རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

Archive for: སྤྱི་ཟླ་༣ པའི་ཚེས་, ༢༠༡༧

སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པ་ བཟོ་བསྐྲུན་འབད་ཚར་ནི་གི་དུས་ཡུན་འདི་ སྤྱི་ལོ་༢༠༢༡་ལུ་ཕར་ཕུད་རྐྱབ་ཡོདཔ།

༉ དབང་འདུས་ཕོ་བྲང་ལུ་ཡོད་པའི་ གློག་ཤུགས་མེ་ག་ཝཊ་༡༢༠༠་འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པའི་དོན་ལུ་ ད་རུང་རང་ རྒྱ་གར་གཞུང་ལས་ མ་དངུལ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༢་ཐོབ་ཅི།

བློན་ཆེན་གྱིས་ ཐའི་ལེནཊ་གི་མི་དབང་ཞིང་བཤེགས་ལུ་གུས་བསྟུད།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཐའི་ལེནཊ་གི་མི་དབང་ཞིང་བཤེགས་ བུ་མི་བུལ་ཨ་དུལ་ཡ་དེ་མཆོག་ལུ་ གུས་བསྟུད་ཞུ་ནི་གི་དོན་ལས་ ཐའི་ལེནཊ་གི་ གེ་རནཌ་ཟེར་མི་ ཕོ་བྲང་ནང་ལུ་བྱོན་ནུག

རི་དྭགས་ཉམས་སྲུང་གི་ཞིབ་འཚོལ་དོན་ལས་ ཕྱི་ལས་མཁས་མཆོག་དགོཔ་མེདཔ།

༉ འབྲུག་རྒྱལ་ཁབ་ནང་ལུ་ ཕྱི་ཁ་ལས་ མི་ཚུ་འཚོལ་མ་དགོ་པར་ རི་དྭགས་སེམས་ཅན་གྱི་སྐོར་ལས་ ཞིབ་འཚོལ་ཚུ་ རང་དབང་སྦེ་འགོ་འདྲེན་འཐབ་ཚུགས་མི་ རི་དྭགས་ཉམས་སྲུང་མཁས་པ་༡༥་ཡོདཔ་ཨིན་མས།

ཨ་ལོ་བཀག་ཐབས་ཀྱི་སྨན་ཉོ་བཟའ་ནི་འདི་ ལེགས་ཤོམ་མེནམ།

༉ ཨམ་སྲུ་ཚུ་གིས་ ཨ་ལོ་མི་ཆགས་ནི་གི་དོན་ལས་ ཨའི་པིལ་དང་ ཨཱན་ཝཱན་ཊེད་སེ་བེན་ཊི་ཊུ་ཟེར་མི་སྨན་ཚུ་ ལེ་ཤཱ་སྦེ་བཟའ་མི་འདི་གིས་ ལུས་འབྲེལ་ལས་སྤེལ་བའི་ནད་གཞི་ཚུ་ ཐོབ་ནི་གི་ཉེན་ཁག་ཡོདཔ་མ་ཚད་ ཨ་ལོ་མ་པ་ལས་རང་ ཆགས་མ་བཏུབ་སྦེ་འགྱོ་ནི་གི་ ཉེན་ཁག་ཡང་ཡོདཔ་སྦེ་ཨིན་མས།

རྒྱལ་ཡོངས་མེ་ཏོག་གི་ཚན་རིགས་ཀྱི་མིང་གསརཔ་ མེ་ཀོ་ནོཔ་སིས་དགའ་སྐྱིད་ཌི་ན།

༉ འབྲུག་གི་རྒྱལ་ཡོངས་མེ་ཏོག་འདི་ ཚོན་རིགས་དང་འབྲེལ་བའི་ མེ་ཏོག་གི་རིགས་ གསརཔ་ཅིག་སྦེ་མཐོང་པའི་ཤུལ་ མེ་ཏོག་འདི་གི་ཚོན་རིགས་ཀྱི་མིང་འདི་ཡང་ མེ་ཀོ་ནོཔ་སིས་དགའ་སྐྱིད་ཌི་ནཟེར་ བཏགས་ཏེ་འདུག

