རྫོང་ཁ། | ཨིང་ལིཤ། གཟའ་ཉི་མ། ༢༠༡༨ ཟླ་༡ པའི་སྤྱི་ཚེས་༢༠

Archive for: སྤྱི་ཟླ་༡༠ པའི་ཚེས་, ༢༠༡༧

སྐྱབས་རྗེ་མཆོག་གིས་ སྔོན་འགྲོ་ཚོགས་བཞི་གི་མཐོང་གྲོལ་ བཀྲིས་རབ་གནསམཛད་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ ཐིམ་ཕུག་ ཀུན་གསལ་ཕོ་བྲང་ནང་ལུ་སྦེ་ སྔོན་འགྲོ་ཚོགས་བཞི་གི་མཐོང་གྲོལ་ བཀྲིས་རབ་གནས་མཛད་གནང་ཡི།

མང་སྡེ་ཆུ་ལས་འགུལ་གྱི་ལཱ་ཚུ་ འཆར་གཞི་དང་འཁྲིལ་ཏེ་ མཇུག་བསྡུ་བའི་བསྒང་།

༉ ཀྲོང་གསར་ མང་སྡེ་ཆུ་གློག་མེ་ལས་འགུལ་ནང་ལུ་ ཧེཌ་རཱེསེ་ཊ་ནལ་ཟེར་ ས་འོག་ཆུའི་ལམ་ སེལ་ནི་གི་དོན་ལས་ ས་བརྐོ་ནི་གི་ལཱ་འདི་མཇུག་བསྡུ་མི་དང་འབྲེལ་ ལས་འགུལ་འདི་གི་ལཱ་ བརྒྱ་ཆ་༩༠་དེ་ཅིག་ མཇུག་བསྡུཝ་ཨིན་མས།

ཚོང་འབྲེལ་གྱི་ཐབས་ཤེས་ཀྱི་ འགྲན་བསྡུར་ལས་རིམ།

༉ ཕུན་ཚོགས་གླིང་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ ཊེག་ཨིས་ཊར་ཨིས་ཊད་ཨབ་ཝི་ཀེནཌ་ཟེར་ ཚོང་འབྲེལ་གྱི་ཐབས་ཤེས་བཏོན་ནི་གི་ འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་ས་ལས་ བཱན་ཌལ་ཌོཊ་བི་ཊི་ཟེར་ ཡོངས་འབྲེལ་ཐོག་ ལག་རྟགས་ཚུ་སྐྱེལ་ནི་གི་ ཐབས་རིག་འདི་གིས་ དྲག་ཤོས་ཐོན་ཏེ་འདུག

མི་དབང་མངའ་ཞབས་མཆོག་གིས་ ནངས་པ་ རྒྱ་གར་ལུ་ ཆིབས་སྐྱོད་གནང་ནི།

༉ རྒྱ་གར་གི་སྲིད་བློན་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ དེ་ལས་ མི་དབང་རྒྱལ་སྲས་མཆོག་ ནངས་པ་ རྒྱ་གར་རྒྱལ་ཁབ་ནང་ལུ་ ཆིབས་སྐྱོད་གནང་ནི་ཨིན་མས།

མི་དབང་མངའ་ཞབས་མཆོག་གིས་ ཆུ་ཁ་རྫོང་ཁག་གི་ཚེས་བཅུ་ནང་ལུ་དབུ་བཞུགས།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ ཆུ་ཁ་རྫོང་ཁག་གི་ ཚེས་བཅུའི་ནང་ལུ་ དབུ་བཞུགས་མཛད་གནང་ཡི།

བློན་ཆེན་ལུ་ན་སྒོར་སློབ་གྲྭ་འདི་ སློབ་གྲྭ་ལྟེ་བ་ལུ་ ཡར་སེང་འབད་དགོ་པའི་ཞུ་བ།

༉ བློན་ཆེན་དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ མོང་སྒར་སི་ལམ་སྦིས་ཀྱི་མི་སེར་ཚུ་ལུ་ ན་སྒོར་འབྲིང་རིམ་སློབ་གྲྭ་བར་མ་འདི་ སློབ་གྲྭ་ལྟེ་བ་ལུ་ ཡར་སེང་འབད་ནི་གི་འོས་འབབ་ཚུ་ བལྟ་ནི་ཟེར་གསུང་གནང་ཡི།

སྒྲུབ་ཁང་མཐོང་འགྲོལ་གྱི་མཇལ་ཁ།

༉ རིང་ཚད་ ཕིཏ་༤༧་འབད་མི་ སྒྲུབ་ཁང་མཐོང་འགྲོལ་འདི་ ཐིམ་ཕུག་ ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མའི་སྐུ་འདུན་ལུ་སྦེ་ མི་མང་ལུ་ མཇལ་ཁ་གནང་ནི་གི་དོན་ བཅའ་སྒྲིག་ཚུ་ བརྐྱབ་པའི་བསྒང་ར་ཡོདཔ་ཨིན།

རྫོང་ཁའི་ཐོག་ལས་རྩིས་ཐོ་བཞག་ནི་གི་སྦྱོང་བརྡར།

༉ པདྨ་དགའ་ཚལ་རྫོང་ཁག་ནང་ལུ་ཡོད་པའི་ མི་སེར་སོ་ནམ་པའི་སྒོ་ནོར་སྡེ་ཚན་དང་ མཉམ་ལས་ཚོགས་པ་ཚུ་གིས་ ད་ལས་ཕར་ རང་སོའི་སྡེ་ཚན་ནང་ལུ་ རྩིས་ཐོ་ཚུ་བཞག་ཚུགས་ནི་ཨིན་མས།

མི་སེར་སོ་ནམ་པ་ཅིག་གིས་ ཇ་ཨམ་བཟོ་ནི་ལུ་དང་འདོད།

༉ ཆུ་ཁ་རྫོང་ཁག་ནང་ལུ་ མི་སེར་སོ་ནམ་པ་མང་ཤོས་ཅིག་གིས་རང་ འཚོ་བའི་དོན་ལུ་ ཨ་ལཱན་ཅི་དང་ཀེ་བ་ དེ་ལས་ ཤིང་འབྲས་ཀྱི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་རུང་ དཔགས་ཤིང་ཁ་གཡུས་ཚན་ནང་ལས་ མི་སེར་སོ་ནམ་པ་ཅིག་གིས་ ཇ་ཨམ་བཟོ་ནི་གི་ལཱ་འབད་དེ་འདུག

ལམ་གྱི་གནས་སྟངས་ལས་བརྟེན་ ཀེ་བའི་ཚོང་འབྲེལ་ལུ་གདོང་ལེན།

༉ དབང་འདུས་ཕོ་བྲང་རྫོང་ཁག་ མཁོ་ལྟོ་ཁ་གཡུས་ཁའི་ མི་སེར་སོ་ནམ་པ་ཚུ་གི་དོན་ལས་ ཁོང་རའི་ཀེ་བ་ཚུ་ ཚོང་འབྲེལ་འཐབ་སའི་ས་སྒོ་ཚན་ཚོད་ སྐྱེལ་འདྲེན་འབད་བའི་སྐབས་ སྣུམ་འཁོར་གླ་ཁར་ལེན་ནི་འདི་ གདོང་ལེན་ཅན་ཅིག་སྦེ་འཐོན་ཏེ་འདུག