རྫོང་ཁ། | ཨིང་ལིཤ། གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

Archive for: སྤྱི་ཟླ་༩ པའི་ཚེས་, ༢༠༡༦

འབྲུག་རྒྱལ་ཁབ་ཀྱིས་ ཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་མི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ལུང་ཕྱོགས་ཀྱི་ཞལ་འཛོམས་ནང་ལུ་ གྲལ་ཁར་གཏོགས་མི་ཚུགས་ནི་ཨིནམ་སྦེ་བཤད་དེ་ཡོདཔ།

༉ འབྲུག་རྒྱལ་ཁབ་ཀྱིས་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ འཐུས་མི་རྒྱལ་ཁབ་དག་པ་ཅིག་དང་ཅིག་ཁར་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་མི་ ལུང་ཕྱོགས་ཀྱི་ཞལ་འཛོམས་འདི་ནང་ལུ་ གྲལ་ཁར་གཏོགས་མི་ཚུགས་ནི་ཨིནམ་སྦེ་ བཤད་དེ་ཡོདཔ་ཨིན།

བློན་ཆེན་ཚེ་རིང་སྟོབས་རྒྱས་འབད་བ་ཅིན་ ཕྱགས་སྙིགས་འཛིན་སྐྱོང་གི་འགན་ཁུར་འདི་ རང་གིས་རང་འབག་དགོཔ།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ རང་སོའི་ཕྱགས་སྙིགས་ཚུ་ ལེགས་ཤོམ་སྦེ་འཛིན་སྐྱོང་འཐབ་ནི་གི་འགན་ཁུར་འདི་ རང་གིས་རང་འབག་བཞིན་ན་ ག་ལྷོད་སར་བཀོག་བཏང་མ་ད་ཟེར་ཨིན་མས།

དུས་ཅི་ སྤྱི་ཟླ་༡༢་པའི་ནང་ལས་ གྲོང་གསེབ་ཚུ་ནང་ལས་ཕར་ སྒེར་གྱི་སྡོད་ཁྱིམ་རྐྱབ་པའི་སྐབས་ མཐའ་ཁོར་ཉོགས་མེད་ཀྱི་འཐུས་ སྤྲོད་མི་དགོ་ནི་ཨིནམ།

༉ དུས་ཅི་ སྤྱི་ཟླ་༡༢་པའི་ནང་ལས་ གྲོང་གསེབ་ཚུ་ནང་ལས་ཕར་ སྒེར་གྱི་སྡོད་ཁྱིམ་རྐྱབ་པའི་སྐབས་ མཐའ་ཁོར་ཉོགས་མེད་ཀྱི་འཐུས་ སྤྲོད་མི་དགོ་ནི་ཨིན་མས།

ད་རེས་ཀྱི་ས་གནས་གཞུང་གི་ བཙག་འཐུ་འདི་ནང་ལུ་ཡང་ འདེམས་ངོ་མང་ཤོས་རང་ ཕོ་སྐྱེས་ཚུ་ བཙག་འཐུ་གྲུབ་སྟེ་ཡོདཔ།

༉ ད་རེས་ཀྱི་ས་གནས་གཞུང་གི་ བཙག་འཐུ་འདི་ནང་ལས་ འདེམས་ངོ་༡༤༠༠་ལྷགཔ་ཅིག་ བཙག་འཐུ་གྲུབ་ས་ལས་ ༡༦༣་རྐྱངམ་ཅིག་ཨམ་སྲུ་ཨིན་མས།

ཤར་དང་ནུབ་ཀྱི་གཞུང་ལམ་བདའ་སྟེ་ ལམ་གྱི་གནས་སྟངས་ལས་བརྟེན་ཏེ་ སྣུམ་འཁོར་རྒྱུན་འགྲུལ་གྱི་ནང་ལུ་ དཀའ་ངལ་ཐོན་དོ་ཡོདཔ།

༉ ཤར་དང་ནུབ་ཀྱི་ གཞུང་ལམ་བདའ་སྟེ་ ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་ལུ་བརྟེན་ མི་དམངས་སྐྱེལ་འདྲེན་བཱསི་འདི་ཚུ་ ཁོང་རའི་ས་གནས་ནང་ དུས་ཚོད་ཁར་ ལྷོད་མི་ཚུགས་དོ་ཡོདཔ་ཨིན་མས།

འབྲུག་རྗེས་སྒང་རྒེད་འོག་ནང་ལུ་ སེམས་ཅན་པེང་གོ་ལིན་གཅིག་ སྲོག་སྐྱབས་འབད་དེ་ བཏང་ཡོདཔ།

༉ དར་དཀར་ན་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་ནང་ལུ་ ཁ་ཙ་ རྒྱ་གར་གྱི་པེང་གོ་ལིན་གཅིག་ སྲོག་སྐྱབས་འབད་དེ་ བཏང་ནུག

ས་གནས་གཞུང་གི་གོ་གནས་༦༨་འདི་ སྟོངམ་སྦེ་རང་ ལུས་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ ཁ་ཉིནམ་ ས་གནས་གཞུང་གི་བཙག་འཐུ་ཐེངས་༢་པ་འགོ་འདྲེན་འཐབ་སྟེ་ཡོད་རུང་ ས་གནས་གཞུང་གི་གོ་གནས་༦༨་འདི་ སྟོངམ་སྦེ་རང་ ལུས་སོང་ནུག

ད་རེས་ཀྱི་ས་གནས་གཞུང་གི་བཙག་འཐུ་ནང་ལུ་ ཨམ་སྲུའི་འདེམས་ངོ་ མང་སུ་ཅིག་ བཙག་འཐུ་གྲུབ་སྟེ་ཡོདཔ།

༉ ད་རེས་ཀྱི་ ས་གནས་གཞུང་གི་བཙག་འཐུ་ནང་ལུ་ རྒཔོ་དང་དམངས་མི་ ཚོགས་པ་དང་ ཁྲོམ་སྡེ་ངོ་ཚབ་ དེ་ལས་ ཁྲོམ་སྡེ་ཚོགས་པ་ལ་སོགས་པའི་ ས་གནས་གཞུང་གི་འགོ་འཁྲིདཔ་གི་དོན་ལས་ ཨམ་སྲུ་འདེམས་ངོ་ མང་སུ་ཅིག་ བཙག་འཐུ་གྲུབ་སྟེ་འདུག

བསམ་གྲུབ་ལྗོངས་མཁར་ལུ་ ཧེ་མའི་ཁྲོམ་དཔོན་འདི་རང་ བཙག་འཐུ་གྲུབ་སྟེ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གི་ མི་སེར་ཚུ་གིས་ ཁྲོམ་དཔོན་འདི་ ཧེ་མའི་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱལ་འདི་རང་ ལོག་བཙག་འཐུ་འབད་དེ་འདུག

ད་རེས་ཀྱི་ས་གནས་གཞུང་གི་བཙག་འཐུ་ནང་ལུ་ ཚོགས་རྒྱན་བཙུགས་མི་ བརྒྱ་༥༥་ལྷགཔ་ཅིག་འོང་ཡོདཔ།

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཡོངས་འབྲེལ་ནང་ལུ་ བཀོད་དེ་ཡོད་མི་དང་འཁྲིལ་བ་ཅིན་ ཁ་ཉིནམ་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པའི་ནང་ལུ་ ཚོགས་རྒྱན་བཙུགས་མི་འདི་ བརྒྱ་༥༥་ལྷགཔ་ཅིག་འོང་ཡོདཔ་སྦེ་ཨིན་མས།