རྫོང་ཁ། | ཨིང་ལིཤ། གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

Archive for: སྤྱི་ཟླ་༥ པའི་ཚེས་, ༢༠༡༦

དངུལ་ཁང་ཚུ་གིས་ ན་ཧིང་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༡༠་དེ་ཅིག་ སྐྱིན་འགྲུལ་ཁ་སྐོང་བྱིན་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ཡོད་པའི་ དངུལ་ཁང་ཚུ་གིས་ ན་ཧིང་གི་ལོ་ནང་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༡༠དེ་ཅིག་ སྐྱིན་འགྲུལ་ཁ་སྐོང་བྱིན་ས་ལས་ མཐོ་ཤོས་འདི་ ཧེ་མ་བཟུམ་སྦེ་རང་ སྒྲིང་ཁྱིམ་བརྐྱབ་མི་དང་ བཟོ་བསྐྲུན་ལས་སྡེ་ནང་ལུ་ བྱིན་ནུག

ཧེ་མ་དང་ཕྱདཔ་ད་ བྲིས་ལྷག་ཤེས་ཡོན་གྱི་བརྟག་དཔྱད་ཆོས་རྒྱུགས་རྐྱབ་པར་འོང་མི་གི་གྱངས་ཁ་འདི་ མར་ཕབ་འགྱོ་སྟེ་ཡོདཔ།

༉ ས་གནས་གཞུང་གི་ བཙག་འཐུ་ཐེངས་གཉིས་པའི་དོན་ལས་ བྲིས་ལྷག་ཤེས་ཡོན་གྱི་བརྟག་དཔྱད་ཆོས་རྒྱུགས་རྐྱབ་པར་འོང་མི་གི་གྱངས་ཁ་འདི་ བཙག་འཐུ་ཐེངས་དང་པ་དང་འཕྱདཔ་ད་ མར་ཕབ་འགྱོ་སྟེ་འདུག

ནོར་འཛིན་ལམ་བདའ་སྟེ་ ཟླཝ་རེ་ནང་ཉིནམ་རེ་ སྣུམ་འཁོར་རྒྱུན་འབྲེལ་འཐབ་མ་ཆོགཔ་སྦེ་བཟོ་ནི་གི་ གྲོས་ཐག་བཅད་མི་འདི་ ཕར་ཕུད་བརྐྱབ་སྟེ་ཡོདཔ།

༉ ཐིམ་ཕུག་ཁྲོམ་སྡེ་གིས་ ནོར་འཛིན་ལམ་བདའ་སྟེ་ ཟླཝ་རེ་ནང་ཉིནམ་རེ་ སྣུམ་འཁོར་རྒྱུན་འབྲེལ་འཐབ་མ་ཆོགཔ་སྦེ་བཟོ་ནི་གི་ གྲོས་ཐག་བཅད་མི་འདི་ ཕར་ཕུད་བརྐྱབ་སྟེ་འདུག

ཇོ་མོ་གཙང་ཁ་དྲུང་ཁག་ནང་ལུ་ མགྱོགས་པ་ར་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ གཞི་བཙུགས་འབད་ནི་ཨིནམ།

༉ ཇོ་མོ་གཙང་ཁ་དྲུང་ཁག་ནང་ལུ་ དྲུང་ཁག་གི་ཁ་ཐུག་ལས་ མགྱོགས་པ་ར་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ གཞི་བཙུགས་འབད་ནི་ཨིནམ་ལས་ འདི་ནང་གི་ སྣུམ་འཁོར་གྱི་ཇོ་བདག་ཚུ་ སེམས་དགའ་སྟེ་འདུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲ་ཤིས་ཆོས་རྫོང་ནང་ལུ་སྦེ་ ཐའི་ལེན་གྱི་ མི་དབང་རྒྱལ་པོའི་སྲསམོ་་ལུ་ མཇལ་འཕྲད་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ བཀྲ་ཤིས་ཆོས་རྫོང་ནང་ལུ་སྦེ་ ཐའི་ལེན་གྱི་ མི་དབང་རྒྱལ་པོའི་སྲསམོ་ མཧ་ཅཀ་རི་སི་རིན་ཐོ་རཱོན་ལུ་ མཇལ་ཕྲད་གནང་ཡི།

