རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

Archive for: སྤྱི་ཟླ་༣ པའི་ཚེས་, ༢༠༡༦

ཀྲོང་གསར་ཁྲུས་སྤང་གི་ ཚོད་བསྲེ་བཙོང་སའི་ས་སྒོ་ནང་ལུ་ ནང་འདྲེན་འབད་དེ་ཡོད་པའི་ ཚོད་བསྲེ་གི་རིགས་ཚུ་ བཙོང་ཐག་མ་ཆོགཔ་བཟོ་སྟེ་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ ཁྲུས་སྤང་ལུ་ཡོད་པའི་ ཚོད་བསྲེ་བཙོང་སའི་ས་སྒོ་ནང་ལུ་ ད་རེས་འགོ་དང་པ་ ཕྱི་ལས་ནང་འདྲེན་འཐབ་མི་ ཚོད་བསྲེ་གི་རིགས་ཚུ་ མི་མཐོང་དོ་ཡོདཔ་ཨིན་མས།

བཀྲ་ཤིས་སྒང་ལུ་ ཕོ་རྒས་ཅིག་གིས་ མོ་ཊར་བའིཀ་ཅིག་བཟོ་སྟེ་ཡོདཔ།

༉ བཀྲ་ཤིས་སྒང་ བཀང་ལུང་ལས་ ཕོ་རྒས་གཅིག་གིས་མོ་ཊར་བའིཀ་གཅིག་ བཟོ་སྟེ་ཡོདཔ་ཨིན་མས།

དུ་བའི་ལུ་ སྐྱེས་ལོ་༢༦་ལང་མི་འབྲུག་མི་ཅིག་ ཤི་སྟེ་ཡོདཔ།

༉ དུ་བའི་གི་ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༦་ལང་མི་འབྲུག་མི་གཅིག་ ཤི་ཡོདཔ་སྦེ་མཐོང་མི་གི་སྐོར་ལས་ ཞིབ་དཔྱད་ཚུ་འབད་བའི་བསྒང་འདུག

གྲོང་གསེབ་ཀྱི་ས་སྒོ་ཚུ་ནང་ལས་ཕར་ ད་ལྟོའི་བར་ན་ཡང་ ཉེན་སྲུང་དང་ལྡན་པའི་ འཐུང་ཆུ་མ་ཐོབ་པར་ཡོདཔ།

༉ གྲོང་གསེབ་ཀྱི་ས་སྒོ་ཚུ་ནང་ལས་ཕར་ ད་ལྟོའི་བར་ན་ཡང་ མི་སེར་འབུམ་༤་ལྷགཔ་ཅིག་གིས་ ཉེན་སྲུང་དང་ལྡན་པའི་ འཐུང་ཆུ་མ་ཐོབ་པར་ཡོདཔ་སྦེ་ཨིན་མས།

ཀ་མེད་ཆུ་ལུ་སྦེ་ ནགས་ཚལ་མེ་རྐྱེན་ཅིག་ ཤོར་ཏེ་ཡོད་ས་ལས་ དོམ་གྱི་ཕྱུག་གུ་གཉིས་ སྲོག་སྐྱབས་འབད་ཚུགས་ཏེ་ཡོདཔ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ ཀ་མེད་ཆུ་ལུ་སྦེ་ ནགས་ཚལ་མེ་རྐྱེན་ཅིག་ ཤོར་ཏེ་ཡོད་ས་ལས་ ཁ་ཉིནམ་ དོམ་གྱི་ཕྱུག་གུ་གཉིས་ སྲོག་སྐྱབས་འབད་ཚུགས་ཏེ་སྦེ་འདུག

ཁྲིམས་སྲུང་འགག་པ་ཚུ་གིས་ གཏམ་ཁུ་གི་འཐོན་སྐྱེད་ཚུ་འབག་སྟེ་ཡོད་མི་ལས་བརྟེན་ཏེ་ སྐྱེས་ལོ་༢༣་ལང་མི་ཕོ་སྐྱེས་ཅིག་བཟུང་ཡོདཔ།

