རྫོང་ཁ། | ཨིང་ལིཤ། གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

Archive for: སྤྱི་ཟླ་༦ པའི་ཚེས་, ༢༠༡༧

སེམས་རྟོགས་ཁ་ལས་ དབང་འདུས་ཕོ་བྲང་གི་བར་ནའི་གཞུང་ལམ་ རྒྱ་སྐྱེད་འབད་ཚར་ཏེ་ཡོད་མི་འདི་ འགོ་འབྱེད་འབད་ཡོདཔ།

༉ ཐིམ་ཕུག་ལས་ བཀྲིས་སྒང་གི་བར་ནའི་གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འགོ་འདྲེན་འཐབ་པའི་བསྒང་ཡོད་ས་ལས་ སེམས་རྟོགས་ཁ་ལས་ དབང་འདུས་ཕོ་བྲང་གི་བར་ནའི་གཞུང་ལམ་རྒྱ་སྐྱེད་འབད་ཚར་ཏེ་ཡོད་མི་འདི་ གཞུང་འབྲེལ་དུ་ འགོ་འབྱེད་འབད་ཡི།

ཚོད་བསྲེ་བཙོང་སའི་ས་སྒོ་ནང་ལས་ ཁང་གླ་བསྡུ་མི་ལུ་ ཚོང་བརྐྱབ་མི་ཚུ་སེམས་མ་དགའཝ།

༉ བུམ་ཐང་ཁྲོམ་སྡེ་ངོ་ཚབ་ཡིག་ཚང་གི་ཁ་ཐུག་ལས་ ལྕམ་མཁར་ཁྲོམ་ཁ་ལུ་ ཚོད་བསྲེ་བཙོང་སའི་ས་སྒོ་ནང་ལས་ ཁང་གླ་བསྡུ་ནི་འགོ་བཙུགས་མི་ལུ་བརྟེན་ཏེ་ ཚོད་བསྲེ་བཙོང་སྡོད་མི་ཚུ་ སེམས་དང་མ་ལྡན་པར་འདུག

གློག་པར་བཏབ་ནི་གི་འཕྲུལ་ཆས་ཡོད་རུང་ གཡོག་བཀལ་མ་ཚུགས་པར་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ལུ་ཡོད་པའི་ གསོ་བའི་གཞི་རྟེན་སྨན་ཁང་ནང་ལུ་ ཨེག་རེ་ཟེར་ གློག་པར་བཏབ་ནི་གི་འཕྲུལ་ཆས་ཐོབ་སྟེ་ ལོ་ལྷག་སོང་རུང་ ད་ལྟོའི་བར་ན་ཡང་ ཞབས་ཏོག་ཚུ་ འབྱིན་མ་ཚུགས་པར་འདུག

བསམ་རང་འདི་ ཨམ་ཅུ་ཀུ་ལི་ཐོན་སའི་གཡུས་ཅིག་སྦེ་བཟོ་ནི།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་རང་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ འོང་འབབ་བཟོ་ནི་གི་དོན་ལས་ ཨམ་ཅུ་ཀུ་ལི་གི་ཤིང་བཙུགས་ནི་ འགོ་བཙུགས་ཏེ་འདུག

མི་རྗེ་བློན་ཆེན་དང་དངུལ་འབྲེལ་སེམས་ཤུགས་འཐུན་རྐྱེན་གྱི་དྲི་ལན།

འབྲུག་གི་དངུལ་འབྲེས་སེམས་ཤུགས་འཐུན་རྒྱེན་༢༠༡༧་ཅན་མ་འདི་ གཙུག་སྡེ་དང་མི་སྡེ་དེ་ལས་སྲིད་དོན་ཚོགས་པ་ཚུའི་བར་ནང་ རྩོད་བསྡུར་གྱི་གཞི་ཅིག་ལུ་འགྱུར་འདི་ཡོད་པའི་གནད་དོན་འདི༌གི༌སྐོར༌ལས༌ མི༌རྗེ༌བློན༌ཆེན༌དྲགོས༌ཚེ༌རིང༌སྟབས༌རྒྱས༌དང༌དྲི༌ལན།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤྱན་རས་གཟིགས་ཀྱི་དབང་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ ཆུ་ཁ་རྫོང་ཁག་ དར་ལ་རྒེད་འོག་གི་ རིན་ཆེན་རྩེ་ལྷ་ཁང་ནང་ལུ་ སྤྱན་རས་གཟིགས་ཀྱི་དབང་གནང་ཡི།

བུམ་སྡེ་གླིངལུ་ ཆུ་རུད་ཀྱིས་གནོད་སྐྱོན།

༉ བཀྲིས་གཡང་རྩེ་ བུམ་སྡེ་གླིང་རྒེད་འོག་ནང་ལུ་ ཁ་ཙ་ཕྱི་རུ་ ཆུ་རུད་ཅིག་ཐོན་པའི་ཤུལ་ སྣུམ་འཁོར་ཐལ་བའི་ཟམ་༣་དང་ རྐང་ཟམ་༢་འཕྱག་འབག་ནུག

སྤྱི་ལོ་༢༠༡༥་གི་ ནང་ཁྲལ་གྱི་དངུལ་ཚབ་ དངུལ་ཀྲམ་ ས་ཡ་སྟོང་ཕྲག་༣་དེ་ཅིག་ཐོབ་ཡོདཔ།

༉ འབྲུག་རྒྱལ་ཁབ་ཀྱིས་ ད་རིས་ རྒྱ་གར་གཞུང་ལས་ སྤྱི་ལོ་༢༠༡༥་གི་ ནང་ཁྲལ་གྱི་དངུལ་ཚབ་སྦེ་ དངུལ་ཀྲམ་ ས་ཡ་སྟོང་ཕྲག་༣་དེ་ཅིག་གི་རྩིས་ཐོབ་ཅི།

སློབ་དཔོན་ཚུ་ལུ་ ཨིང་སྐད་ཀྱི་ཁྱད་རིག་གོང་འཕེལ་གྱི་སྦྱོང་བརྡར།

༉ རྒྱལ་ཁབ་ནང་གི་སློབ་དཔོན་ཚུ་ལུ་ ཨིང་སྐད་ཀྱི་ཐོག་ལས་ འབྲེལ་བ་འཐབ་ནི་གི་རིག་རྩལ་ ཡར་དྲག་བཏང་ནི་གི་དོན་ལས་ ཐིམ་ཕུག་ལུ་སྦེ་ ད་རིས་ལས་ ཨིང་སྐད་ཀྱི་ཁྱད་རིག་གོང་འཕེལ་གྱི་སྦྱོང་བརྡར་ལས་རིམ་ཅིག་ འགོ་བཙུགས་ཏེ་ཡོདཔ་ཨིན།

པདྨ་དགའ་ཚལ་ལུ་ ཚལ་མའི་བྱི་ལི་གིས་ བྱ་བསད་ཡོདཔ།

༉ པདྨ་དགའ་ཚལ་ མཁར་རྒེད་འོག་ནང་ལུ་ ཚལ་མ་ནང་གི་བྱི་ལི་གི་རིགས་ཅིག་ཨིན་མི་ སེམས་ཅན་གྱིས་ བྱ་གསོ་སྐྱོང་ཁང་གཅིག་གི་ནང་ལུ་ བྱ་བརྒྱ་ལྷགཔ་ཅིག་ བསད་དེ་འདུག