རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

Archive for: སྤྱི་ཟླ་༢ པའི་ཚེས་, ༢༠༡༧

དགེ་ལེགས་ཕུག་ལུ་ རྒྱ་གར་གྱི་གླ་འཁོར་ཚུ་གིས་ འབྲུག་པའི་འགྲུལ་པ་ འབག་དོ་ཡོད་མི་ལུ་ ཉོགས་བཤད་བཀོད་དོ་ཡོདཔ།

༉ དགེ་ལེགས་ཕུག་ལུ་ཡོད་མི་ གླ་འཁོར་བཏང་མི་ཚུ་གིས་ རྒྱ་གར་གྱི་ས་གནས་ དྷཌ་གཱ་རི་ལས་འོང་མི་ སྒེར་གྱི་སྣུམ་འཁོར་ཚུ་གིས་ དགེ་ལེགས་ཕུག་དང་ ཉེ་འདབས་ཀྱི་ས་གནས་ཚུ་ནང་ལས་ཕར་ མི་སྐྱེལ་འདྲེན་འབད་དོ་ཡོད་མི་ལུ་བརྟེན་ ཁོང་གི་ཚོང་འབྲེལ་ལུ་ ཐོ་ཕོགཔ་མས་ཟེར་བའི་ ཉོགས་བཤད་སྐྱེད་དོ་ཡོདཔ་ཨིན་མས།

ཁེངས་རིགས་རྣམས་གསུམ་མཉམ་ལས་ཚོགས་སྡེ་གི་ ཚོང་འབྲེལ་ལེགས་ཤོམ་སྦེ་རང་ འགྱོ་དོ་ཡོདཔ།

༉ གཞལ་སྒང་ལུ་ཡོད་པའི་ ཁེངས་རིགས་རྣམས་གསུམ་མཉམ་ལས་ཚོགས་སྡེ་འདི་ གཞི་བཙུགས་འབད་དེ་ ལོ་༢ལྷགཔ་ཅིག་ལས་འགལ་ མ་འགྱོ་སྟེ་འབད་རུང་ ཚོང་འབྲེལ་གྱི་ལཱ་ མཐར་འཁྱོལ་ཅན་ཅིག་སྦེ་ འཐོན་ཏེ་འདུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་སྨན་བཅོས་སྡེ་ཚན་གྱིས་ གསོ་བའི་ཞབས་ཏོག་བྱིན་དོ་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནངམ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་སྨན་བཅོས་སྡེ་ཚན་གྱིས་ དགེ་ལེགས་ཕུག་ལུ་སྦེ་ དམག་སྡེའི་ནང་ལས་ དགོངས་ཞུ་འབད་དེ་ཡོད་མི་ཚུ་གི་དོན་ལས་ ཉིན་གྲངས་གཉིས་ཀྱི་རིང་ལུ་ གསོ་བའི་བརྟག་དཔྱད་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

གསང་སྤང་གི་གསོ་བའི་གཞི་རྟེན་སྨན་ཁང་འདི་ རྫོང་ཁག་སྨན་ཁང་གི་གནས་ཚད་ཁར་ བཟོ་ནི་ཨིནམ།

༉ ཤུལ་མའི་ལོ་ལྔ་འཆར་གཞི་༡༢པའི་ནང་ལུ་ གསང་སྤང་ལུ་ཡོད་པའི་ གསོ་བའི་གཞིཔ་རྟེན་སྨན་ཁང་ སྡེ་རིམ་དང་པ་འདི་ རྫོང་ཁག་སྨན་ཁང་གི་གནས་ཚད་ཁར་ བཟོ་ནི་ཨིན་མས།

ཀྲོང་གསར་རྫོང་ཁག་ནང་ལུ་ མེ་རླུང་བཱ་ཡོ་གཱེསི་བརྒྱ་མ་ལངམ་ཅིག་ གཞི་བཙུགས་འབད་ནི་ཨིནམ།

