རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

Archive for: སྤྱི་ཟླ་༤ པའི་ཚེས་, ༢༠༡༧

ཨ་ལོ་གཟུགས་སྦོམ་མ་འགྱོ་མི་འདི་ ཟ་འཐུང་གི་རིགས་བྱིན་ནི་གི་སྲོལ་ ལེགས་ཤོམ་མེདཔ།

༉ རྒྱལ་ཡོངས་ཟས་བཅུད་ཀྱི་ཞིབ་འཚོལ་༢༠༡༥ཅན་མ་དང་འཁྲིལཔ་ད་ རྒྱལ་ཁབ་ནང་ལུ་ ཨ་ལོ་གཟུགས་སྦོམ་འགྱོ་མ་བཏུབ་པའི་དཀའ་ངལ་འདི་ གཙོ་བོ་ར་ ཟ་འཐུང་གི་རིགས་བྱིན་ནི་གི་ སྲོལ་ལེགས་ཤོམ་མེད་མི་ལུ་བརྟེན་ཏེ་ཨིན་མས།

གཞལ་སྒང་དང་དགེ་ལེགས་ཕུག་གི་དོན་ལས་ མི་དམངས་སྐྱེལ་འདྲེན་བཱས་གི་ཞབས་ཏོག

༉ གཞལ་སྒང་དང་དགེ་ལེགས་ཕུག་གི་བར་ན་ མི་དམངས་སྐྱེལ་འདྲེན་བཱས་གི་ཞབས་ཏོག་འདི་ ད་རིས་ལས་ འགོ་བཙུགས་ཏེ་ཡོདཔ་ལས་ སྐྱེལ་འདྲེན་གྱི་ཞབས་ཏོག་ནང་ལུ་ ཡར་དྲག་སོང་སྟེ་འདུག

སྤྱིར་བཏང་སློབ་དཔོན་ཚུ་ དགོངས་ཞུ་འབད་མི་འདི་ དངུལ་ཕོག་ལེགས་ཤོམ་མེདཔ།

༉ སློབ་དཔོན་ཚུ་ལུ་ སེམས་ཤུགས་བྱིན་ནི་དང་ བློ་སྟོབས་བྱིན་ནི་གི་ ལམ་ལུགས་ཅིག་མེད་མི་ལུ་བརྟེན་ སློབ་དཔོན་ཚུ་ དགོངས་ཞུ་འབད་མ་བཅུག་པར་བཞག་ནི་འདི་ སློབ་གྲྭ་ཚུ་ནང་རྐྱངམ་ཅིག་མེན་པར་ རྒྱལ་ཁབ་ནང་གི་ འཕྲུལ་རིག་དང་ལག་ཤེས་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ཡང་ གདོང་ལེན་བྱུང་སྟེ་འདུག

མོང་སྒར་ལུ་ ན་ཧིང་མེ་གི་འཚིགས་མི་ཁྱིམ་ཚུ་ ལོག་སྟེ་རང་རྐྱབ་དོ་ཡོདཔ།

༉ མོང་སྒར་ཁྲོམ་ཁར་ལུ་ ན་ཧིང་སྤྱི་ཟླ་༨པའི་ནང་ རང་ལུགས་ཁྱིམ་གསུམ་ མེ་གིས་འཚིགས་མི་འདི་ ལོག་སྟེ་རང་ ཁྱིམ་གསརཔ་བརྐྱབ་ནི་ འགོ་བཙུགས་ཏེ་འདུག

ལྕགས་ཀྱི་དྲ་མིག་གི་ར་བ་འགོར་དོ་ཡོད་མི་འདི་གིས་ ལོ་ཐོག་ཉེན་སྲུང་འབད་ནི་ལུ་ ཕན་ཐོག་འབྱུང་པའི་རེ་བ།

༉ གཞལ་སྒང་རྫོང་ཁག་ འཕངས་མཁར་རྒེད་འོག་ སྤན་ལྟང་སྤྱི་འོག་ནང་ལུ་ ཚོད་བསྲེ་ལྡུམ་ར་ཚུ་གི་མཐའམ་བདའ་སྟེ་ ལྕགས་ཀྱི་དྲ་མིག་གི་ ར་བ་ཚུ་འགོར་དོ་ཡོད་མི་ལུ་བརྟེན་ ད་ལས་ཕར་ རྒེད་འོག་འདི་ནང་གི་མི་སེར་ཚུ་ ཚོད་བསྲེ་ཚུ་ སྒོ་ནོར་དང་ རི་དྭགས་སེམས་ཅན་ཚུ་གིས་ གནོད་པ་བསྐྱལ་བའི་ ཚ་འགྱང་ལང་མི་དགོ་ནི་ཨིན་མས།

