རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

Archive for: སྤྱི་ཟླ་༨ པའི་ཚེས་, ༢༠༡༧

མགར་ས་རྫོང་ཁག་གི་ རྫོང་ཁག་གོང་འཕེལ་ལྟེ་བ།

༉ དཔལ་འབྱོར་གོང་འཕེལ་ མགྱོགས་དྲག་སྦེ་བཏང་ནི་གི་དོན་ལས་ མགར་ས་རྫོང་ཁག་གིས་ ཁ་ཙ་ རྫོང་ཁག་གོང་འཕེལ་ལྟེ་བ་འགོ་དང་པ་འདི་ ཁ་སྟོད་རྒེད་འོག་ནང་ལུ་ འགོ་འབྱེད་འབད་ཡི།

མི་དབང་རྒྱལ་ཡུམ་སྐུ་བགྲེས་མཆོག་གིས་ བཀའ་འགྱུར་ལྗག་ལུང་ཞུ་མི་ཚུ་ལུ་ ཉི་མའི་ལྟོ་ཁ་ཅིག་གནང་ཡོདཔ།

༉ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ད་རིས་ ཐིམ་ཕུག་ ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལས་ བཀའ་འགྱུར་ལྗག་ལུང་ཞུ་མི་ དད་མོས་ཅན་གྱི་མི་སེར་ཚུ་ལུ་ ཉི་མའི་ལྟོ་ཁ་ཅིག་གནང་ཡི།

བློན་ཆེན་གྱིས་ དབང་འདུས་ཕོ་བྲང་གི་མི་སེར་ཚུ་དང་ཕྱད་གནང་ཡོདཔ།

༉ བློན་ཆེན་ དྲག་ཤོས་ ཚེ་རིང་སྟོབས་རྒྱས་ཀྱིས་ དབང་འདུས་ཕོ་བྲང་ལུ་ ན་ཧི་དང་དཀའ་གཞི་ དེ་ལས་ སྦྱེ་ནག་དང་ ཕང་ཡུལ་རྒེད་འོག་གི་ མི་སེར་ཚུ་དང་ཅིག་ཁར་ འཕྱད་གནང་པའི་སྐབས་ལུ་ སོ་ནམ་ཞིང་ལམ་ཚུ་གི་གནས་སྟངས་ སྐྱོ་དྲག་སྦེ་ཡོད་མི་དང་ ཆུ་མ་ལང་པའི་དཀའ་ངལ་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག

འབྲུག་ཕུན་སུམ་ཚོགས་པ་གིས་ སང་ཕོད་ཀྱི་བཙག་འཐུ་ནང་ལུ་ བཅའ་མར་གཏོགས་ནི།

༉ འབྲུག་ཕུན་སུམ་ཚོགས་པ་གིས་བཀོད་མི་ནང་ ཁོང་ཆ་ཁྱབ་ཀྱིས་ སང་ཕོད་ཀྱི་བཙག་འཐུ་ནང་ལུ་ ངེས་པར་དུ་ བཅའ་མར་གཏོགས་འོང་ཟེར་ཨིན་མས།

སྤ་རོ་ལུ་ གསེར་ཀེ་ཇི་ཕྱད་ད་༡༢་དེ་ཅིག་གཞུང་བཞེས་འབད་ཡོདཔ།

༉ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ལུ་ ད་ས་དྲོ་པ་ ཅ་དམ་འགོ་དཔོན་ཚུ་གིས་ རྒྱལ་ཁབ་ནང་ལུ་ གསེར་ཡུདཔ་ཅིག་ ཀེ་ཇི་ཕྱད་ད་༡༢་དེ་ཅིག་ འབག་འོང་ནི་གི་དཔའ་བཅམ་ཡོད་པའི་དོགས་པ་ལས་བརྟེན་ཏེ་ འབྲུག་པའི་ཕོ་སྐྱེས་གཉིས་བཟུང་ནུག

