རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

Archive for: སྤྱི་ཟླ་༢ པའི་ཚེས་, ༢༠༡༦

ཀྲོང་གསར་རྫོང་ཉམས་གསོ་ཞུ་དོ་ཡོདཔ།

༉ སང་ཕོད་ཀྱི་ལོ་མཇུག་བསྡུ་བའི་བསྒང་ལས་ ཀྲོང་གསར་རྫོང་གི་ ནུབ་བྱང་ཁ་ཐུག་གི་ས་སྒོ་འདི་ ཉམས་གསོ་ཞུ་སྟེ་འོང་ནི་ཨིན་མས།

ནོརབ་ལྡིང་ལུ་ ཆུ་མ་ལང་པའི་དཀའ་ངལ་ཐོན་ཏེ་ ཟླཝ་ལས་བཅད་དེ་སོང་སྟེ་ཡོདཔ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ ནོརབ་ལྡིང་གཡུས་མཚན་གི་ མི་ཚུ་ལུ་ ཆུ་མ་ལངས་པའི་ དཀའ་ངལ་འཐོན་ཏེ་སྦེ་ ཟླཝ་༥་དེ་ཅིག་ལངས་དོ་ཡོདཔ་ཨིན་མས།

ལྡོག་ཕྱོགས་ཚོགས་པ་གིས་ གཞུང་གིས་ ཚོགས་ཆུང་གཅིག་བཟོ་མི་འདི་གིས་ ལུང་ཕྱོགས་ཀྱི་བར་ན་ དབྱེ་བ་ཕྱིཝ་མས་ཟེར་བཤད་དོ་ཡོདཔ།

༉ ལྡོག་ཕྱོགས་ཚོགས་པ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ ཤར་ཕྱོགས་ཁ་ཐུག་ལུ་ ལུང་ཕྱོགས་གོང་འཕེལ་གྱི་ ཚོགས་ཆུང་གཅིག་བཟོ་སྟེ་སྦེ་ ལུང་ཕྱོགས་ཀྱི་བར་ན་ དབྱེ་བ་ཕྱིཝ་མས་ཟེར་ཨིན་མས།

ཐིམ་ཕུག་དང་ཕུན་ཚོགས་གླིང་གི་ རུ་སོར་ནི་གི་ས་སྒོ་ནང་ལས་ རུ་པི་ས་ཡ་༢༥༨་ བཀྲམ་སྤེལ་འབད་དེ་ཡོདཔ།

༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཐིམ་ཕུག་དང་ཕུན་ཚོགས་གླིང་ལུ་ དངུལ་ཀྲམ་དང་ རུ་པི་ སོར་ནིའི་ མཐུན་རྐྱེན་འགོ་བཙུགས་པའི་ཤུལ་ལུ་ ད་ལྟོ་ཚུན་ཚོད་ རུ་པི་ས་ཡ་༢༥༨་ བཀྲམ་སྤེལ་འབད་ནུག

ཇེ་པི་ཨེལ་པི་ཚོང་ལས་ཁང་གི་ངན་ལྷད་དང་འབྲེལ་བའི་ཉེས་འཛུགས་ཀྱི་རྩོད་གཞི་སྙན་གསན་འགོ་འདྲེན་འཐབ་སྟེ་ཡོདཔ།

༉ ཇེ་པི་ཨེལ་པི་ཚོང་ལས་ཁང་གི་ ཁྲིམས་དོན་ངོ་ཚབ་ཀྱིས་སླབ་མི་ནང་ ཚོང་ལས་ཁང་འདི་གི་ཁྲལ་ལས་ཟུར་ཐབས་འབད་མི་ལུ་ དངུལ་ཀྲམ་ས་ཡ་༨་དང་ཚག་༦་སྤྲོད་དགོཔ་མ་གཏོགས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་རྩིས་རྐྱབ་དོ་བཟུམ་ དངུལ་ཀྲམ་ས་ཡ་༡༨༤་མེན་པས་ཟེར་ཨིན་མས།

ན་ཧིང་གི་ལོ་ནང་ ཕྱིར་ཚོང་བས་ ནང་འདྲེན་མང་སུ་འབད་ འཐབ་ཡོདཔ།

༉ འབྲུག་རྒྱལ་ཁབ་ཀྱིས་ ན་ཧིང་གི་ལོ་ནང་ ཕྱིར་ཚོང་བས་ ནང་འདྲེན་མང་སུ་འབད་ འཐབ་ཡོདཔ་སྦེ་ཨིན་མས།

སེམས་རྟོགས་ཁ་དང་དབང་འདུས་ཕོ་བྲང་གི་བར་ན་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་ལས་ མཇུག་བསྡུ་ནི་ཨིནམ།

༉ སེམས་རྟོགས་ཁ་དང་ དབང་འདུས་ཕོ་བྲང་གི་བར་ན་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་ལས་ ག་ར་ མཇུག་བསྡུ་ནི་ཨིན་མས།

ཐིམ་ཕུག་དང་ ཕུན་ཚོགས་གླིང་ལུ་ སྨྱོ་རྫས་ལས་བརྟེན་ཕོ་སྐྱེས་༤་བཟུང་ཡོདཔ།

༉ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ གཟའ་མིག་དམར་གྱི་ཚེས་ སྨྱོ་རྫས་ཀྱི་རིགས་ཅིག་ཨིན་མི་ བ་རཝན་སུ་གར་ཟེར་མི་འདི་ ལག་ལེན་འཐབ་ས་མཐོང་མི་ལས་བརྟེན་ཏེ་ ཕོ་རྒས་གཉིས་ བཟུང་ཡོདཔ་ཨིན་མས།

ལྷུན་རྩེ་ལུ་ རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་གནང་ནི་འགོ་བཙུགས་ཏེ་ཡོདཔ།

༉ ལྷུན་རྩེ་གི་ས་གནས་ སྟག་སྐྱིད་ལ་ལུ་སྦེ་ རིན་ཆེན་གཏེར་མཛོད་ཀྱི་དབང་གནང་ས་ལུ་ ཕྱི་རྒྱལ་གྱི་མི་ཚུ་རྩིས་ཏེ་ དད་མོས་ཅན་གྱི་མི་སེར་ སྟོང་ཕྲག་༤ལྷགཔ་ཅིག་ འཛོམས་ཏེ་འདུག

རྟ་མཆོག་ལྷ་ཁང་གི་ལྕགས་ཟམ་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

༉ སྤ་རོ་རྟ་མཆོག་ལྷ་ཁང་ནང་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གིས་ རྐྱབ་གནང་སྟེ་ཡོད་མི་ལྕགས་ཟམ་འདི་ ན་ཐེ་རང་ ཉམས་གསོ་ཞུ་ནི་ རན་ཏེ་སྦེ་འདུག