རྫོང་ཁ། | ཨིང་ལིཤ། གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

Archive for: སྤྱི་ཟླ་༩ པའི་ཚེས་, ༢༠༡༧

ཨ་ལོའི་ཨའི་དང་ཨ་ལོ་ཚུ་གི་གནས་ཐོ་བཞག་ནི་གི་ ཡོངས་འབྲེལ་ལམ་ལུགས།

༉ ད་རེས་ཀྱི་ཟླཝ་ནང་ལས་འགོ་བཙུགས་ཏེ་ གསོ་བའི་ལྷན་ཁག་གིས་ རྒྱལ་ཁབ་ནང་ལུ་ ཨ་ལོའི་ཨའི་དང་ ཨ་ལོ་ཚུ་གི་ གནས་ཐོ་བཞག་ནི་གི་ ཡོངས་འབྲེལ་ལམ་ལུགས་འདི་ ལག་ལེན་འཐབ་ནི་འགོ་བཙུགས་ནི་ཨིན་མས།

ཀཱི་རཊ་དར་མཱ་འཛིན་མི་ཚུ་གིས་ སྲོག་བཅད་ཀྱི་ལཱ་ཚུ་ སྤང་ནི་གི་ཁས་བླངས།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལུ་ ཁ་ཙ་ ཐིམ་ཕུག་ ཀུན་གསལ་ཕོ་བྲང་ལུ་སྦེ་ ནམ་མཁའི་སྙིང་པོ་རིན་པོ་ཆེ་གིས་ སྐུ་གསུང་ཐུགས་ཀྱི་མནྜལ་ ཕུལ་ཡི།

འབྲུག་ལུ་ མགྱོགས་པ་རང་ ཀཱོ་རི་ཡ་གི་ཁས་བླངས་ལས་རིམ་ཡིག་ཚང་ཅིག་ སྒོ་ཕྱེ་ནི།

༉ ཀཱོ་རི་ཡན་ཁས་བླངས་ལས་རིམ་ཡིག་ཚང་འདི་ཡང་ འབྲུག་དང་ ཀཱོ་རི་ཡ་གི་བར་ན་ དོན་གཅོད་ཀྱི་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༣༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ནི་དོན་ལུ་ཨིན་མས།

སྟང་སི་སྦྱིས་ལུ་ ཚོང་འབྲེལ་ལྟེ་བ་ཅིག་བརྐྱབ་ནི།

༉ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་རྒེད་འོག་ནང་ལུ་ སང་ཕོད་ལོ་འགོ་བཙུགས་ཁམས་ཅིག་ལས་ ཚོང་འབྲེལ་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིན་མས།

འབྲུག་མཉམ་རུབ་ཚོགས་པ་གིས་ མཐོ་གཏུག་ཞུ་མིའི་ ཁུངས་གསལ་སྙན་གསན་མཛད་ཡོདཔ།

༉ ད་རིས་ ཆེ་མཐོའི་ཁྲིམས་ཀྱི་འདུན་ས་གིས་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་གི་ཁ་ཐུག་ལས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་མ་འཁྲིལ་བ་ ཁྲལ་དགོངས་ཡང་གནང་མི་གི་གནད་དོན་གྱི་སྐོར་ལས་ མཐོ་སའི་བཀའ་དམ་གྱི་ མཐོ་གཏུག་ཞུ་མི་གི་ཐོག་ལུ་ ཁུངས་གསལ་གྱི་ སྙན་གསན་ལས་རིམ་འདི་ འགོ་འདྲེན་འཐབ་ཅི།

རྒྱལ་ཁབ་ནང་འཁོད་རང་ ཨེན་ཊི་ཌོ་པིང་གི་བརྟད་དཔྱད་ལས་རིམ་འགོ་བཙུགས་ཚུགས་པ་ཅིན།

༉ རྒྱལ་ཁབ་ནང་ལུ་ཡོད་པའི་ རྩེད་རིག་ཚོགས་པ་ལ་ལུ་ཅིག་གིས་འབད་བ་ཅིན་ འབྲུག་ཨེན་ཊི་ཌོ་པིང་ཚོགས་ཆུང་གིས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་དང་ཅིག་ཁར་ ལུས་རྩལཔ་ཚུ་གིས་ སྨྱོ་རྫས་ལག་ལེན་འཐབ་སྟེ་ཡོདཔ་མེདཔ་ བརྟག་དཔྱད་འབད་ནི་ལུ་ མཉམ་འབྲེལ་འབད་དགོཔ་འདུག་ཟེར་ཨིན་མས།

མི་རྒས་ཤོས་ཚུ་ལུ་ སེམས་ཁམས་ཀྱི་ནད་གཞི་ཐོབ་ནི་གི་ ཉེན་ཁག་ཡོདཔ།

༉ འབྲུག་མི་རྒས་ཤོས་ཚུ་གི་ནང་འཁོད་ སེམས་ཁམས་དང་འབྲེལ་བའི་ ནད་གཞི་ཐོབ་མི་འདི་ ཁྱབ་ཆེཝ་སྦེ་རང་འདུག་ཟེར་ཨིན་མས།

ཁྲུས་བབས་ཀྱི་ཉིནམ་ལུ་ གཟུགས་ཚུ་ཆུ་འཁྱུ་བ་ཅིན་ སྒྲིབ་པ་སྦྱང་ནི་དང་ རྐྱེན་བར་ཆད་བཀག་ནི་ལུ་ ཕནས་ཐོགས།

༉ རྒྱལ་ཁབ་མཐའ་དབུས་མེད་པའི་ ས་གནས་ཚུ་ནང་ལུ་ ནངས་པ་ ཁྲུས་འབབ་གི་ཉིནམ་ རྩིས་སྲུང་འབད་ནི་ཨིན་མས།

གནམ་བྱཱར་གི་སྐབས་ལུ་ དགེ་ལེགས་ཕུག་གི་ ཟླཝ་ལ་རོང་ཆུ་བྲེས་མི་ལས་བརྟེན་ ཨ་རིང་ཀེ་ཀར་༢༠ དེ་ཅིག་ལུ་གནོད་རྐྱེན།

༉ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་རྒེད་འོག་ནང་ལུ་ཡོད་པའི་ ཟླཝ་ལ་ཆུ་འབྲེས་མི་ལུ་བརྟེན་ དཔལ་རི་ཐང་ཁ་སྟོད་དང་ ཁ་སྨད་གཡུས་ཚན་གྱི་འབྱ་ཞིང་འདི་ ལོ་བསྟར་བཞིན་དུ་ འཕྱག་འབག་དོ་ཡོདཔ་ཨིན་མས།

རྒས་ཤོས་མང་ཤོས་ཅིག་གིས་རང་ ཏི་རུ་མ་བསག་པར་ཡོདཔ།

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ཞིབ་འཚོལ་སྙན་ཞུ་དང་འཁྲིདཔ་ད་ འབྲུག་མི་ རྒས་ཤོས་མང་ཤོས་ཅིག་ལུ་རང་ དངུལ་གསོག་འཇོགས་འབད་ནི་གི་ལང་ཤོར་ མེདཔ་སྦེ་མཐོང་ནུག