རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

Archive for: སྤྱི་ཟླ་༤ པའི་ཚེས་, ༢༠༡༦

འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༢༠༡༨་ཀྱི་ནང་འཁོད་ ཚད་ནད་རྩ་མེད་བཏང་ནི་གི་འཆར་གཞི་ཡོད་མི་འདི་ གྲུབ་ནི་བཟུམ་ཅིག་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ ན་ཧིང་ ཚད་པའི་ནད་གཞི་ཐོབ་མི་འདི་ ༣༤་ལས་བརྒལ་མ་ཐོན་པར་ཡོདཔ་མ་ཚད་ད་ སྤྱི་ལོ་༢༠༡༣་ལས་ ཚད་ནད་འདི་ལས་བརྟེན་ཏེ་ མི་ཕུད་རྡོག་གཅིག་ལུ་ཡང་ ཤི་རྐྱེན་མ་བྱུང་པས།

སྒེར་གྱི་ལས་བྱེདཔ་ཚུ་གིས་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་ཞབས་ཏོག་དགོཔ་སྦེ་སླབ་དོ་ཡོདཔ།

༉ པདྨ་དགའ་ཚལ་ལུ་ སྒེར་སྡེ་ནང་ལཱ་འབད་མི་ཚུ་གིས་སླབ་མི་ནང་ ཁོང་ལུ་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞབས་ཏོག་འཐོབ་ཚུགས་པ་ཅིན་ དུས་ཚོད་དང་ཟད་འགྲོ་ འཕྲོ་བརླག་མི་འགྱོ་ནི་ཨིནམ་ལས་ ཕན་ཐོགས་སྦོམ་སྦེ་རང་ བྱུང་ནི་མས་ཟེར་བཤད་ཅི།

སྐྱེས་ལོ་༡༤་མན་ཆད་ཀྱི་ ལུང་ཕྱོགས་བུམོ་ཚུ་གི་རྐང་རྩེད་ འགྲན་བསྡུར་ནང་ལུ་ འབྲུག་པའི་ རྒྱལ་ཡོངས་བུམོ་གི་སྡེ་ཚན་འདི་གིས་ ཀི་གིརས་ཏཱན་གྱི་སྡེ་ཚན་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཁ་ཙ་ ཨེ་ཤི་ཡན་རྐང་རྩེད་ཚོགས་པའི་ སྐྱེས་ལོ་༡༤་མན་ཆད་ཀྱི་ ལུང་ཕྱོགས་བུམོ་ཚུ་གི་རྐང་རྩེད་ འགྲན་བསྡུར་ནང་ལུ་ སྐྱེས་ལོ་༡༤་མན་ཆད་འབད་མི་ འབྲུག་པའི་ རྒྱལ་ཡོངས་བུམོ་གི་སྡེ་ཚན་འདི་གིས་ ཀི་གིརས་ཏཱན་གྱི་སྡེ་ཚན་འདི་ ཕམ་བཏང་ནུག

གསར་སྤང་ལུ་ བརྒྱུད་འབྲེལ་འཕྲུལ་རིག་གི་ གསོ་བའི་ཞབས་ཏོག་ཅིག་ གཞི་བཙུགས་འབད་དེ་ཡོདཔ།

༉ གསར་སྤང་རྫོང་ཁག་འོག་གི་ ཨུམ་གླིང་གཞི་རྟེན་སྨན་ཁང་ནང་ལུ་ བརྒྱུད་འབྲེལ་འཕྲུལ་རིག་གི་ གསོ་བའི་ཞབས་ཏོག་ཅིག་ གཞི་བཙུགས་འབད་དེ་ཡོད་མི་འདི་གིས་ ད་ལས་ཕར་ ཞབས་ཏོག་འདི་ལས་བརྟེན་ཏེ་ མི་ཚུ་གི་ གསོ་བའི་ཞབས་ཏོག་ཚུ་ དུས་ཚོད་ཁར་འཐོབ་ཚུགས་ནི་ཨིན་མས།

དགེ་འདུ་ལུ་ ལབ་རྩ་ཁ་ཁྲོམ་གྱི་ སྒྲིང་ཁྱིམ་གྱི་ཇོ་བདག་ཚུ་ སྐྱིན་འགྲུལ་བཏབ་ནི་ལུ་ ལཱ་ཁག་བཏང་སྟེ་ཡོདཔ།

༉ དགེ་འདུ་ལུ་ ལབ་རྩ་ཁ་ཁྲོམ་ཁར་ཡོད་མི་ སྒྲིང་ཁྱིམ་གྱི་ཇོ་བདག་ཚུ་ སྐྱིན་འགྲུལ་བཏབ་མ་ཚུགས་པར་ ལ་ཁག་བཏང་དོ་ཡོདཔ་ཨིན་མས།

མི་སྡའི་བརྡ་བརྒྱུད་ཝི་ཅེཏ་ནང་ལུ་ འདོད་སྤྱོད་ཀྱི་གློག་བརྙན་ ཁྱབ་སྤེལ་འབད་མི་ལས་བརྟེན་ཏེ་ ཁྲིམས་སྲུང་འགག་པ་གིས་བཟུང་ཡོདཔ།

༉ སྐྱེས་ལོ་༣༩ལང་མི་ཕོ་རྒས་གཅིག་ འདོད་སྤྱོད་ཀྱི་གློག་བརྙན་ མི་སྡེའི་བརྡ་བརྒྱུད་ ཝི་ཅེཊ་ནང་ལུ་སྦེ་ བཀྲམ་སྤེལ་འབད་བའི་ཉེས་པ་ལས་བརྟེན་ཏེ་ ལྷུན་རྩེ་གི་ ཁྲིམས་སྲུང་འགག་པའི་དོ་དམ་ནང་ལུ་ཡོདཔ་ཨིན་མས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དར་དཀར་ན་གི་སྨོན་ལམ་ཆེན་མོ་ནང་ལུ་ དབུ་ཞུགས་མཛད་གནང་དོ་ཡོདཔ།

