རྫོང་ཁ། | ཨིང་ལིཤ། གཟའ་ཟླ་བ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༧

Archive for: སྤྱི་ཟླ་༩ པའི་ཚེས་, ༢༠༡༦

གྲྭ་ཚང་དང་རབ་སྡེ་ཚུ་ནང་ལུ་ རྩིས་ཞབ་འགོ་འདྲེན་འཐབ་པའི་སྐབས་ གདོང་ལེན་བྱུང་དོ་ཡོདཔ།

༉ གྲྭ་ཚང་དང་རབ་སྡེ་ཚུ་ནང་ལུ་ རྩིས་ཞིབ་འབད་ནི་འདི་ གདོང་ལེན་ཅན་ཅིག་སྦེ་ཡོདཔ་ད་ འདི་ཡང་ རྩི་ཁྲ་བཞག་ཐངས་ཚུ་ གཅིག་མཚུགས་འབད་ མེད་ནི་འདི་གིས་ཨིན་མས།

འབྲུག་བལྟ་བཤལ་ཚོགས་སྡེ་གིས་ རྗེས་དྲན་མཆོད་རྟེན་འདི་ རྐང་ཁྲི་འཁོར་ལོ་ཅནམ་ ལག་ལེན་འཐབ་མི་ཚུ་གིས་ཡང་ མཆོད་རྟེན་བསྐོར་ར་བརྐྱབ་ཚུགསཔ་སྦེ་བཟོ་ནི་འབད་ཡོདཔ།

༉ འབྲུག་བལྟ་བཤལ་ཚོགས་སྡེ་གིས་ འབྲེལ་ཡོད་དབང་འཛིན་ཚུ་ནང་ལས་གནང་བ་ཐོབ་པ་ཅིན་ ཐིམ་ཕུག་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་གྱི་ས་སྒོ་ནང་ལུ་ རྐང་ཁྲི་འཁོར་ལོ་ཅནམ་ ལག་ལེན་འཐབ་མི་ཚུ་གིས་ཡང་ མཆོད་རྟེན་བསྐོར་ར་བརྐྱབ་ཚུགསཔ་སྦེ་བཟོ་ནི་ཨིན་མས།

ཀོ་ལོ་ར་ཌོ་ལུ་ སྤྱི་ཟླ་༩་པའི་སྤྱི་ཚེས་༢༤་འདི་ མི་དབང་རྒྱལ་ཡུམ་རྡོ་རྗེ་དབངམོ་དབང་ཕྱུག་མཆོག་གི་ ཉིནམ་ཨིནམ།

༉ ཡེ་ཨེས་གི་མངའ་སྡེ་ ཀོ་ལོ་ར་ཌོ་གིས་ སྤྱི་ཟླ་༩་པའི་སྤྱི་ཚེས་༢༤་འདི་ མི་དབང་རྒྱལ་ཡུམ་རྡོ་རྗེ་དབངམོ་དབང་ཕྱུག་མཆོག་གིས་ ཉིནམ་ཨིནམ་སྦེ་གསལ་བསྒྲགས་འབད་དེ་འདུག

ས་གནས་གཞུང་གི་བཙག་འཐུ་གོ་རིམ་གཉིས་པ་འགོ་འདྲེན་འཐབ་ནིའི་དོན་ལུ་ གྲ་སྒྲིགས་ཚུ་ཚུད་དེ་ཡོདཔ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ས་གནས་གཞུང་གི་བཙག་འཐུ་ གོ་རིམ་གཉིས་པ་འདི་ འགོ་འདྲེན་འཐབ་ནིའི་དོན་ལུ་ སྒྲ་སྒྲིགས་ཚུད་དེ་ཡོདཔ་ཨིན་མས།

མི་དབང་མངའ་ཞབས་མཆོག་གི་བཀའ་རྒྱ་བཞིན་ ཀྲོང་གསར་ བཀྲིས་གླིང་ལུ་ མཐོ་ཚད་མི་ཀྲར་༩འབད་མི་ བྱང་ཆུབ་མཆོད་རྟེན་གཅིག་བཞེངས་ནི།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་བཀའ་རྒྱ་གནངམ་བཞིན་དུ་ ཀྲོང་གསར་རྫོང་ཁག་ སྟངས་སིབ་སྦྱིས་རྒེད་འོག་ བཀྲིས་གླིང་གཡུས་ཚན་ནང་ལུ་ མཐོ་ཚད་མི་ཀྲར་༩འབད་མི་ བྱང་ཆུབ་མཆོད་རྟེན་གཅིག་བཞེངས་ནི་ཨིན་མས།

