རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

Archive for: སྤྱི་ཟླ་༡༠ པའི་ཚེས་, ༢༠༡༧

བུམ་ཐང་ལུ་ ལོག་སྟེ་རང་ བྱཱོ་གི་ལཱ་འབད་ནི་འགོ་བཙུགས་ཏེ་ཡོདཔ།

༉ བུམ་ཐང་ལུ་ འདས་པའི་ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ནང་ལུ་ ལོ་ཐོག་གི་རིགས་ བྱཱོ་གི་ལཱ་འབད་མི་འདི་ མར་ཕབ་འགྱོ་བའི་ཤུལ་མ་ ད་རེས་ བྱཱོ་གི་ལཱ་འབད་ནི་འདི་ ལོག་སྟེ་ར་ འགོ་བཙུགས་ནི་གི་ ཐབས་ཤེས་ཚུ་བཏོན་ཏེ་ཡོདཔ་ཨིན་མས།

བཙག་འཐུ་ལྷན་ཚོགས་ཀྱི་ བཙག་འཐུ་ཐེངས་༣་པའི་དོན་ལུ་ གྲ་སྒྲིག་འབད་བསྒང་།

༉ སྤྱི་ཚོགས་ཀྱི་བཙག་འཐུ་ཐེངས་༣་པ་འདི་ འགོ་འདྲེན་འཐབ་ནི་གི་ དུས་ཚོད་རན་དོ་ཡོད་མི་དང་འབྲེལ་ཏེ་ གྲ་སྒྲིག་ཚུ་འབད་བའི་བསྒང་རང་ཡོདཔ་ཨིན།

གཞུང་གིས་བི་བི་ཨའི་ཨེན་ཆིངས་ཡིག་འདི་ ཆ་འཇོག་མ་འབད་བར་ཡོདཔ།

༉ གཞུང་གིས་ འབྲུག་དང་བང་ལ་དེཤ་ དེ་ལས་ རྒྱ་གར་དང་ནེ་པཱལ་རྒྱལ་ཁབ་ཚུ་གི་བར་ན་ སྣུམ་འཁོར་རྒྱུན་འབྲེལ་གྱི་འགན་རྒྱ་འདི་ ཆ་འཇོག་མི་འབད་ནི་ཨིན་མས།

བརྡ་དོན་འཕྲུལ་རིག་གིས་ ལཱ་གཡོག་དང་དཔལ་འབྱོར་ལུ་ ལྷན་ཐབས།

༉ བརྒྱུད་འབྲེལ་ལྷན་ཁག་གིས་ སྤྱི་ལོ་༢༠༡༩ལས་ ད་རུང་ར་ བརྡ་དོན་འཕྲུལ་རིག་གླིང་ག་གཅིག་ གཞི་བཙུགས་འབད་ནི་ཨིན་མས།

ཆུང་རིམ་གྱི་གནས་ཚད་ཁར་ ཀིརི་ཀེཊི་གོང་འཕེལ་བཏང་ཐབས་ལུ་སྦྱོང་བརྡར།

༉ འབྲུག་ཀིརི་ཀེཊི་ཚོགས་པའི་ བཀོད་ཚོགས་ཀྱིས་ འདས་པའི་བདུན་ཕྲག་ནང་ལས་ ཆུང་རིམ་གནས་ཚད་ནང་ལས་ར་ཀིརི་ཀེཊི་གི་རྩེདམོ་འདི་ ཡར་དྲག་བཏང་ནི་གི་ ལས་རིམ་འགོ་བཙུགས་མི་དང་འབྲེལ་ཏེ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ སློབ་ཕྲུག་༡༥༠༠ལྷགཔ་ཅིག་ལུ་ ཁྱབ་ཡོདཔ་ཨིན་མས།

ཞིང་ཆུ་མེད་མི་ལས་བརྟེན་ ལྕང་ལཱ་མ་རྐྱབ་པར་ ལོ་ངོ་༡༥་དེ་ཅིག་ལང་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་རང་རྒེད་འོག་ནང་ལུ་ སྒོ་ནོར་གྱི་ལས་འགུལ་སྦོམ་ཤོས་ཅིག་ རྐྱབ་པའི་བསྒང་ཡོད་མི་འདི་གིས་ རྒེད་འོག་འདི་ནང་གི་ ས་གནས་ལ་ལོ་ཅིག་ནང་ བྱཱ་ལཱ་རྐྱབ་ནི་གི་སྲོལ་ ཉམས་སྲུང་འབད་ནི་ལུ་ ཕན་ཐོག་བྱུང་སྟེ་འདུག

རྒྱལ་ཁབ་ནང་ལུ་ ཆུམ་གྱི་ཐོན་ཤུགས་ཡར་སེང་།

༉ རྒྱལ་ཁབ་ནང་ལུ་ འདས་པའི་ལོ་༥་གི་ནང་འཁོད་ ཆུམ་གྱི་ཐོན་ཤུགས་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན་མས།

ཚོང་འབྲེལ་ལྷན་ཐབས་ཚོགས་སྡེ་ གཞུང་འབྲེལ་དུ་ འགོ་མ་བཙུགས་པར་ཡོདཔ།

༉ གཞུང་གིས་ ད་ལྟོ་ཚུན་ཚོད་ ཧེ་མ་ལས་ འཆར་གཞི་བརྩམ་སྟེ་ཡོད་པའི་ ཚོང་འབྲེལ་ལྷན་ཐབས་ཚོགས་སྡེ་འདི་ གཞུང་འབྲེལ་དུ་ འགོ་བཙུགས་མ་ཚུགས་པར་ཡོདཔ་ཨིན།

ཤེས་རིག་ལྷན་ཁག་ལུ་ གསོ་བའི་མཐོ་རིམ་སློབ་གྲྭ་ གཞི་བཙུགས་ཀྱི་གྲོས་འཆར།

༉ ལྷན་རྒྱས་གཞུང་ཚོགས་ཀྱིས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོང་གཙོ་བསྟེན་སྨན་ཁང་གཉིས་ལུ་ རྒྱལ་ཡོངས་གཙོ་བསྟན་སྨན་ཁང་འདི་ རྒྱལ་ཁབ་ནང་ལུ་ གསོ་བའི་སློབ་སྟོན་གྱི་དོན་ལས་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་གི་སྐོར་ལས་ གྲོས་འཆར་བཙུགས་དགོཔ་སྦེ་སླབ་སྟེ་འདུག

ནང་འཁོད་གནམ་གྲུ་ འཕུར་འགྲུལ་འབད་ནི་དོན་ལས་ གྲོས་འབུལ་ཁག་༤་ཕུལ་ཡོདཔ།

༉ དངུལ་རྩིས་ལྷན་ཁག་དང་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ ཤུལ་མའི་བདུན་ཕྲག་ནང་ལས་ འབྲུག་མཁའ་འགྲུལ་གྱི་ ནང་འཁོད་ཀྱི་གནམ་འགྲུ་ འཕུར་འགྲུལ་འབད་ནི་གི་དོན་ལས་ ཐག་བཅད་བཟོ་ནི་ཨིན་མས།