རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

Archive for: སྤྱི་ཟླ་༡༠ པའི་ཚེས་, ༢༠༡༦

བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་ཚུ་འབད་དོ་ཡོདཔ།

༉ བྱང་ཐིམ་ཕུག་འདེམས་ཁོངས་ཀྱི་ དུས་མིན་བཙག་འཐུ་འདི་ ཤུལ་མའི་ཟླཝ་གི་སྤྱི་ཚེས་༤་ལུ་ འགོ་འདྲེན་འཐབ་ནི་ཨིན་མས།

འབྲུག་པའི་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་གི་ ཁྱད་རིག་གི་ཀུན་སྤྱོད་ཚོགས་ཆུང་གིས་ ཚོགས་སྡེ་འདི་ནང་ལུ་ ཐོ་བཀོད་འབད་བར་འོང་མི་ གསོ་བའི་མཁས་པ་ག་ར་གིས་ དབྱེ་དཔྱད་འབད་དགོ་པའི་ རྒྱབ་སྣོན་བཀོད་དེ་ཡོདཔ།

༉ འབྲུག་པའི་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་གི་ ཁྱད་རིག་གི་ཀུན་སྤྱོད་ཚོགས་ཆུང་གིས་ ཚོགས་སྡེ་འདི་ནང་ལུ་ ཐོ་བཀོད་འབད་བར་འོང་མི་ གསོ་བའི་མཁས་པ་ག་ར་གིས་ གསོ་བའི་མཁས་རིག་གི་གནས་ཚད་ཚུ་ དབྱེ་དཔྱད་འབད་དགོ་པའི་ རྒྱབ་སྣོན་བཀོད་དེ་འདུག

རྒྱལ་ཁབ་ནང་ལུ་ ཨམ་སྲུ་རྒཔོ་གཉིས་ལས་འགལ་མེདཔ།

༉ ས་གནས་གཞུང་གི་བཙག་འཐུ་ འགོ་རིམ་༢པའི་ནང་ལས་ རྒཔོ་གི་གོ་གནས་དོན་ལུ་ བཅའ་མར་གཏོགས་མི་ ཨམ་སྲུ་འདེམས་ངོ་ཚུ་གི་གྲལ་ལས་ གཉིས་རྐྱངམ་ཅིག་ བཙག་འཐུ་སྒྲུབ་སྟེ་འདུག

རྒྱལ་ཁབ་ནང་ལུ་ འཕྲུལ་གླང་མཁོ་སྒྲུབ་ཀྱི་དོན་ལུ་ ཇ་པཱན་གཞུང་གིས་ དངུལ་ཀྲམ་ས་ཡ་ སྟོང་ཕྲག་ཕྱེད་ད་༢ལྷགཔ་ཅིག་ གྲོགས་རམ་སྦེ་འབྱིན་ནི་ཨིནམ།

༉ རྒྱལ་ཁབ་ནང་ལུ་ འཕྲུལ་གླང་ མཁོ་སྒྲུབ་འབད་ནི་གི་དོན་ལས་ ཇ་པཱན་གཞུང་གིས་ ཀེ་ཨཱར་ཀྲུ་ཟེར་མི་ མ་དངུལ་གྲོགས་རམ་གྱི་ཐོག་ལས་ དངུལ་ཀྲམ་ས་ཡ་ སྟོང་ཕྲག་ཕྱེད་ད་༢ལྷགཔ་ཅིག་ འབྱིན་ནི་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མགར་ས་རྫོང་ཁག་ ལུ་ན་ན་རྒེད་འོག་ནང་ལུ་ ཕེབས་གནང་སྟེ་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ཁ་ཉིནམ་ མགར་ས་རྫོང་ཁག་ ལུ་ན་ན་རྒེད་འོག་གི་ ལྷེ་དི་གཡུས་ཚན་ནང་ལུ་ ཕེབས་གནང་སྟེ་འདུག

མི་དབང་རྒྱལ་ཡུམ་མཆོག་ལུ་ མི་ཉམས་ཆུང་ཚུ་གི་མི་ཚེ་ཡར་དྲག་བཏང་ཚུགས་པའི་མཛད་བྱ་ལུ་ ངོས་ལེན་ཕུལ་ཏེ་ཡོདཔ།