ན་ཟུག་མེད་པར་ཨ་ལུ་སྐྱེས་ནི་གི་སྨན་བཅོས་ལེན་མི་ཡར་སེང་འགྱོ་དོ་ཡོདཔ།

༉ ཐིམ་ཕུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ ཨམ་སྲུ་༤༠་ལྷགཔ་ཅིག་གིས་ ན་ཟུག་མེད་པར་ཨ་ལུ་སྐྱེས་ནི་གི་ཞབས་ཏོག་ལེན་ཏེ་ཡོདཔ་ལས་ འདི་བཟུམ་གྱི་སྨན་བཅོས་ལེན་མི་ ཨམ་སྲུ་གི་གྱངས་ཁ་འདི་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ཨིན་མས།

ཕར་མ་ཀོ་ལོ་ཇི་ཀཱལ་ཟེར་མི་སྨན་བཅོས་ཀྱི་དོན་ལུ་འོང་མི་གི་གྱངས་ཁ་འདི་༡༢༠་ལུ་ཡར་སེང་འགྱོ་སྟེ་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ ཕར་མ་ཀོ་ལོ་ཇི་ཀཱལ་ཟེར་མི་སྨན་བཅོས་འདི་ འགོ་བཙུགས་ལོ་༡་གི་ནང་འཁོད་ ཆང་དང་སྨྱོ་རྫས་ལུ་ ལང་ཤོར་ཐལ་ཏེ་ཡོད་མི་ སྨན་བཅོས་འབད་བར་འོང་མི་གི་གྱངས་ཁ་འདི་༡༢༠་ལུ་ཡར་སེང་འགྱོ་ནུག

ལྷོ་ཨེ་ཤི་ཡན་ ཀ་ར་ཌི་འགྲན་བསྡུར་ནང་ལས་ འབྲུག་པའི་སྡེ་ཚན་གྱིས་ དབྱེ་ཁག་༧་གྱི་ནང་ལུ་ ལི་གི་རྟགས་མ་ཐོབ་ཡོདཔ།

༉ ལྷོ་ཨེ་ཤི་ཡན་ ཀ་ར་ཌི་འགྲན་བསྡུར་ནང་ལས་ འབྲུག་པའི་སྡེ་ཚན་འདི་གིས་ དབྱེ་ཁག་༧་གི་ནང་ལུ་ ལི་གི་རྟགས་མ་འཐོབ་ནུག

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ དྲུང་འཚོ་ཚུ་དང་ཕྱད་ནི་གི་དོན་ལས་ དུས་སྟབས་བཟོ་ནི་གི་ལམ་ལུགས་ཅིག་ འགོ་བཙུགས་ནི་གི་འཆར་གཞི་ཡོདཔ།

༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ ནདཔ་ཚུ་གིས་ དྲུང་འཚོ་ཚུ་དང་ཕྱད་ནི་གི་དོན་ལས་ དུས་སྟབས་བཟོ་ནི་གི་ལམ་ལུགས་ཅིག་ འགོ་བཙུགས་ནི་གི་འཆར་གཞི་འདུག

མོང་སྒར་ལུ་ ཨ་ནེ་བཤད་གྲྭ་རྐྱབ་ནི་གི་ལཱ་འདི་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་པར་ཡོདཔ།

༉ མོང་སྒར་ལུ་ ཨ་ནེ་བཤད་གྲྭ་རྐྱབ་ནི་གི་ལཱ་འདི་ སྤྱི་ལོ་༢༠༡༣་ལུ་ མཇུག་བསྡུ་དགོཔ་ཅིག་ཨིན་རུང་ ད་ལྟོའི་བར་ན་ཡང་ མཇུག་བསྡུ་མ་ཚུགས་པར་འདུག