ཆེ་རིམ་ཤེས་ཡོན་གྱི་གནད་བསྡུད་ལམ་ལུགས་ཅིག་ འགོ་འབྱེད་འབད་ཡོདཔ།

༉ ཤེས་རིག་ལྷན་ཁག་གིས་ ད་རིས་ ཆེ་རིམ་ཤེས་ཡོན་གྱི་གནད་བསྡུད་ལམ་ལུགས་འདི་ འགོ་འབྱེད་འབད་ཡོདཔ་ཨིན།

ཀྲོང་གསར་ བཀྲ་ཤིས་གླིང་ལུ་ རྡོ་རྦོབ་རིལ་མི་ལས་བརྟེན་ཏེ་ ཁྱིམ་གཅིག་ རྩ་བ་ལས་རང་ མེདཔ་བཏང་ཡོདཔ།

༉ ཁ་ཙ་ཕྱི་རུ་ ཆུ་ཚོད་༡༠་དེ་ཅིག་ཁར་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་འབད་ས་ལས་ རྡོ་གཅིག་རྦབ་རིལ་འོང་མི་ལུ་བརྟེན་ ཀྲོང་གསར་རྫོང་ཁག་ སྟང་སིབ་སྦྱིས་རྒེད་འོག་ བཀྲ་ཤིས་གླིང་ལུ་ རང་ལུགས་ཀྱི་ཁྱིམ་ཐོག་གཉིས་འབད་མི་གཅིག་ མི་སྡོད་རང་མ་བཏུབ་སྦེ་ མེདཔ་བཏང་སྟེ་འདུག

འབྲུག་ལུ་ བརྡ་དོན་འཕྲུལ་རིག་གི་འགོ་དཔོན་ བརྒྱ་ཆ་༤༠་དེ་ཅིག་ར་ ཨམ་སྲུ་ཚུ་ཨིནམ།

༉ རྒྱལ་ཁབ་ནང་ལུ་ཡོད་པའི་ བརྡ་དོན་འཕྲུལ་རིག་གི་འགོ་དཔོན་ བརྒྱ་ཆ་༤༠་དེ་ཅིག་ར་ ཨམ་སྲུ་ཚུ་ཨིན་མས།

གཞུང་གིས་ འབྲུག་དང་བང་ལ་དེཤ་ རྒྱ་གར་དང་བལ་བུ་གི་བར་ནའི་གན་རྒྱ་འདི་ ཁོང་རྒྱལ་ཁབ་༣་གྱི་བར་ན་ འགོ་བཙུགས་ནི་གི་གནང་བ་འབྱིན་ནི།

༉ གཞུང་གི་ཁ་ཐུག་ལས་ འབྲུག་དང་བང་ལ་དེཤ་ རྒྱ་གར་དང་བལ་བུ་གི་བར་ན་ མི་དང་དོས་བསྐྱེལ་འདྲེན་གྱི་གན་རྒྱ་འདི་གི་ཐད་ལུ་ འབྲུག་རྒྱལ་ཁབ་ཀྱི་ འབྲེལ་བ་ག་ནི་ཡང་མེདཔ་ལས་ བང་ལ་དེཤ་དང་རྒྱ་གར་ དེ་ལས་ བལ་བུ་རྒྱལ་ཁབ་༣་གི་བར་ན་ འགོ་བཙུགས་ནི་གི་ གནང་བ་བྱིན་ནི་སྦེ་ གྲོས་ཐག་བཅད་ནུག

ཆང་དང་ཏམ་ཁུ་ཚུ་བཅད་ནི་གི་དོན་ལས་ ནང་པའི་སྨན་ཡོངས་གྲགས་ཐོན་དོ་ཡོདཔ།

༉ འབྲུག་མི་ ཆང་དང་རྡོག་མ་ དེ་ལས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཚུ་ བཅད་དགོ་མནོ་མི་ཚུ་གི་ནང་དོག་ ནང་པའི་སྨན་ལ་ལུ་ཅིག་ ཡོངས་གྲགས་ཐོན་དོ་ཡོདཔ་ཨིན་མས།