ཨམ་སྲུ་༧༠་གིས་ ན་ཟུག་མེདཔ་སྦེ་ ཨ་ལོ་སྐྱེས་ཚུགས་ནི་གི་མཐུན་རྐྱེན་སྤྱོད་ཡོདཔ།

༉ ཐིམ་ཕུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ ན་ཟུག་མེདཔ་སྦེ་ ཨ་ལོ་སྐྱེས་ཚུགས་ནི་གི་མཐུན་རྐྱེན་འགོ་བཙུགས་པའི་ཤུལ་ ད་ལྟོ་ཚུན་ཚད་ ཞབས་ཏོག་འདི་ ཨམ་སྲུ་༧༠་གིས་ སྤྱོད་དེ་འདུག

ཇོ་བོ་འཇམ་པའི་མཐོང་གྲོལ།

༉ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་ ཁ་ཙ་ དབང་འདུས་ཕོ་བྲང་ ཐེད་མཚོ་རྒེད་འོག་གི་ རིན་ཆེན་སྒང་ལྷ་ཁང་ནང་ལུ་ ཇོ་བོ་འཇམ་པའི་མཐོང་གྲོལ་ཅིག་ རབ་གནས་གནང་ཡི།

ཤུལ་མའི་འཆར་ལོ་ནང་ལུ་ ལྷན་ཁག་གིས་ ཟ་འཐུང་གི་ཐད་ཁར་ རང་མགོ་རང་འདྲོངས་གྲུབ་ནི་ནང་ གཙོ་བོར་བསྟེན་ནི།

༉ ལོ་ལྔ་འཆར་གཞི་༡༢པའི་ནང་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་དམིགས་ཡུལ་ཅིག་འདི་ ཟ་འཐུང་གི་ཐད་ཁར་ རང་མགོ་རང་འདྲོངས་གྲུབ་ནི་གི་ནང་ གཙོ་བོར་བསྟེན་ནི་འདི་ཨིན་མས།

འབྲུག་གི་དངུལ་ཁང་གི་ཞབས་ཏོག་གསརཔ།

༉ འབྲུག་གི་དངུལ་ཁང་གིས་ ཕེ་ལེགསི་དང་ སིམ་པཱལ་ཟེར་མི་ རེ་ཀ་རིང་གི་ དངུལ་གསོག་འཇོག་གི་ལམ་ལུགས་གསརཔ་གཉིས་ འགོ་བཙུགས་ཅི།

འབྲུག་པའི་སྡེ་ཚན་གྱིས་ ཨོ་མཱན་ལས་ གཱོལ་༡༤་བཟའ་ཡོདཔ།

༉ སྤྱི་ལོ་༢༠༡༩་གི་ ཨེ་ཕེས་སི་ཨེ་ཤི་ཡན་རྐང་རྩེད་འགྲན་བསྡུར་གྱི་ སྔོན་འགྲོའི་རྩེད་འགྲན་ དང་པ་ནང་ལས་ འབྲུག་པའི་རྒྱལ་ཡོངས་རྐང་རྩེད་སྡེ་ཚན་འདི་ ཁ་ཙ་ ཨོ་མཱན་གྱི་རྒྱལ་ཡོངས་རྐང་རྩེད་སྡེ་ཚན་ལས་ གཱོལ་༡༤་གིས་ ཕམ་སོང་ཡི།
འབྲུག་པའི་རྐང་རྩེད་སྡེ་ཚན་གྱིས་ཧོངས་ལས་ གཱོལ་ཕུད་རྡོག་གཅིག་ཡང་ བཙུགས་མ་ཚུགསཔ་ཨིན་མས།