རྫོང་ཁ། | ཨིང་ལིཤ། གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

Archive for: སྤྱི་ཟླ་༧ པའི་ཚེས་, ༢༠༡༧

ཕོརཔ་ལྟོ་རས་ཀྱི་ལམ་སྲོལ་ཉམས་སྲུང་དང་འབྲེལ་ བཀྲིས་གཡང་རྩེ་གི་སློབ་གྲྭ་ཚུ་ནང་ལས་ཕར་ ཕྲལ་ཕྲལ་ལག་ལེན་འཐབ་བཅུག་ནི།

༉ ཕོརཔ་ལྟོ་རས་ཀྱི་ལམ་སྲོལ་འདི་ ཉམས་སྲུང་འབད་ནི་གི་དོན་ལས་ བཀྲིས་གཡང་རྩེ་རྫོང་ཁག་འོག་གི་སློབ་ཕྲུག་ཚུ་ལུ་ ཕྲལ་ཕྲལ་འབད་རང་ ཕོརཔ་ལྟོ་རས་ ལག་ལེན་འཐབ་བཅུག་ནི་ཨིན་མས།

རྒྱལ་ཁབ་ནང་ལུ་ དྲུགཔ་ཚེས་བཞི་གི་ དུས་བཟང་ཁྱད་པར་ཅན་འདི་ བརྩི་སྲུང་ཞུ་ཡོདཔ།

༉ ད་རིས་ རྒྱལ་ཁབ་ནང་ལུ་ དྲུགཔ་ཚེས་བཞི་ཟེར་ དུས་བཟང་ཁྱད་པར་ཅན་ བརྩི་སྲུང་ཞུ་ནི་གི་དོན་ལུ་ གཞུང་གི་ཡིག་ཚང་དང་སྤེལ་ཁང་ཚུ་ག་ར་ ངལ་གསོ་སྦེ་བཞག་གནང་ཡི།

ས་གཞི་ཉམས་འགྱོ་བའི་གནད་དོན་འདི་ རྒྱལ་ཁབ་མང་ཤོས་ཅིག་ནང་ལུ་རང་ འཐོན་ཏེ་ཡོདཔ།

༉ ས་གཞི་ཉམས་འགྱོ་བའི་གནད་དོན་འདི་ འཛམ་གླིང་ནང་གི་རྒྱལ་ཁབ་མང་ཤོས་ཅིག་ནང་ལུ་རང་ འཐོན་ཏེ་ཡོད་མི་དང་འབྲེལ་ འབྲུག་རྒྱལ་ཁབ་རྩིས་ཏེ་ རྒྱལ་ཁབ་མང་ཤོས་ཅིག་གིས་རང་ སྤྱི་ལོ་༢༠༣༠་ཀྱི་ནང་འཁོད་ ས་གཞི་མི་ཉམས་གནས་ཚད་ཁར་བཞག་ནི་ནང་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན།

པདྨ་དགའ་ཚལ་ལུ་ ན་གཞོན་བུམོ་སྡེ་ཚན་གཅིག་གིས་ སོ་ནམ་གྱི་ལཱ་འབད་དོ་ཡོདཔ།

༉ ད་རེས་ནངས་པ་ རྒྱལ་ཁབ་ནང་གི་ ན་གཞོན་མང་ཤོས་ཅིག་གིས་ གོ་སྐབས་ལེགས་ཤོམ་ཚུ་འཚོལ་ཏེ་ ཁྲོམ་ཁ་ལུ་ འོང་དོ་ཡོདཔ་ཨིན།

ཧིན་དུའི་ཆོས་ལུགས་འཛིན་མི་ཚུ་གི་དོན་ལུ་ ད་རེས་ཀྱི་ཟླཝ་འདི་ ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ།

༉ ཧིན་དུ་གི་ནང་ལུ་ ད་རེས་ཀྱི་ཟླཝ་འདི་ ཤ་ར་ཝཱན་ཟེར་ ལྷ་དབང་ཕྱུག་ལུ་ གསོལཝ་བཏབ་ནི་གི་ ཟླཝ་ཁྱད་པར་ཅན་ཅིག་སྦེ་ བརྩིཝ་ཨིན།

སྐྱབས་རྗེ་མཆོག་གིས་ ཀུན་ལེགས་དཔལ་འབྱོར་ལུ་ འཆམ་སློབ་གོང་མའི་བདག་རྐྱེན་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ ཐིམ་ཕུག་ བཀྲིས་ཆོས་རྫོང་ནང་ལུ་སྦེ་ དབང་འདུས་ཕོ་བྲང་ དགའ་སེང་མཚོ་གོངམ་ལས་འབད་མི་ སློབ་ཀུན་ལེགས་དཔལ་འབྱོར་ལུ་ འཆམ་སློབ་གོང་མའི་བདག་རྐྱེན་གནང་ཡི།

བློན་ཆེན་གྱིས་ ཧཱ་རྫོང་ཁག་ནང་ལུ་ གཟིགས་ཞིབ་གནང་ཡོདཔ།

༉ བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ གོང་འཕེལ་གྱི་གྲུབ་འབྲས་ཚུ་ གཟིགས་ཞིབ་གནང་ནི་གི་དོན་ལས་ ཁ་ཙ་ ཧཱ་རྫོང་ཁག་ནང་ལུ་ གཟིགས་བསྐོར་གནང་ནུག

ཨིས་པཱས་མོ་ པོ་རོཀ་སི་བཱོན་པལཱས་ ཁྲིམས་འགལ་ཐོག་ནག་ཚོང་འཐབ་ཡོད་པའི་ ཉེས་ཁྲིམ་ཕོག་མི་ཚུ་གིས་ ད་རེས་ཐེངས་ཅིག་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་ སྒྲིག་ཐ་ཆོགཔ།

༉ མངོན་མཐོའི་ཁྲིམས་ཀྱི་འདུན་ས་ལས་གནང་མི་ འཁྲུན་ཆོད་དང་འཁྲིལཔ་ད་ ད་རེས་ཚུན་ཚོད་ཀྱི་བར་ན་ ན་གཟུགས་མར་ཕབ་འབད་ནི་གི་ སྨན་སྦེ་ལག་ལེན་འཐབ་ཏེ་ཡོད་མི་ ཨིས་པཱས་མོ་ པོ་རོཀ་སི་བཱོན་པལཱས་ ཟེར་མི་འདི་ ཁྲིམས་འགལ་ཐོག་ནག་ཚོང་འཐབ་ཡོད་པའི་ ཉེས་ཁྲིམ་ཕོག་མི་ཚུ་གིས་ ཐེངས་ཅིག་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་ སྒྲིག་ཐ་ཆོགཔ་སྦེ་ཨིན་མས།

ནང་པའི་སྨན་རིག་གི་ནང་ལུ་ གཙུག་ལག་གོང་མའི་ཤེས་ཡོན།

༉ ཐིམ་ཕུག་ལུ་ཡོད་པའི་ ནང་པའི་གསོ་བ་རིག་པའི་སློབ་ཚོགས་ཀྱིས་ ད་རེས་འགོ་དང་པ་ ནང་པའི་སྨན་རིག་གི་ནང་ལུ་ གཙུག་ལག་གོང་མའི་ཤེས་ཡོན་བྱིན་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན།

འབྱུང་བཞི་འབུམ་ཐེར་བསག་གནང་དོ་ཡོདཔ།

༉ ཐིམ་ཕུག་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ལུ་ ཉིནམ་ལྔ་གི་འབྱུང་བཞི་འབུམ་ཐེར་འདི་ བསག་གནང་པའི་བསྒང་རང་འདུག