རྫོང་ཁ། | ཨིང་ལིཤ། གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

Archive for: སྤྱི་ཟླ་༢ པའི་ཚེས་, ༢༠༡༦

གཞལམ་སྒང་རྫོང་ཁག་ཚོགས་འདུ་གིས་ གཞལ་སྒང་ལུ་མཐོ་རིམ་སློབ་གྲྭ་གཅིག་ དགོ་པའི་སྐོརལས་ གྲོས་འཆར་ཕུལ་ནི་སྦེ་ གྲོས་ཐག་ཆོད་ཡོདཔ།

༉ གཞལམ་སྒང་རྫོང་ཁག་གི་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ ཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ གཞུང་ལུ་ རྫོང་ཁག་འདི་ནང་ མཐོ་རིམ་སློབ་གྲྭ་གཅིག་གནང་དགོ་པའི་ གྲོས་འཆར་ཕུལ་ནི་སྦེ་ གྲོས་ཐག་བཅད་ནུག

སྤུ་ན་ཁ་ལུ་ རླུང་འཚུབས་ལས་བརྟེན་ཏེ་ སྡོད་ཁྱིམ་ཚུ་ལུ་ གནོད་རྐྱེན་རྐྱབ་སྟེ་ཡོདཔ།

༉ གཟའ་པ་སངས་ཀྱི་ཚེས་ སྤུ་ན་ཁ་རྫོང་ཁག་ནང་ལུ་ རླུང་འཚུབས་ལས་བརྟེན་ཏེ་ གནོད་རྐྱེན་རྐྱབ་སྟེ་ཡོད་པའི་ སྡོད་ཁྱིམ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ནང་ལས་ འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་རང་འདུག

ཤར་དང་ནུབ་ཕྱོགས་ཀྱི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་འབད་བའི་སྐབས་ རྡོ་རྫས་སྐྱེལ་མི་ལུ་བརྟེན་ ཀྲོང་གསར་རྫོང་བྱེམ་ཕོག་དོ་ཡོདཔ།

༉ ཀྲོང་གསར་གྱི་མི་ཚུ་གིས་འབད་བ་ཅིན་ ཤར་དང་ནུབ་ཕྱོགས་ཀྱི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་འབད་བའི་སྐབས་ རྡོ་རྫས་སྐྱེལ་མི་ལུ་བརྟེན་ ཀྲོང་གསར་རྫོང་འདི་ལུ་ བྱེམ་ཕོགས་ནི་མས་ཟེར་བའི་ ཚ་གྱངས་ཡོད་ཟེར་ཨིན་མས།

མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ ལུས་རྩལཔ་ཚུ་ལུ་ རྩེད་རིགས་མཆོག་གྱུར་གྱི་ རྟགས་མ་གནང་ཡོདཔ།

༉ མི་དབང་རྒྱལ་པོའི་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ ལུས་རྩལཔ་༡༦་དང་ འཕྲལ་ཁམས་ཅིག་ཁར་ ལྷོ་ཨེ་ཤི་ཡ་རྩེད་འགྲན་ཐེངས་༡༢་པའི་ནང་ལས་ རྟགས་མ་ཐོབ་མི་ ཁོང་ ལུས་རྩལཔ་ཚུ་གི་སློབ་སྟོན་པ་ལུ་ རྩེད་རིགས་མཆོག་གྱུར་གྱི་ རྟགས་མ་གནང་ཡི།

ནཱ་ཧིང་ སློབ་རིམ་བཅུ་པའི་སློབ་ཕྲུག་ཚུ་གིས་ ཆོས་རྒྱུགས་ཀྱི་གྲུབ་འབྲས་ ལེགས་ཤོམ་མེདཔ།

༉ ནཱ་ཧིང་ སློབ་རིམ་བཅུ་པའི་ཆོས་རྒྱུགས་ནང་ལུ་ རྩིས་དང་ཚོན་རིག་ དེ་ལས་ དཔལ་འབྱོར་གྱི་ཆོས་ཚན་ཚུ་ནང་ལུ་ མང་ཤོས་ཅིག་གི་ར་ ལེགས་ཤོམ་སྦེ་ འབད་མ་ཚུགས་པ་ཡོདཔ་ཨིན།

ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ལུ་ ས་འཇལ་གི་ལས་རིམ་འདི་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ལས་ གོང་འཕེལ་གྱི་ལཱ་ཚུ་ལུ་ བར་ཆད་བྱུང་དོ་ཡོདཔ།

༉ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ལུ་ ས་འཇལ་ནི་གི་ལས་རིམ་འདི་ ད་རེས་ནངས་པར་ འགོ་འདྲེན་འཐབ་དོ་ཡོད་མི་དང་འབྲེལ་ཏེ་ ས་མཚམས་བཀོད་མ་ཚར་བ་ཡོད་མི་ ས་ཡི་ཇོ་བདག་ཚུ་གིས་སླབ་མི་ནང་ ས་འཇལ་ནི་གི་ལས་རིམ་འདི་ དུས་ཡུན་རིངམོ་སྦེ་ར་འགོརཝ་ལས་ ཁོང་གི་ གོང་འཕེལ་གྱི་ལཱ་ཚུ་འབད་ནི་ལུ་ བར་ཆད་བྱུངམ་མས་ཟེར་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲང་དཔོན་སྦེ་ འདེམས་བསྐོས་འབད་དེ་ཡོད་མི་ཚུ་ལུ་ བཀྲིས་ཁ་དར་གནང་ཡོདཔ།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲང་དཔོན་སྦེ་ འདེམས་བསྐོས་འབད་དེ་ཡོད་མི་ཚུ་ལུ་ བཀྲིས་ཁ་དར་གནང་ཡོདཔ།

བཀའ་རྒྱ་རྫུན་མ་ཅིག་སྤྲོད་དེ་ཡོད་པའི་ ཉེས་པ་ལས་བརྟེན་ཏེ་ ཁྲིམས་སྲུང་འགག་པ་ཅིག་ བཟུང་ཡོདཔ།

༉ འདས་པའི་ཟླཝ་ནང་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པའི་ནང་ལས་ ཉེས་ཅན་ཅིག་ བཙོན་ནང་ལས་ བཏང་དགོ་པའི་ བཀའ་རྒྱ་རྫུན་མ་ཅིག་སྤྲོད་དེ་ཡོད་པའི་ཉེས་པ་ལས་བརྟེན་ཏེ་ ཁྲིམས་སྲུང་འགག་པ་ཅིག་ བཟུང་ཡོདཔ་ཨིན་མས།

ཤར་དང་ནུབ་ཀྱི་བར་ནའི་ གཞུང་ལམ་རྒྱ་བསྐྱེད་འབད་ནི་གི་དོན་ལས་ མ་དངུལ་ཁ་སྐོང་དགོཔ།

༉ ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་བར་ནའི་ རྒྱལ་ཡོངས་གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ མཇུག་བསྡུ་ནི་གི་དོན་ལས་ ལམ་སེལ་ལས་ཁུངས་ལུ་ ད་རུང་ར་ མ་དངུལ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༡དང་ ༩༠༠དེ་ཅིག་ ཁ་སྐོང་དགོཔ་ཡོདཔ་ཨིན་མས།

གསར་སྤང་ལས་ ད་རུང་རང་ འབྲུག་མི་བཙན་ཁྲིད་འབད་དེ་ཡོདཔ།

༉ གསར་སྤང་རྫོང་ཁག་ བསམ་གཏན་གླིང་རྒེད་འོག་ བསམ་གཏན་གླིང་གཡུས་ཚན་ནང་ལས་ ཁ་ཙ་ སྐྱེས་ལོ་༡༢་དང་༡༦་ལང་མི་བུཚ་གཉིས་དང་ སྐྱེས་ལོ་༢༧་ལང་མི་ ཕོ་སྐྱེས་གཅིག་བཙན་ཁྲིད་འབད་ནུག