རྫོང་ཁ། | ཨིང་ལིཤ། གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

Archive for: སྤྱི་ཟླ་༡༢ པའི་ཚེས་, ༢༠༡༦

འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ བཟའ་འཐུང་གི་རིགས་ཚུ་ སའི་དོང་ནང་བཙུགས་ཡོདཔ།

༉ ཁ་ཙ་ རྩི་རང་ལུ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ དངུལ་ཀྲམ་སྟོང་ཕྲག་༤༣དེ་ཅིག་གནས་པའི་ བཟའ་འཐུང་གི་རིགས་དང་ ནང་འདྲེན་འབད་དེ་ཡོད་པའི་ ཨེ་མ་ཀེ་ལྗིད་༤༣ སའི་དོང་ནང་ བཙུགས་ཏེ་ཡོདཔ་ཨིན།

ད་རེས་འགོ་དང་པ་ འབྲུག་ལུ་ འབྲུག་དང་རྒྱ་གར་གྱི་ ན་གཞོན་སྤྱི་མཐུན་གྱི་གྲོས་འཛོམས་ འགོ་འདྲེན་འཐབ་ཡོདཔ།

༉ རྒྱལ་ས་ལུ་སྦེ་ སྤྱི་ལོ་༢༠༡༦གི་ འབྲུག་དང་རྒྱ་གར་གྱི་ ན་གཞོན་སྤྱི་མཐུན་གྱི་གྲོས་འཛོམས་ འགོ་འདྲེན་འཐབ་ས་ལུ་ ན་གཞོན་གཅིག་བརྒྱ་དེ་ཅིག་གིས་ གྲལ་ཁར་གཏོགས་ནུག
གྲོས་འཛོམས་འདི་ཡང་ འབྲུག་པའི་ན་གཞོན་ཚུ་ལུ་ དབང་ཆ་འབྱིན་ནི་གི་དོན་ལུ་དང་ རྒྱལ་སྤྱིའི་ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཚུགས་ནི་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཡོདཔ་ཨིན།
ལས་རིམ་འདི་ནང་ལུ་ རྒྱལ་སྤྱི་ན་གཞོན་ཚོགས་ཆུང་ནང་ལས་ འཐུས་མི་བརྒྱད་དང་ རྒྱ་གར་རྒྱལ་ཁབ་ཀྱིས་ གྲལ་ཁར་གཏོགས་ཡོདཔ་མ་ཚད་ འབྲུག་ལུ་ རྒྱལ་སྤྱིའི་ན་གཞོན་ཚོགས་ཆུང་གི་ ཡན་ལག་ཡིག་ཚང་ཅིག་ འགོ་བཙུགས་ཏེ་འདུག
གྲོས་འཛོམས་འདི་ལས་བརྟེན་ཏེ་ ན་གཞོན་ཚུ་ལུ་དགོས་མཁོ་དང་ བློ་སྟོབས་བསྐྱེད་བཅུག་ནི་གི་དོན་ལས་ ན་གཞོན་ཚུ་གི་བརྒྱུད་ལུ་ དཀའ་ངལ་མ་འདྲཝ་ཚུ་གི་ཐོག་ལུ་ ཉམས་མྱོང་ཐོབ་སྟེ་ཡོད་མི་དང་ དཀའ་ངལ་ཚུ་སེལ་ནི་གི་དོན་ལས་ བསམ་འཆར་བཀོད་ནི་གི་ གོ་སྐབས་བཟོ་སྟེ་འདུག
འདི་བཟུམ་སྦེ་ དྭངས་ལེན་འཆར་གཞི་ཅིག་ཡང་ ཟིན་བྲིས་འཐབ་སྟེ་ཡོདཔ་ཨིན།
དྭངས་ལེན་འཆར་གཞི་འདི་ཡང་ འབྲུག་པའི་ན་གཞོན་ཚུ་ལུ་ རྒྱ་གར་ལུ་ཡོད་པའི་ སྤུས་ཚད་ཅན་གྱི་ཤེས་ཡོན་དང་རྩེད་རིག་ དེ་ལས་ ལམ་སྲོལ་ཚུ་ ལྷབ་སྦྱང་འབད་ནི་གི་ གོ་སྐབས་བྱིན་ཏེ་ ན་གཞོན་གྱི་ལས་དོན་ཚུ་ རྒྱལ་ཡོངས་དང་ རྒྱལ་སྤྱི་གི་གནས་ཚད་ཁར་ ཡར་དྲག་བཏང་ཐབས་མི་ལུ་དམིགས་ཏེ་ཨིན་མས།
ད་རེས་འགོ་དང་པ་ འབྲུག་དང་རྒྱ་གར་གྱི་ རྒྱལ་སྤྱི་ན་གཞོན་གྲོས་འཛོམས་ཀྱི་རྟགས་མ་ཐོབ་མི་ འབྲུག་ལུ་རྒྱལ་སྤྱི་ན་གཞོན་ཚོགས་ཆུང་གི་ངོ་ཚབ་ འཇིགས་མེད་ཀྱིས་སླབ་མི་ནང་ གྲོས་འཛོམས་འདི་ནང་ལུ་ ཡྟོན་མ་འདྲཝ་ཚུ་གི་ཐོག་ལུ་ གྲོས་བསྡུར་འབད་ཡི་ཟེར་བཤད་ཅི།
འདི་ཡང་ གྲོས་འཛོམས་ཀྱི་སྐབས་ལུ་ གནད་དོན་ཁག་ལེ་ཤ་ཅིག་ གྲོས་བསྡུར་འབད་མི་གི་གྲལ་ལས་ ཡུན་བརྟན་གོང་འཕེལ་དང་ དམངས་གཙོའི་རིང་ལུགས་བདག་འཛིན་འཐབ་ནི་ དེ་ལས་ […]