༉ ད་དཀར་ན་གི་ ལོ་བསྟར་སྨོན་ལམ་ཆེན་མོ་འདི་ ཁ་ཙ་ལས་ གནང་ནི་འགོ་བཙུགས་ནུག

མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ སྤུ་ན་ཁ་ སྟོད་པའི་ས་ལུ་ཡོད་མི་ བླམ་འབྲུག་པ་ཀུན་ལེགས་ཀྱི་བྱོན་ལམ་ ལོག་བསྐྱར་གསོ་མཛད་གནང་ཡོདཔ།

༉ ན་གཞོན་གོང་འཕེལ་མ་དངུལ་གྱི་གཙོ་འཛིན་ མི་དབང་རྒྱལ་ཡུམ་ ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ ཁ་ཙ་ སྤུ་ན་ཁ་རྫོང་ཁག་ སྟོད་པའི་ས་རྒེད་འོག་ནང་ལུ་ ལྟ་ཧོ་སྒང་ལས་ སི་ལུ་ནང་ཚུན་གྱི་ བླམ་འབྲུག་པ་ཀུན་ལེགས་ཀྱི་ བྱོན་ལམ་འདི་ ལོག་སྟེ་ བསྐྱར་གསོ་མཛད་གནང་ཡི།

ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་འདི་ གཞུང་གིས་དབང་བའི་ལས་སྡེ་ཅིག་ལུ་བཟོ་ནི་གི་དོན་ལས་ ཚོང་འབྲེལ་བར་མ་དང་ཆུང་བའི་ དངུལ་འབྲེལ་གྱི་ཁྲིམས་ལུགས་དང་སྒྲིག་གཞི་ལུ་ བསྒུག་དགོཔ།

༉ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་འདི་ གཞུང་གིས་དབང་བའི་ ལས་སྡེ་ཅིག་ལུ་བཟོ་ནི་གི་དོན་ལས་  བསྒུག་དགོཔ་ཨིན་མས།
འདི་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ཚོང་ལས་ཆུང་བ་དང་བར་མ་ཚུ་གི་ དངུལ་འབྲེལ་ལཱ་གི་དོན་ལས་ ཁྲིམས་ལུགས་དང་སྒྲིག་གཞི་ཅིག་མེདཔ་ལས་ དངུལ་ཁང་ལྟེ་བའི་ཁ་ཐུག་ལས་ སྒྲིག་གཞི་འདི་མ་བཟོ་ཚུན་ཚོད་ལུ་ བསྒུག་དགོཔ་ཨིན་མས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ དངུལ་ཁང་ལྟེ་བ་གིས་ ཚོང་ལཱ་ཆུང་བ་དང་བར་གི་དོན་ལས་ ཁྲིམས་ལུགས་དང་སྒྲིག་གཞི་བཟོ་མ་ཚར་གྱི་ནང་འཁོད་ བརྒྱུན་འཁོར་མ་དངུལ་དང་པ་དང་ གཉིས་པ་འདི་ གནས་སྐབས་ཅིག་ འབྲུག་གོང་འཕེལ་དངུལ་ཁང་དང་ ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་གིས་ འཛིན་སྐྱོང་འཐབ་སྟེ་ཡོད་ཟེར་ཨིན་མས།
ཨིན་རུང་ གཞུང་གིས་ ཚོང་འབྲེལ་ཆུང་བ་དང་བར་མའི་གོང་འཕེལ་གྱི་དངུལ་ཁང་ཅིག་གཞི་བཙུགས་འབད་ཚར་བའི་བསྒང་ལས་ བརྒྱུན་འཁོར་མ་དངུལ་གཉིས་ཆ་ར་ དངུལ་ཁང་འདི་གི་འོག་ལུ་ ཚུད་འོང་ཟེར་གསུང་ཡི།
ཚོང་འབྲེལ་གོ་སྐབས་དང་བརྡ་དོན་ལྟེ་བ་འདི་ གཞུང་གིས་ མ་དངུལ་ས་ཡ་སྟོང་ཕྲག་༡་དང་ཚག་༩་གི་ཐོག་ལས་ དཔལ་འབྱོར་ལྷན་ཐབས་འཆར་གཞི་གི་ལས་རིམ་ཅིག་འབད་ གཞི་བཙུགས་འབད་དེ་ཡོདཔ་ཨིན།
ལྟེ་བ་འདི་གིས་ ད་ལྟོ་ཚུན་ཚོད་ དངུལ་ཀྲམ་ས་ཡ་༥༩༠་ལྷགཔ་ཅིག་གནས་པའི་ ལས་འགུལ་༢༠༧༠་ལྷགཔ་ཅིག་ ཆ་འཇོག་གྲུབ་སྟེ་འདུག

འབྲུག་གླུ་གར་དབྱངས་རྩལ་ལྟེ་བ་གིས་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གི་སྐུ་རིང་ལུ་ འཐེན་ཏེ་ཡོད་མི་ ཞབས་ཁྲ་༡༥་བསྡུ་ལེན་འབད་དེ་ཡོདཔ།

༉ འབྲུག་གླུ་གར་དབྱངས་རྩལ་ལྟེ་བ་གིས་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གི་ སྐུ་རིང་ལུ་ འཐེན་ཏེ་ཡོད་མི་ ཞབས་ཁྲ་༡༥་ བསྡུ་ལེན་འབད་བཞིན་ན་ བརྙན་འཁོར་ནང་ སྒྲ་བཟུང་འབད་དེ་ འདུག