རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༨

Archive for: སྤྱི་ཟླ་༡༡ པའི་ཚེས་, ༢༠༡༧

ཤར་ཕྱོགས་རྫོང་ཁག་ནང་ལུ་ འགྱོ་མི་བལྟ་བཤལཔ་ཚུ་ལུ་ ཡུ་ཨེས་ཌོ་ལས་༦༥་འདི་ དགོངས་ཡངས་གནང་ནི་སྦེ་ གྲོས་ཐག་བཅད་ནུག

༉ རྒྱལ་ཡོངས་ཚོགས་འདུ་གིས་ ཁ་ཙ་ འབྲུག་གི་བལྟ་བཤལ་གྱི་བསྡུ་བླང་ དགོངས་ཡངས་དཔྱད་ཡིག་༢༠༡༧་ཅན་མ་གུ་ གསུང་གྲོས་གནང་ཡི།

རྒྱལ་ཡོངས་ཚོགས་འདུ་གིས་ རྩིས་ཞིབ་དཔྱད་ཡིག་ ཆ་འཇོག་གནང་ཡི།

༉ རྒྱལ་ཡོངས་ཚོགས་འདུ་གིས་ ཁ་ཙ་ རྩིས་ཞིབ་དཔྱད་ཡིག་༢༠༡༧་ཅན་མ་འདི་ ཆ་འཇོག་གནང་ཡི།

སྤྲོ་སྟོན་གྱི་ལས་རིམ་ཚུ་ བཙུགས་ཐ་མ་ཆོགཔ་བཟོ་མི་ལུ་བརྟེན་ ལྟདམོ་བལྟ་མི་གི་ གྱངས་ཁ་ཡར་སེང་།

༉ དུས་ཅི་ བསམ་རྩེ་རྫོང་ཁག་གི་ ལོ་བསྟར་ཚེས་བཅུ་ མཇལ་ཁ་ཞུ་མི་འདི་ ཧེ་མ་དང་འཕྱདཔ་ད་ ཡར་སེང་སོང་སྟེ་འདུག

སྐྱེད་ཉུང་སུ་གུ་ བསྐྱིན་འགྲུལ་འཐོབ་ཚུགས།

༉ སང་ཕོད་ལས་ མི་སེར་སོ་ནམ་པ་ཚུ་གིས་ སྐྱེད་ཉུང་སུ་གུ་ བསྐྱིན་འགྲུལ་ལེན་ནི་གི་གདམ་ཁ་ མང་སུ་ཅིག་སྦེ་ ཐོབ་ནི་ཨིན་མས།

མེ་རག་གི་མི་སེར་ཚུ་ ལམ་གྱི་གནས་སྟངས་ལུ་བལྟ་སྟེ་ སེམས་དང་མ་ལྡན་པར་ཡོདཔ།

༉ བཀྲིས་བསྒང་ མེ་རག་གི་མི་སེར་ཚུ་ ཧེ་མ་ རྒེད་འོག་ལྟེ་བའི་ལམ་ལྷོད་པའི་སྐབས་ སེམས་དགའ་སྟེ་ཡོདཔ་ཨིན་རུང་ ད་རེས་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་ཅིག་མེད་མི་ལུ་བརྟེན་ཏེ་ སེམས་དང་མ་ལྡན་པར་འདུག

ཐིམ་ཕུག་རྫོང་ཁག་འོག་གི་ གླིང་གཞི་གཡུལ་རྒྱལ་རྫོང་འདི་ ཉམས་གསོ་ཞུ་ནི་ཨིནམ།

༉ གླིང་གཞི་རྫོང་འདི་ ལོ་༥་འཆར་གཞི་༡༢པའི་ནང་ལུ་ ཉམས་གསོ་ཞུ་ནི་ཨིནམ་ད་ རྫོང་ཉམས་གསོའི་ལས་འགུལ་འདི་ཡང་ སྲོལ་འཛིན་ལས་ཁུངས་ཀྱི་ ལས་འགུལ་གཙོ་རིམ་ཆེ་ཤོས་ཚུ་གི་གྲལ་ལས་ གཅིག་ཨིན་མས།

རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་བརྡ་དོན་དང་བརྡ་བརྒྱུད་དཔྱད་ཡིག་༢༠༡༧ཅན་མ་འདི་ཆ་འཇོག་གནང་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་རྒྱན་མཐོ་ཤོས་སྦེ་བཙུགས་ཏེ་ འབྲུག་གི་བརྡ་དོན་དང་བརྡ་བརྒྱུད་དཔྱད་ཡིག་༢༠༡༧ཅན་མ་འདི་ ཆ་འཇོག་མཛད་གནང་ཡི།

མཚན་གཅིག་པ་ལུ་དགའ་མི་གི་གནད་དོན་འདི་ ཁྲིམས་སྲུང་འགག་པ་ཚུ་ལུ་ གདོང་ལེན་འབྱུང་དོ་ཡོདཔ།

༉ ཨེལ་ཇི་བཱི་ཊི་ཟེར་ མོ་གིས་མོ་ལུ་དགའ་མི་དང་ ཕོ་གིས་ཕོ་ལུ་དགའ་མི་ དེ་ལས་ ཕོ་མེན་མོ་མེན་ཚུ་དང་འབྲེལ་བའི་ གནད་དོན་ཚུ་ཧ་གོ་ནི་འདི་ ཁྲིམས་སྲུང་འགག་པ་ཚུ་ལུ་ གདོང་ལེན་ཅན་ཅིག་སྦེ་འཐོན་ཏེ་འདུག

པདྨ་དགའ་ཚལ་རྫོང་ཁག་ ཕྱི་མུང་རྒེད་འོག་ནང་ལུ་ ཨེ་མ་གི་ལཱ་འབད་ནི་འགོ་བཙུགས་ཡོདཔ།

༉ པདྨ་དགའ་ཚལ་རྫོང་ཁག་ ཕྱི་མུང་རྒེད་འོག་ནང་ལུ་ མི་སེར་སོ་ནམ་པ་ཚུ་གིས་ ད་རེས་འགོ་དང་པ་ ཨེ་མ་གི་ལཱ་འབད་ནི་འགོ་བཙུགས་མི་འདི་ ལེགས་ཤོམ་སྦེ་རང་འགྱོ་སྟེ་འདུག

རྒྱལ་ཁབ་ནང་ལུ་ ད་རེས་ རྒེད་འོག་བརྒྱ་ཆ་༦༠ལྷགཔ་ཅིག་གི་ནང་ལུ་ ཆང་གི་གནོད་པ་མར་ཕབ་ཀྱི་ཚོགས་ཆུང་བཟོ་སྟེ་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ ད་རེས་ རྒེད་འོག་བརྒྱ་ཆ་༦༠ལྷགཔ་ཅིག་གི་ནང་ལུ་ ཆང་གི་གནོད་པ་མར་ཕབ་ཀྱི་ཚོགས་ཆུང་ཚུ་བཟོ་སྟེ་ཡོདཔ་ཨིན་མས།