རྫོང་ཁ། | ཨིང་ལིཤ། གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

Archive for: སྤྱི་ཟླ་༦ པའི་ཚེས་, ༢༠༡༦

ལཱ་གཡོག་ལྷན་ཁག་གིས་ རྒྱལ་ཡོངས་མི་སྟོབས་འཆར་གཞི་གསར་བཏོན་འབད་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ རིག་རྩལ་ཡོད་པའི་ལས་མི་དགོ་འདོད་སྐྱེད་མི་འདི་ ཡར་སེང་འགྱོ་དོ་ཡོད་མི་དང་འབྲེལ་ ལཱ་གཡོག་ལྷན་ཁག་གིས་ ད་རེས་ བཟོ་བསྐྲུན་དང་བལྟ་བཤལ་ དེ་ལས་ བཟོ་གྲྭ་ལས་སྡེ་ཚུ་གི་དོན་ལུ་ རྒྱལ་ཡོངས་མི་སྟོབས་འཆར་གཞི་ཅིག་ བཟོ་ཚར་ཏེ་འདུག

སོ་ནམ་ཞིང་ལམ་ ཉམས་བཅོས་འབད་ཐངས་ལུ་བལྟ་སྟེ་ གཙང་མཁར་གཡུས་ཚན་གྱི་མི་སེར་ཚུ་ སེམས་མ་དགའ་བར་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ ར་དྭི་རྒེད་འོག་ གཙང་མཁར་གཡུས་ཚན་གྱི་མི་སེར་ཚུ་ ཁོང་གི་ སོ་ནམ་ཞིང་ལམ་འདི་ ཉམས་བཅོས་འབད་ཐངས་ལུ་བལྟ་སྟེ་ སེམས་མ་དགའ་བར་འདུག

རྒྱལ་གཞུང་འབྲུག་གི་འགག་སྡེ་གི་གཙོ་འཛིན་ མགྱོགས་པ་རང་ དགོངས་ཞུ་འབད་ནི་སྦེ་ཡོདཔ།

༉ རྒྱལ་གཞུང་འབྲུག་གི་འགག་སྡེ་གི་གཙོ་འཛིན་ མདོ་འཛིན་སྐྱིདཔ་ཅུ་རྣམ་རྒྱལ་གྱིས་ ཁ་ཙ་ལས་ གཞུང་འབྲེལ་དུ་ ཁོ་རའི་ལཱ་འགན་ཚུ་ འགག་སྡེའི་ལྷན་ཐབས་གཙོ་འཛིན་ལུ་ རྩིས་སྤྲོད་འབད་ཡི།

རྒྱལ་ཁབ་ནང་ལུ་ མི་སེར་སོ་ནམ་ལ་ལུ་ཅིག་གིས་ སོ་ནམ་འཕྲུལ་ཆས་ཚུ་ལག་ལེན་འཐབ་སྟེ་ དངུལ་གྱི་འོང་འབབ་ ལེགས་ཤོམ་བཟོ་དོ་ཡོདཔ།

༉ གཞུང་གིས་ཁ་ཐུག་ལས་ རྒྱལ་ཁབ་ནང་ལུ་ སོ་ནམ་འཕྲུལ་ཆས་ཚུ་ བགོ་བཀྲམ་འབད་དེ་ཡོད་རུང་ འཕྲུལ་གླང་ལག་ལེན་འཐབ་མི་མེད་མི་འདི་ ཚ་འགྱང་ཆེ་བའི་ གནད་དོན་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན།

བསམ་གྲུབ་ལྗོངས་མཁར་ལུ་ མི་སེར་སོ་ནམ་པ་ཚུ་གིས་ ཀེ་བ་རིན་བསྡུར་འབད་ནི་གི་ དུས་ཚོད་འདི་་ཡར་སེང་འབད་དགོཔ་སྦེ་ སླབ་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ མི་སེར་སོ་ནམ་པ་ཚུ་གིས་ འབྲུག་ཟ་སྤྱོད་ལས་འཛིན་གྱི་ཁ་ཐུག་ལས་ ཀེ་བ་རིན་བསྡུར་འབད་ནི་གི་དུས་ཚོད་འདི་ ཡར་སེང་འབད་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་མས།

རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་འཁྲིལཔ་ད་ སེམས་ནད་འཐོབ་མི་གི་གྱངས་ཁ་འདི་ ཕོ་རྒས་ཚུ་དང་འཕྱདཔ་ད་ ཨམ་སྲུ་ཚུ་མང་སུ་ཅིག་ཡོདཔ་སྦེ་ བཀོད་དེ་ཡོདཔ།

༉ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་འཁྲིལཔ་ད་ སེམས་ནད་འཐོབ་མི་ ངོས་འཛིན་འབད་མི་གི་གྲལ་ལས་ མང་སུ་གཅིག་ ཨམ་སྲུ་ཚུ་ཨིནམ་སྦེ་བཀོད་ནུག

ད་རེས་ འགོ་དང་པ་ རྒྱལ་ཁབ་ནང་ལུ་ ན་གཞོན་བུམོ་ཚུ་གི་དོན་ལས་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ཅིག་ གཞི་བཙུགས་འབད་དེ་ཡོདཔ།

༉ ད་རེས་ རྒྱལ་ཁབ་ནང་ལུ་ བུམོ་ཚུ་གི་དོན་ལས་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ཅིག་ རྐྱབ་སྟེ་ཡོདཔ་ཨིན་མས།

ཐིམ་ཕུག་གི་ ས་གནས་ལ་ལོ་ཅིག་ནང་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་རང་ འཐོན་ཏེ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་འོག་གི་ ས་གནས་ལ་ལུ་ཅིག་ནང་ལུ་ འཐུང་ཆུ་བཀྲམ་སྤེལ་ རྒྱུན་མ་ཆད་པར་རང་ཡོདཔ་ཨིན་རུང་ ལྕང་ཟམ་ཏོག་དང་ ལྕང་གྱི་དར་ཕུག་ དེ་ལས་ ལྕང་ཇི་ཇི་གི་ ས་གནས་ཚུ་ནང་སྡོད་མི་ཚུ་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་འཐོན་ཏེ་རང་ཡོདཔ་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཟླ་བ་ཐང་གཡུས་ཚན་ནང་ལུ་ གཟིགས་བསྐོར་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ བསམ་གྲུབ་ལྗོགས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་དྲུང་ཁག་གི་ ཟླ་བ་ཐང་གཡུས་ཚན་ནང་ལུ་ གཟིགས་བསྐོར་གནང་ཡི།

རྒྱལ་ཁབ་ནང་ལུ་ རུ་པི་གི་དཀའ་ངལ་སེལ་ཚུགས་ཏེ་ཡོདཔ།

༉ དངུལ་རྩིས་བློན་པོ་ རྣམ་རྒྱས་རྡོ་རྗེ་གིས་བཀོད་མི་ནང་ གཞུང་གིས་ རྒྱལ་ཁབ་ནང་ལུ་ རྒྱ་གར་གྱི་དངུལ་ རུ་པི་མ་ལང་པའི་དཀའ་ངལ་འདི་ བསལ་ཚུགས་ཏེ་ཡོད་ཟེར་ཨིན་མས།