འབྲུག་དང་མ་ཡན་མཱར་ རྒྱལ་ཁབ་གཉིས་ཀྱི་བར་ན་ འབྲུག་གི་མཁའ་འགྲུལ་འདི་ ལོག་སྟེ་རང་ འཕུར་འགྲུལ་འབད་ནི་ཨིནམ།

༉ འབྲུག་མཁའ་འགྲུལ་གྱི་ མ་ཡན་མཱར་ལུ་ གནམ་གྲུ་འཕུར་འགྲུལ་འབད་ནི་འདི་ མཚམས་འཇོག་འབད་དེ་ ལོ་༡༠་ལྷགཔ་ཅིག་ འགྱོ་བའི་ཤུལ་ལུ་ མགྱོགས་པ་ར་ ལོག་སྟེ་འགོ་བཙུགས་ནི་ཨིན་མས།

དགར་ས་དང་བཀྲིས་སྒང་རྫོང་ཁག་ནང་ལུ་ རླུང་འཚུབས་འཕུ་མི་ལས་བརྟེན་ཏེ་ སྡོད་ཁྱིམ་དང་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་བྱུང་སྟེ་ཡོདཔ།

༉ མགར་ས་རྫོང་ཁག་ ཁ་སྟོད་རྒེད་འོག་ནང་ལུ་ ཁ་ཉིནམ་ཉི་མ་ ཆུ་ཚོད་ཕྱེད་ད་༤་དེ་ཅིག་ཁར་ རླུང་འཚུབས་འཕུ་མི་ལས་བརྟེན་ཏེ་ སྡོད་ཁྱིམ་ལྔ་དང་ ནོར་ཁྱིམ་གཅིག་གི་ ཁྱིམ་ཐོག་ཚུ་ ཤུབས་བདའ་ནུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཟའ་ཚང་༤༢་ལུ་ མི་རྩིས་ཀྱི་སྐྱིད་སྡུག་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ ཐིམ་ཕུག་ བཀྲིས་ཆོས་རྫོང་ནང་ལུ་སྦེ་ བཟའ་ཚང་༤༢་ལུ་ མི་རྩིས་ཀྱི་སྐྱིད་སྡུག་གནང་ཡི།

མི་དབང་རྒྱལ་ཚབ་མཆོག་གིས་ དགའ་རབ་དབང་ཕྱུག་གི་ གནས་ཁང་གསརཔ་དང་ ཀུན་བཟང་གླིང་སློབ་གྲྭ་ལྟེ་བའི་སྒྲིང་ཁྱིམ་གསཔ་གྲུབ་སྟེ་ཡོད་མི་ཚུ་ འགོ་འབྱེད་མཛད་གནང་ཡོདཔ།

༉ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ཁ་ཙ་ བཀྲིས་སྒང་རྫོང་ལུ་སྦེ་ ས་གནས་ཀྱི་སྲུང་མ་ དགའ་རབ་དབང་ཕྱུག་གི་ གནས་ཁང་གསརཔ་བཞེངས་ཏེ་ཡོད་མི་འདི་ འགོ་འབྱེད་མཛད་གནང་ནུག

ཐའི་གི་མི་དབང་རྒྱལ་པོའི་སྲསམོ་ འབྲུག་ལུ་ ཉིན་གྲངས་༤་གི་གཟིགས་བསྐོར་གྱི་དོན་ལུ་ བྱོན་ཏེ་ཡོདཔ།

༉ ཐའི་མི་དབང་རྒྱལ་པོའི་སྲསམོ་ མ་ཧ་ཅག་ཀིརི་སི་རིན་དྲོརན་འདི་ ཁ་ཙ་ འབྲུག་རྒྱལ་ཁབ་ནང་ལུ་ བྱོན་ཏེ་ཡོདཔ་ཨིན།