༉ ཀའི་རི་ཊཱས་ ཨིན་ བེ་རི་ཊེཌ་ ཨིན་ཊར་ནེ་ཤི་ནཱལ་ཟེར་མི་ཚོགས་པ་གིས་ ནིའུ་ཡོག་སི་ཀྲི་ལུ་སྦེ་ དུས་སྟོན་ཅིག་འགོ་འདྲེན་འཐབ་པའི་སྐབས་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལུ་ ད་པོཔ་ཕ་རན་སིས་ཅེ་རི་ཊི་ཨེན་ལི་ཌར་ཤིཔ་ཨེ་ཝཌ་ཟེར་བའི་ ངོས་ལེན་ཕུལ་ཏེ་འདུག

མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ སྤ་རོ་སྨན་ཁང་ནང་ལུ་ གཟིགས་བསྐོར་གནང་ཡོདཔ།

༉ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ ཁ་ཙ་ སྤ་རོ་སྨན་ཁང་ནང་ལུ་ བཤག་བཅོས་ལས་རིམ་འགོ་འདྲེན་འཐབ་ས་ལུ་ གཟིགས་བསྐོར་གནང་ནུག

རྫོང་ཁ་ལུངམ་ལས་ སྣུམ་འཁོར་ཚུ་རྒྱུན་འབྲེལ་འཐབ་ཚུགསཔ་སྦེ་བཟོ་ནི་གི་དོན་ལས་ ད་རུང་ར་ བདུན་ཕྲག་༣དེ་ཅིག་འགོར་ནི་བཟུམ་ཅིག་ཡོདཔ།

༉ ཀྲོང་གསར་དང་གཞལམ་སྒང་གི་བར་ན་ ས་གནས་རྫོང་ཁ་ལུངམ་ཟེར་ས་ལས་ སྣུམ་འཁོར་ཚུ་རྒྱུན་འབྲེལ་འཐབ་ཚུགསཔ་སྦེ་བཟོ་ནི་གི་དོན་ལས་ ད་རུང་ར་ བདུན་ཕྲག་༣དེ་ཅིག་འགོར་ནི་བཟུམ་ཅིག་འདུག

ངང་ལམ་གསོ་བའི་གཞི་རྟེན་སྨན་ཁང་ནང་ལཱ་འབད་མི་ དྲོག་ཀྲར་གཅིག་རྩིས་ཏེ་ གསོ་བའི་ལས་བྱེདཔ་གསུམ་ མཁས་རིག་གི་ཚུལ་མིན་བྱ་སྤྱོད་ལས་བརྟེན་ཏེ་ གནས་སོར་བཏང་ནི་ཨིནམ།

༉ པདྨ་དགའ་ཚལ་ ངང་ལམ་གཞི་བརྟེན་སྨན་ཁང་ནང་ལཱ་འབད་མི་ དྲོག་ཀྲར་གཅིག་རྩིས་ཏེ་ གསོ་བའི་ལཱ་འབད་མི་གསུམ་ སྦུལ་གྱི་སོ་བཏབ་ཡོད་མི་ནདཔ་གཅིག་ ཤི་མི་དང་འབྲེལ་བའི་ མཁས་རིག་གི་ཚུལ་མིན་བྱ་སྤྱོད་ལས་བརྟེན་ཏེ་ གནས་སོར་བཏང་ནི་ཨིན་མས།

འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་ཚོགས་པའི་ ལེགས་སྨོན་སྐུ་ཚབ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ གཞལ་སྒང་ལུ་ གཟིགས་བསྐོར་ལས་རིམ་འདི་ མཇུག་བསྡུ་གནང་ཡོདཔ།

༉ འཛམ་གླིང་སྤྱི་ཚོགས་ མི་རློབས་མ་དངུལ་ཚོགས་པའི་ ལེགས་སྨོན་སྐུ་ཚབ་ མི་དབང་རྒྱལ་ཡུམ་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ གཞལ་སྒང་ལུ་ གཟིགས་བསྐོར་ལས་རིམ་འདི་ ཁ་ཉིནམ་ མཇུག་བསྡུ་གནང་ནུག