༉ ཕུན་ཚོགས་གླིང་གི་ཁྲིམས་སྲུང་འགག་པ་གིས་ གཟའ་ལྷགཔ་གི་ཚེ་ སྐྱེས་ལོ་༢༣་ལང་མི་ཕོ་སྐྱེས་གཅིག་ དངུལ་ཀྲམ་སྟོང་ཕྲག་༥༠་ལྷགཔ་ཅིག་གནས་པའི་ གཏམ་ཁུ་གི་འཐོན་སྐྱེད་ཚུ་འབག་སྟེ་ཡོདཔ་སྦེ་ བདའ་ཟུན་ནུག

སྟག་སྐྱིད་ལ་ལུ་ ཆོས་ཞུ་བར་འོང་མི་ཚུ་གི་དོན་ལས་ གནས་སྐབས་ཀྱི་ཁྱིམ་རྐྱབ་སྟེ་ཡོད་མི་ཚུ་གི་ ཁང་གླ་འདི་མཐོ་སུ་ཅིག་སྦེ་ཡོདཔ།

༉ ལྷུན་རྩེ་ སྟག་སྐྱིད་ལ་ལུ་སྦེ་ རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་གནང་ས་ལུ་ དད་ཅན་གྱི་མི་སེར་ སྟོང་ཕྲག་ལས་བཅད་དེ་ འཛོམས་ཏེ་ཡོད་མི་དང་འབྲེལ་ ཆོས་ཞུ་མི་ཚུ་གི་དོན་ལས་ ཁང་གླ་ཁར་བཏང་ནི་གི་དོན་ལས་ གནས་སྐབས་ཀྱི་ཁྱིམ་ ལེ་ཤཱ་ཅིག་རང་རྐྱབ་སྟེ་སྦེ་འདུག

སྤ་རོ་གི་ལོ་བསྟར་ཚེས་བཅུ་ ཉིནམ་མཇུག་འདི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱོན་གནང་ཡོདཔ།

༉ ཁ་ཙ་ ལོ་བསྟར་སྤ་རོ་ཚེས་བཅུ་གི་ ཉིནམ་མཇུག་འདི་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱོན་གནང་ཡི།

ཚོང་གི་ལག་ཁྱེར་ཚུ་ ཚུལ་མིན་ལག་ལེན་འཐབ་པའི་ རྩོད་གཞི་འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕུག་ཚོགས་གླིང་དྲུང་ཁག་ ཁྲིམས་ཀྱི་འདུན་སར་སྐྱེལ་ནི་ཨིནམ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཚོང་གི་ལག་ཁྱེར་ཚུ་ ཚུལ་མིན་ལག་ལེན་འཐབ་པའི་ རྩོད་གཞི་ལྷག་ལུས་༤་ཡོད་མི་འདི་ མགྱོགས་པ་ར་ ཕུག་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་སར་སྐྱེལ་ནི་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ལྕང་རྒེད་འོག་གི་ རྒཔོ་བགྲེསཔ་གི་མིང་ཐོག་ཁར་ཡོད་པའི་ས་ཆ་འདི་ ཉོ་བཙོང་འཐབ་ཐ་མ་ཆོགཔ་འབད་ བཀག་ཆ་འབད་དེ་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ལྕང་རྒེད་འོག་གི་ རྒཔོ་བགྲེསཔ་ནག་ཀུ་དང་ ཁོ་གི་བུ་དེ་ལས་ ས་ཆ་ཉོ་མི་གཉིས་རྩིས་ཏེ་ མི་ངོམ་ལྔ་གི་མིང་ཐོག་ཁར་ཡོད་པའི་ས་ཆ་པོ་ལོཊ་༥་དེ་ཅིག་ ཉོ་བཙོང་འཐབ་ཐ་མ་ཆོགཔ་འབད་ བཀག་ཆ་འབད་དེ་འདུག