རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

Archive for: སྤྱི་ཟླ་༡༡ པའི་ཚེས་, ༢༠༡༦

བློན་ཆེན་གྱིས་ ཇར་མཱན་ཡུན་བརྟན་གྱི་རྟགས་མ་ཐོབ་ཡོདཔ།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གཟའ་སྤེནམ་གི་ཚེས་ ཇར་མ་ནི་གི་ས་གནས་ ཌ་སཱལ་ཌོཕ་ལུ་སྦེ་ མིང་གཏམ་ཅན་གྱི་ ཇར་མཱན་ཡུན་བརྟན་གྱི་རྟགས་མ་༢༠༡༦་འདི་ ཐོབ་ནུག

རྒྱལ་ཁབ་ནང་ལུ་ བཙོག་རླུང་གི་ཚད་འདི་ ཡར་སེང་འགྱོ་སྟེ་ཡོདཔ།

༉ འབྲུག་གི་མཐའ་འཁོར་གནས་ཚད་སྙན་ཞུ་༢༠༡༦ཅན་མ་དང་འཁྲིལཔ་ད་ འདས་པའི་ལོ་ཚུ་ནང་ རྒྱལ་ཁབ་ནང་གི་ བཙོག་རླུང་གི་ཚད་འདི་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

ཕུན་ཚོགས་གླིང་གི་རིན་བསྡུར་ཁང་ནང་ལུ་ ཀེ་བ་ཀྲག་༨༠་དེ་ཅིག་ བཙོང་མ་ཚུགས་པར་ཡོདཔ།

༉ ཕུན་ཚོགས་གླིང་གི་རིན་བསྡུར་ཁང་ནང་ལུ་ མི་སེར་སོ་ནམ་པ་ཚུ་གིས་ ཀེ་བ་བཙོང་མ་ཚུགས་པར་ བདུན་ཕྲག་༢་ལྷགཔ་ཅིག་ཡང་ འགྱོ་སྟེ་འདུག

ནོརད་ཨེཆ་གི་ཨིང་སྐད་ཀྱི་གླུ་གཞས་ཚུ་ ཡུ་རོབ་ཀྱི་རྒྱང་བསྒྲགས་ཚུ་ནང་ལས་ཕར་བཏང་ནི།

༉ རྒྱལ་སྤྱའི་སྙན་ཆ་སྒྲ་བཟུང་མི་ལས་སྡེ་ཅིག་ཨིན་མི་ ཨེལ་མུན་ཌོ་ཟེར་མི་གིས་ འབྲུག་པའི་སྙན་ཆ་སྡེ་ཚན་ ནོརད་ཨེཆ་ཟེར་མི་དང་ཅིག་ཁར་ ལོ་བཞི་གི་གན་རྒྱ་གུ་ལུ་མཚན་རྟགས་བཀོད་དེ་འདུག

སློབ་གྲྭ་ཚུ་ནང་ལས་ཕར་ མ་དངུལ་བགོ་བཀྲམ་ འདྲན་འདྲ་སྦེ་རང་འབད་དགོཔ་ཡོདཔ།

༉ རྒྱལ་ཁབ་ནང་གི་སློབ་གྲྭ་ཚུ་ནང་ལས་ཕར་ མ་དངུལ་དང་ཐོན་སྐྱེད་ཀྱི་བགོ་བཀྲམ་ འདྲན་འདྲ་སྦེ་རང་འབད་དགོཔ་འདི་ ཁག་ཆེཝ་སྦེ་རང་འདུག་ཟེར་ཨིན་མས།

འབྲུག་དང་རྒྱ་ནག་གི་ ས་མཚམས་ གཏན་གཏན་ཅིག་བཟོ་མ་ཚུགས་པར་ཡོདཔ།

༉ འབྲུག་དང་རྒྱ་ནག་གི་ ས་མཚམས་གསུང་གྲོས་གནང་ནི་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་གཉིས་ལྷགཔ་ཅིག་སོང་སྟེ་ཡོད་རུང་ ད་ལྟོའི་བར་ན་ཡང་ གཏན་གཏན་ཅིག་བཟོ་མ་ཚུགས་པར་འདུག

སོ་ནམ་ས་ཞིང་ཚུ་ གོང་འཕེལ་གྱི་ལས་རིམ་གྱི་དོན་ལུ་ལག་ལེན་འཐབ་ནི་ལས་ ཉེན་སྲུང་འབད་ནིའི་ ཐབས་ཤེས་ཚུ་བཏོན་དགོཔ།

༉ གོང་འཕེལ་གྱི་ལས་རིམ་ཚུ་ མགྱོགས་དྲག་སྦེ་འཐོན་མི་དང་ ཁྲོམ་སྡེ་ཚུ་ གཞི་ཆགས་མི་ལུ་བརྟེན་ སོ་ནམ་གྱི་ས་ཞིང་ཚུ་ལུ་ བྱེམ་སྦོམ་སྦེ་ར་ཕོགས་དོ་ཡོདཔ་སྦེ་ཨིན་མས།

བྱང་ཐིམ་ཕུག་ལུ་ འཁོར་ལམ་རྩི་ནག་བཏང་ནིའི་ལཱ་ཚུ་ ད་རེས་ཀྱི་འཆར་ལོ་ནང་ལས་རང་ འབད་ནི།

༉ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ཞུ་མི་ནང་ བྱང་ཐིམ་ཕུག་ལུ་ འཁོར་ལམ་རྩི་ནག་བཏང་ནིའི་ལཱ་ཚུ་ ད་རེས་ཀྱི་འཆར་ལོ་དང་ ཤུལ་མའི་འཆར་ལོ་ནང་ལུ་ འབད་འོང་ཟེར་ཨིན་མས།

འབྲུག་གི་ཅ་དམ་དཔྱད་ཡིག་༢༠༡༥ཅན་མ་འདི་ སྤྱི་ཚོགས་ལྷན་བཞུགས་ནང་ལུ་ གསུང་གྲོས་གནང་ནི།

༉ རྒྱལ་ཡོངས་ཚོགས་འདུ་གིས་ རྒྱལ་ཡོངས་ཚོགས་སྡེ་གི་ཁ་ཐུག་ལས་ རྒྱབ་སྣོན་ཁག་༥དེ་ཅིག་ཕུལ་ཏེ་ཡོད་མི་གུ་ལུ་ ཞལ་འཆམ་མ་ཚུགས་མི་ལས་བརྟེན་ཏེ་ འབྲུག་གི་ཅ་དམ་དཔྱད་ཡིག་༢༠༡༥ཅན་མ་འདི་ སྤྱི་ཚོགས་ལྷན་བཞུགས་ནང་ལུ་ གསུང་གྲོས་གནང་ནི་ཨིན་མས།

སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ཕར་ ན་གཞོན་འཛུལ་མི་གི་གྱངས་ཁ་ཡར་སེང་།

༉ བུམ་ཐང་ཆུ་སྨད་ལུ་ཡོད་པའི་ སྦྱོང་བརྡར་སྤེལ་ཁང་ནང་ སྤྱི་ལོ་༢༠༡༡་ལུ་ སྦྱོང་བརྡར་འབད་མི་༢༩་ལས་བརྒལ་མེད་ས་ལས་ ད་རེས་ གྱངས་ཁ་འདི་༢༠༠་དེ་ཅིག་ལུ་ ཡར་སེང་སོང་སྟེ་འདུག