ཐིམ་ཕུག་ཁྲོམ་སྡེ་གིས་ ཁྲིམས་འགལ་གྱི་ཐོག་ལས་ ཕྱགས་སྙིགས་བཀོ་མི་ཚུ་ལུ་ ཉེས་བྱ་བཀལ་ཡོདཔ།

༉ ཐིམ་ཕུག་ཁྲོམ་སྡེ་གིས་ རྒྱལ་ཁབ་ནང་ལུ་ ཕྱགས་བརྡར་གྱི་ལས་རིམ་ མཇུག་བསྡུ་བའི་ཤུལ་ལུ་ ཕྱགས་སྙིགས་སྔོན་འགོག་དང་འཛིན་སྐྱོང་བཅའ་ཁྲིམས་ལུ་ མ་གནས་མི་ མི་གྲངས་གཅིག་བརྒྱ་དེ་ཅིག་ལུ་ ཉེས་བྱ་བཀལ་ནུག

བཀྲིས་སྒང་དང་རང་འབྱུང་གི་བར་ན་ ལམ་རྩི་ནག་བཏང་མི་ཁ་འབག་འདི་ལུ་ རྩི་ནག་ལོག་བཏང་དགོཔ་སྦེ་སླབ་སྟེ་ཡོདཔ།

༉ བཀྲིས་སྒང་ལུ་ཡོད་པའི་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཡིག་ཚང་གིས་ བཀྲིས་སྒང་དང་ རང་འབྱུང་གི་བར་ན་ ལམ་རྩི་ནག་བཏང་མི་ ཁ་འབག་གི་ལཱ་འབད་མི་འདི་ལུ་ ལམ་རྩི་ནག་བཏང་ནི་གི་ལཱ་འདི་ ལོག་སྟེ་ར་འབད་དགོཔ་སྦེ་སླབ་ཏེ་འདུག

