རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

Archive for: སྤྱི་ཟླ་༡ པའི་ཚེས་, ༢༠༡༧

བལྟ་བཤལཔ་ཚུ་གི་དོན་ལུ་ འཛུལ་ཞུགས་ཉོགས་མེད་ཆོག་ཐམ་འདི་ ཡོངས་འབྲེལ་ནང་ལས་ འཐོབ་ཚུགས་ནི་ཨིནམ།

༉ ད་ལས་ཕར་ འབྲུག་ལུ་འོང་ནི་གི་ དངས་འདོད་ཡོད་མི་ ལུང་ཕྱོགས་ཀྱི་བལྟ་བཤལཔ་ཚུ་གིས་ འཛུལ་ཞུགས་ཉོགས་མེད་ཆོག་ཐམ་དང་ འགྲུལ་སྐྱོད་ཆོག་ཐམ་ཚུ་ རྒྱལ་ཁབ་ནང་ མ་འོང་པའི་ཧེ་མ་ལས་ འཐོབ་ཚུགས་ནི་ཨིན་མས།

མི་དབང་མངའ་བདག་རིན་པོ་མཆོག་གིས་ ཡོངས་ལ་དགོན་པ་ལུ་ གཟིགས་བསྐོར་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་མཆོག་གིས་ ད་ས་དྲོ་པ་ པདྨ་དགའ་ཚལ་རྫོང་ཁག་ ཡོངས་ལ་དགོན་པ་ལུ་ གཟིགས་བསྐོར་གནང་སྦེ་ ཐུགས་སྨོན་ཚུ་ཕུལ་གནང་ཡི།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀྲིས་སྒང་ལུ་ བླ་མ་མཆོད་པ་གི་དབང་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ བཀྲིས་སྒང་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་༧པ་འདི་ གྲོལ་གནང་མི་དང་འབྲེལ་ དད་ཅན་གྱི་མི་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ བླ་མ་མཆོད་པ་གི་དབང་ གནང་ཡོདཔ་ཨིན།

འབྲུག་ཕུན་སུམ་ཚོགས་པ་གི་ སྲིད་དཀྲོག་གི་གནད་དོན་ ཞིབ་དཔྱད་འབད་ནིའདི་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ སྤྲོད་ནི་ཨིནམ།

༉ འབྲུག་ཕུན་སུམ་ཚོགས་པ་ལུ་ སྲི་དཀྲུག་འབད་བའི་ཁ་ཉེས་བཀལ་ཡོད་མི་གི་སྐོར་ལས་ ཞིབ་དཔྱད་འབད་དེ་ སྙན་ཞུ་འབད་དགོ་པའི་སྐོར་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མགྱོགས་པ་ར་ རྒྱལ་གཞུང་འབྲུག་གི་འགག་སྡེ་ལུ་ ཡི་གུ་གཅིག་བཏང་ནི་ཨིན་མས།

འཇིགས་མེད་སེང་གེ་དབང་ཕྱུག་ ཁྲིམས་དོན་སློབ་གྲྭའི་དོན་ལུ་ ཞུ་ཡིག་བཙུགས་མི་༥༠༠་མ་ལངསམ་ཅིག་འཐོན་ཡོདཔ།

༉ འཇིགས་མེད་སེང་གེ་དབང་ཕྱུག་ ཁྲིམས་དོན་སློབ་གྲྭའི་དོན་ལུ་ ཞུ་ཡིག་བཙུགས་མི་༥༠༠་མ་ལངསམ་ཅིག་འཐོན་ཡོདཔ་ཨིན་མས།

དབང་བཙོང་འདོད་སྤྱོད་ཀྱི་ཉེས་ཅན་ལུ་ བཙོན་ཁྲིམས་ལོ་༢༡་གི་ཁྲུན་ཆོད།

༉ ཁ་ཙ་ ཆེ་མཐོའི་ཁྲིམས་ཀྱི་འདུན་ས་ལས་ ལོ་གཉིས་ལང་མི་བུམོ་ཅུང་གཅིག་ དབང་བཙོང་འདོད་སྤྱོད་འབད་དེ་ཡོད་མི་གི་ རྩོད་གཞི་ཐད་ཁར་ ཐིམ་ཕུག་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་གནང་མི་ འཁྲུན་ཆོད་འདི་ ཆ་གནས་གནང་ཡོདཔ་ཨིན།

འབྲུག་རྗེས་སྒང་ལུ་ རྒེད་འོག་གོང་འཕེལ་མ་དངུལ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཏེ་ཡོདཔ།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ དར་དཀར་ན་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་ནང་ལུ་ རྒེད་འོག་གོང་འཕེལ་མ་དངུལ་འདི་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཏེ་ཡོད་མི་ལུ་ ངལ་རང་ཡོདཔ་སྦེ་གསུང་གནང་ནུག

བུམ་སྡེ་གླིང་རྒེད་འོག་ལྟེ་བའི་ལམ་རྩི་ནག་བཏང་ནི།

༉ ཀི་ལོ་མི་ཀྲར་༩་འབད་མི་ བཀྲིས་གཡང་རྩེ་ བུམ་སྡེ་གླིང་རྒེད་འོག་ལྟེ་བའི་ལམ་འདི་ མཐའན་མཇུག་ཁར་ རྩི་ནག་བཏང་ནི་འགོ་བཙུགས་ནི་ཨིན་མས།

རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ མེ་ཀྲིག་ཀྲོན་ལས་བཅད་དེ་ མེདཔ་བཏང་དོ་ཡོདཔ།

༉ སོ་ནམ་ལས་ཁུངས་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༥་ལུ་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ མེ་ཀྲིག་ཀྲོན་༧༩༠༠དེ་ཅིག་ མེདཔ་བཏང་སྟེ་ཡོདཔ་སྦེ་ཨིནམ་ད་ འདི་ཡང་ སྣུམ་འཁོར་ཀྲག་ སྟོང་ཕྲག་གཅིག་ མ་ལངམ་ཅིག་གི་ཁུར་ཆ་ཨིན་མས།

ཆུ་བྱ་འདི་ཚུ་ འཁྱམ་ས་སོར་འགྱོ་དོ་ཡོདཔ།

༉ ལོ་བསྟར་ཆུ་བྱའི་རིགས་ཀྱི་ གྲངས་རྩིས་ཐེངས་༤པ་འདི་ འགོ་འདྲེན་འཐབ་པའི་སྐབས་ རྒྱལ་ཁབ་ནང་ལུ་ ཆུ་བྱ་ཚུ་ འཁྱམ་ནི་གི་འོས་འབབ་ར་མེད་པའི་ ས་གནས་ཚུ་ནང་ཡང་ འཁྱམ་སྡོད་སར་མཐོང་དོ་ཡོདཔ་སྦེ་ཨིན་མས།