༉ ད་རིས་ཀྱི་རྩིས་ལོ་ནང་ ཀྲོང་གསར་རྫོང་ཁག་ནང་ལུ་ གཞུང་དང་མི་སེར་གཉིས་ མ་དངུལ་ཕྱེད་ཀ་རེ་འཐོན་ཏེ་ མེ་རླུང་བཱ་ཡོ་གཱེསི་གི་འཕྲུལ་ཁང་ ༨༥ ལྷགཔ་ཅིག་ རྐྱབ་ནི་ཨིན་མས།

ན་གཞོན་སྡེ་ཚན་ཅིག་གིས་ མི་སྡེའི་ཁ་འབག་གི་ལཱ་ཚུ་འབད་མི་འདི་ མཐར་ཁྱོལ་ཅན་ཅིག་ལུ་འགྱུར་ཏེ་ཡོདཔ།

༉ གཞལ་སྒང་སྨད་ལུ་ སློབ་གྲྭ་ནང་ལས་འཐོན་སྡོད་མི་ ན་གཞོན་སྡེ་ཚན་ཅིག་གིས་ མི་སྡེའི་ཁ་འབག་གི་ལཱ་ཚུ་འབད་མི་འདི་ མཐར་ཁྱོལ་ཅན་ཅིག་ལུ་འགྱུར་ཏེ་འདུག

འབྲུག་གི་དངུལ་ཁང་གིས་ དགེ་བསྙེན་ཁ་ལུ་སྦེ་ དངུལ་ཁང་གི་ལས་ཚབ་ འགོ་འབྱེད་འབད་ཡོདཔ།

༉ འབྲུག་གི་དངུལ་ཁང་གིས་ ད་རིས་འགོ་དང་པ་ ཐིམ་ཕུག་རྫོང་ཁག་གི་ས་གནས་ དགེ་བསྙེན་ཁ་ལུ་སྦེ་ ཨཱེ་ཇེན་སཱི་བཱེང་ཀཱིང་ཟེར་མི་ དངུལ་ཁང་གི་ལས་ཚབ་ འགོ་དང་པ་འདི་ འགོ་འབྱེད་འབད་ཡོདཔ་ཨིན།

ཐིམ་ཕུག་ལུ་ ར་དྷི་གི་ཆུམ་བཙོང་པར་འབག་འོང་སྟེ་ཡོདཔ།

༉ བཀྲ་ཤིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ བཙན་མཁར་གཡུས་མཚན་ནང་ལས་ སོ་ནམ་པ་སྡེ་ཚན་གཅིག་ ཁོང་རའི་ཐོན་སྐྱེད་ཚུ་ ཐིམ་ཕུག་ལུ་བཙོང་པ་ འགོ་དང་པ་ལྷོད་དེ་འདུག

སློབ་གྲྭ་ཚུ་ རྒྱ་སྐྱེད་བཏང་དགོ་པའི་གྲོས་འཆར།

༉ མོང་སྒར་གྱི་མི་སྡེ་འགོ་འཁྲིདཔ་མང་ཤོས་ཅིག་གིས་རང་ ཁོང་རའི་རྒེད་འོག་ཚུ་ནང་ལས་ཕར་ཡོད་པའི་སློབ་གྲྭ་ཚུ་ རྒྱ་སྐྱེད་བཏང་དགོཔ་དང་ ཡང་ན་ སློབ་གྲྭ་ལྟེ་བ་སྦེ་ བཟོ་དགོཔ་སྦེ་ ཞུ་བ་ཡི།

སྤ་རོ་སྨན་ཁང་ནང་ལུ་ གློག་རིག་ཐོག་གི་ནདཔ་གི་བརྡ་དོན་ལམ་ལུགས་འགོ་བཙུགས་ནི་ལུ་ ཕྱི་སྟེ་ཡོདཔ།

༉ སྤ་རོ་རྫོང་ཁག་སྨན་ཁང་ནང་ལུ་ འཕྲུལ་རིག་གི་མཁས་པ་མེད་མི་དང་ ཡོངས་འབྲེལ་གྱི་རྒྱུན་ལམ་ ལེགས་ཤོམ་ཅིག་མེད་མི་ལས་བརྟེན་ཏེ་ གློག་རིག་ཐོག་གི་ ནདཔ་གི་བརྡ་དོན་ལམ་ལུགས་འགོ་བཙུགས་ནི་ལུ་ ཕྱི་སོང་སྟེ་འདུག