ཐིམ་ཕུག་གི་ ཁྲིམས་སྲུང་དོ་དམ་ནང་ལས་ མགྱོགས་འགྱོ་མི་ཚུ་ ལོག་སྟེ་བཟུང་ཡོདཔ།

༉ ཁྲིམས་སྲུང་འགག་པ་གིས་ འདས་པའི་གཟའ་ལྷགཔ་གི་ཚེས་ ཐིམ་ཕུག་གི་ ཁྲིམས་སྲུང་དོ་དམ་ནང་ལས་ མགྱོགས་འགྱོ་མི་ ཉེས་འཛུགས་ཅན་གཉིསཔོ་འདི་ཡང་ ཁ་ཉིནམ་ ཕྱི་རུ་ཁམས་ཅིག་ཁར་ ཆུ་ཁ་གི་ས་གནས་ ཝང་ཁ་ལས་བཟུང་ནུག

ཤིང་བཟོ་བཟོ་དྲ་ཁང་ཚོགས་པ་གིས་ བློན་ཆེན་ལུ་ གནས་སྐབས་ཀྱི་ཐབས་ཤེས་ བསྐྱར་ཞིབ་མཛད་གནང་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ནང་གི་ ཤིང་བཟོ་བཟོ་དྲ་ཁང་ཚོགས་པའི་འཐུས་མི་༥༠་ལྷགཔ་ཅིག་གིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ལུ་ རང་བཞིན་ཐོན་བསྐྱེད་གོང་འཕེལ་ལས་འཛིན་གྱིས་ ཤིང་དྲ་ཁང་གཞི་བཙུགས་འབད་མི་དང་ ཤིང་ཆས་དང་ཤིང་གི་ཐོན་སྐྱེད་ཚུ་ བཙོང་ནི་གི་ས་སྒོ་བཟོ་ནི་གི་ཐད་ཁར་ བསྐྱར་ཞིབ་མཛད་དགོ་པའི་ཞུ་བ་ཕུལ་ཏེ་འདུག

གྲོང་གསེབ་གོང་འཕེལ་སྦྱོང་བརྡར་ལྟེ་བ་གིས་ གནམ་གཤིས་དང་མཐུན་པའི་ སོ་ནམ་ལཱ་གི་རྩ་གཞུང་བརྩམ་དོ་ཡོདཔ།

༉ གཞལ་སྒང་ལུ་ཡོད་པའི་ གྲོང་གསེབ་གོང་འཕེལ་སྦྱོང་བརྡར་ལྟེ་བ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ གནམ་གཤིས་དང་མཐུན་འགྱུར་ཡོད་པའི་ སོ་ནམ་གྱི་ལཱ་ཚུ་འབད་ནི་གི་ཤེས་ཡོན་ཚུ་འབྱིན་ནི་གི་དོན་ལས་ རྩ་གཞུང་གསརཔ་ཅིག་བརྩམ་པའི་བསྒང་འདུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཞབས་དྲུང་གི་སྐུ་འདྲ་ལུ་ ཐུགས་སྨོན་ཕུལ་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ དམིགས་བསལ་གྱི་ སྐུ་འདྲ་གཅིག་ལུ་ ཐུགས་སྨོན་ཚུ་ཕུལ་གནང་ཡི།

ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ཚོགས་པའི་མ་དངུལ་གྲོགས་རམ།

༉ དགེ་ལེགས་ཕུག་དང་ཀྲོང་གསར་གྱི་གཞུང་ལམ་བདའ་སྟེ་ ཟམ་༤་ ལོག་བརྐྱབ་ནིའི་དོན་ལུ་ ཇཱ་པཱན་གཞུང་གིས་ འབྲུག་ལུ་ ཡུ་ཨེས་དྲོ་ལར་ ས་ཡ་༡༨་ལྷགཔ་ཅིག་ གྲོགས་རམ་སྦེ་བྱིན་ནི་ཨིན་མས།

རྒྱ་གར་ལུ་ འབྲུག་པའི་ཨ་ནེམ་གཅིག་ལུ་ཤི་རྐྱེན།

༉ སྐྱེས་ལོ་༥༣་ལང་མི་ འབྲུག་པའི་ཨ་ནེམ་གཅིག་ འཁོར་ལམ་སྐདཔ་བཏོག་འགྱོ་བའི་སྐབས་ སྣུམ་འཁོར་ཀྲག་ཅིག་གིས་ འཐུ་བཀོག་བའི་ཤུལ་ གྱོང་སོང་ནུག