ཁོ་ལོང་ཆུ་གློག་མེ་ལས་འགུལ་ནང་ ལཱ་གཡོག་མང་སུ་ ས་གནས་ཀྱི་མི་ཚུ་ལུ་འབྱིན་དགོཔ།

༉ བཀྲིས་གཡང་རྩེ་གི་མི་སེར་ཚུ་གིས་འབད་བ་ཅིན་ ཁོ་ལོང་ཆུ་གློག་མེ་ལས་འགུལ་གྱིས་ ལཱ་གཡོག་གི་གོ་སྐབས་འདི་ མང་ཤོས་ཅིག་རང་ ས་གནས་ཀྱི་མི་སེར་ཚུ་ལུ་རང་ འབྱིན་དགོཔ་འདུག་ཟེར་ཨིན་མས།

གསེར་སྦྱང་གསོ་མི་ཚུ་ལུ་ གྱོག་མོ་གིས་ གནོད་སྐྱོན་རྐྱབ་དོ་ཡོདཔ།

༉ བསམ་རྩེ་ རྡོ་ཕུག་ཅན་རྒེད་འོག་ནང་ལུ་ གསེར་སྦྱང་གསོ་སྐྱོང་འབད་མི་མི་སེར་སོ་ནམ་པ་ཚུ་ལུ་ གྱོག་མོ་གི་རིགས་ ངོས་འཛིན་འབད་མ་ཚུགས་པར་ཡོད་མི་ཅིག་གིས་ གནོད་སྐྱོན་བརྐྱབ་སྟེ་འདུག

སྐྱེལ་ལོ་༧༠་ལང་མི་གིས་ཡང་ གཉའ་རྒོད་འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ།

༉ རྩི་རང་ལུ་ ཁ་ཙ་ གཉའ་རྒོད་འགྲན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ མི་ལྔ་གི་དོ་འགྲན་འབད་ས་ལས་ ཅིག་འདི་ སྐྱེལ་ལོ་༧༠་ལང་མི་ བསོད་ནམས་ཚེ་རིང་ཏ་མང་ཨིན།

རྫོང་ཁག་༧་གྱིས་ རྫོང་ཁག་གོང་འཕེལ་གནང་འབྱིན་མ་དངུལ་ ལམ་སྟོན་དང་འཁྲིལ་ཏེ་ ལག་ལེན་མ་འཐབ་པར་ཡོདཔ་སྦེ་མཐོང་ཡོདཔ།

༉ ཆུ་ཁ་དང་ཧཱ་ སྤ་རོ་དང་བསམ་རྩེ་ དེ་ལས་ རྩི་རང་དང་དར་དཀར་ན་ འདི་བཟུམ་སྦེ་ དབང་འདུས་ཕོ་བྲང་རྫོང་ཁག་༧་གྱི་ནང་ལུ་ རྫོང་ཁག་གོང་འཕེལ་གནང་འབྱིན་མ་དངུལ་ ཆ་འཇོག་འབད་ནི་གི་ཐད་ཁར་ ལམ་སྟོན་དང་འཁྲིལ་ཏེ་ མ་འབད་བར་ཡོདཔ་སྦེ་ཨིན་མས།

གཞུང་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ ལས་འཛིན་འབད་བཟོ་གི་རྩིས་བརྐྱབ་མི་ལུ་ ལྡོགས་ཕྱོགས་ཚོགས་པ་གིས་ བཀག་ཆ་འབད་དགོཔ་སྦེ་བཀོད་དོ་ཡོདཔ།

༉ འབྲུག་ཕུན་སུམ་ཚོགས་པ་གིས་བཀོད་མི་ནང་ གཞུང་གིས་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འདི་ ལས་འཛིན་ཅིག་སྦེ་བཟོ་གི་རྩིས་བརྐྱབ་མི་འདི་ བཀག་ཆ་འབད་དགོཔ་སྦེ་ཨིན་མས།