རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

Archive for: སྤྱི་ཟླ་༥ པའི་ཚེས་, ༢༠༡༧

ཤེས་རབ་དགའ་ཚལ་འབྲིང་རིམ་སློབ་གྲྭ་འོག་མ་ནང་ལུ་ ཉལ་ཁྱིམ་གསརཔ་ཐོབ་སྟེ་ཡོདཔ།

༉ བསམ་རྩེ་ ཤེས་རབ་དགའ་ཚལ་འབྲིང་རིམ་སློབ་གྲྭ་འོག་མ་ནང་ལུ་ ཉལ་ཁང་གསརཔ་བརྐྱབ་ཚར་ཏེ་ཡོདཔ་ལས་ སློབ་ཕྲུག་ཚུ་གི་གནས་སྟངས་འདི་ ལེགས་ཤོམ་འགྱོ་སྟེ་འདུག

འབྲུག་གི་དངུལ་ཁང་གིས་ སློབ་གྲྭ་གཅིག་ལུ་རྒྱབ་སྐྱོར།

༉ འབྲུག་གི་དངུལ་ཁང་གིས་ ཐིམ་ཕུག་ འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བ་ལུ་ ཉི་མའི་ལྟོ་བྱིན་ནི་གི་ལས་རིམ་དང་ བསླབ་སྟོན་ལས་རིམ་ཚུ་ལུ་ རྒྱབ་བསྐྱོར་འབད་ནིའི་དོན་ལས་ དངུལ་ཀྲམ་འབུམ་ཕྱེད་ད་༤་བྱིན་ཡོདཔ་ཨིན།

གཞུང་ལམ་ཁ་ལུ་ སྣུམ་འཁོར་ཐུག་རྐྱེན་འདི་ མི་ཚུ་གི་འཛོལ་བ་ལས་བརྟེན་ཏེ་བྱུང་དོ་ཡོདཔ།

༉ ཐིམ་ཕུག་དང་ཕུན་ཚོགས་གླིང་གི་གཞུང་ལམ་བར་ན་ སྣུམ་འཁོར་ཐུག་རྐྱེན་འདི་ ངོ་མ་རང་ མི་ཚུ་གིས་ སྣུམ་འཁོར་ཤུགས་ཚད་ལས་བརྒལ་བཏང་མི་དང་ སྣང་མེད་སྦེ་བཏང་མི་ དེ་ལས་ འུ་སྡུག་ཐང་ཆད་དེ་བཏང་མི་ཚུ་ལས་བརྟེན་ཏེ་ འབྱུང་དོ་ཡོདཔ་སྦེ་ཨིན་མས།

སློབ་གྲྭ་ཚུ་ནང་ལས་ཕར་ ཟླ་ཁྲག་དང་འབྲེལ་བའི་འཕྲོད་བསྟེན་གྱི་མཐུན་རྐྱེན་ཚུ་ ཡར་དྲག་སོང་སྟེ་ཡོདཔ།

༉ རྒྱལ་ཁབ་ནང་གི་སློབ་གྲྭ་ཚུ་ནང་ལས་ཕར་ ཧེ་མ་དང་ཕྱདཔ་ད་ ད་རེས་ནངས་པར་ ཟླ་ཁྲག་དང་འབྲེལ་བའི་འཕྲོད་བསྟེན་གྱི་དོན་ལས་ ཆབ་གསང་དང་ཆུ་ དེ་ལས་ གཞན་མི་མཐུན་རྐྱེན་ཚུ་ ལེགས་ཤོམ་སྦེ་རང་ ཡོདཔ་སྦེ་ཨིན་མས།

ནདཔ་ཅིག་འབད་རུང་ ཁྱིམ་ཚང་གི་རྒྱབ་སྐྱོར་ལས་བརྟེན་ཏེ་ མི་ཚེ་སྐྱོང་ཚུགས་ཏེ་ཡོདཔ།

༉ རྩི་རང་དང་དར་དཀར་ན་གི་གཞུང་ལམ་ཁར་ ས་གནས་ཐ་ནཱབ་སྦྱིས་ཟེར་ས་ལུ་ གཟུགས་ སྤར་མ་ཚུགསཔ་སྦེ་འགྱོ་སྟེ་ཡོད་མི་ སྐྱེས་ལོ་༤༥ལང་མི་ རིན་ཆེན་བཟངམོ་གིས་ འཚོ་བ་ཚུ་ མོ་རའི་ཁྱིམ་ཚང་ཚུ་གི་གྲོགས་རམ་ལས་བརྟེན་ཏེ་ སྐྱོང་ཚུགས་ཏེ་འདུག

རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་རྩིས་ཞིབ་དཔྱད་ཡིག་༢༠༡༧་ཅན་མ་ཆ་འཇོག་གནང་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་གིས་ ད་རིས་ འབྲུག་གི་རྩིས་ཞིབ་དཔྱད་ཡིག་༢༠༡༧་ཅན་མ་འདི་ ཆ་འཇོག་གནང་སྟེ་ཡོདཔ་ཨིན།

འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན དགོཔ་ཡོདཔ་མེདཔ་གི་གསུང་གྲོས།

༉ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ད་རིས་ སྤན་བང་གི་འཐུས་མི་རྡོ་རྗེ་དབང་འདུས་ཀྱིས་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་འདི་ དགོཔ་ཁག་ཆེཝ་སྦེ་རང་འདུག་ག་ཟེར་བའི་ དྲི་བ་ཞུ་ཡི།

རྒྱལ་ཡོངས་ཚོགས་སྡེ་གིས་ མི་མང་ཉོགས་སེལ་ཞིབ་དཔོན་ཡིག་ཚང་ གཞི་བཙུགས་འབད་ནི་ནང་ལུ་ རྒྱབ་བསྐྱོར་མེདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བདག་སྐྱོང་དང་འབྲེལ་བའི་ རྩོད་རྙོགས་ཚུ་དང་འབྲེལ་བ་འཐབ་ནིའི་དོན་ལས་ ལྷན་ཚོགས་འདི་གི་དོན་ལུ་ མི་མང་ཉོགས་སེལ་ཞིབ་དཔོན་ཡིག་ཚང་གཅིག་ གཞི་བཙུགས་འབད་ནི་གི་ གྲོས་འཆར་ཕུལ་མི་འདི་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ཧོང་ལས་ རྒྱབ་བསྐྱོར་མེདཔ་ཨིན་མས།

འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་གསརཔ་ དྲག་ཤོས་གནས་བརྟན་བཟངམོ།

༉ དྲག་ཤོས་གནས་བརྟན་བཟང་མོ་འདི་ འབྲུག་ཀུན་མཉམ་ཚོགས་པའི་ གཙོ་འཛིན་གསརཔ་ཨིན་མས།

སྐྱབས་རྗེ་མཆོག་གིས་ བླམ་གནས་བརྟན་དང་མཁན་པོ་ཚུ་གསར་བསྐོས་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ ཐིམ་ཕུག་ བཀྲིས་ཆོས་རྫོང་ནང་ལུ་སྦེ་ སྐྱེས་ལོ་༤༨་ལང་མི་ ཚེ་རིང་དཔལ་འབྱོར་འདི་ དར་དཀར་ན་རབ་སྡེ་གི་བླམ་གནས་བརྟན་གསརཔ་སྦེ་ བཀྲིས་ལེགས་དར་གནང་ཡི།