས་སྲུང་འགག་པ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ ཉེས་འཛུགས།

༉ ལྷ་མོའི་རྫིང་ཁ་ལུ་ སྐྱེས་ལོ་༣༨་ལང་མི་ ཁྲིམས་སྲུང་འགག་པ་ཅིག་ བུམ་ཅུང་ཅིག་ དབང་བཙོང་གི་ཐོག་ལས་ འདོད་སྤྱོད་འབད་ཡོད་པའི་ ཉེས་འཛུགས་ཕོག་ཡོདཔ་ཨིན་མས།

བདག་བླང་རྟོག་མེད་གདོང་ཐུག་གི་ཉེས་པ་ལུ་བརྟེན་ ལོ་༩་གི་བཙོན་ཁྲིམས།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ སྐྱེས་ལོ་༢༢་ལང་མི་ཕོ་སྐྱེས་ཅིག་ལུ་ བདག་བླང་རྟོག་མེད་གདོང་ཐུག་གི་ཉེས་པ་ལུ་བརྟེན་ ལོ་༩་གི་བཙོན་ཁྲིམས་བཀལ་ནུག