རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

Archive for: སྤྱི་ཟླ་༡༢ པའི་ཚེས་, ༢༠༡༥

འབྲུག་ས་སྣུམ་བཀྲམ་སྤེལ་འབད་སའི་ས་སྒོ་ནང་ལུ་ ས་མར་ཁུ་ཉོ་མི་ ག་ཐོབ་བརྐྱབ་ཏེ་འོང་དོ་ཡོདཔ།

༉ རྒྱལ་ས་ཐིམ་ཕུག་ལུ་ ས་མར་ཁུ་མེད་པར་ ཉིམ་དག་པ་ཅིག་འགྱོ་མི་ལས་བརྟེན་ཏེ་ ད་རིས་ འབྲུག་ས་སྣུམ་བཀྲམ་སྤེལ་འབད་སའི་ས་སྒོ་ནང་ལུ་ ས་མར་ཁུ་ཉོ་མི་ ག་ཐོབ་བརྐྱབ་ཏེ་འོང་དོ་ཡོདཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ རྒྱལ་སྲས་འབྱོན་ཞུ་འབད་ནི་གི་དོན་ལས་ རྟེན་འབྲེལ་ཟེར་མི་བཀོད་ཚོགས་ཀྱིས་ དམིགས་གསལ་གྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ མགྱོགས་པ་རང་ རྒྱལ་སྲས་འཁྲུངས་ནི་ཨིན་མི་འདི་ བཀྲིས་སྨོན་འདེབས་དང་བཅསཔ་སྦེ་ བྱོན་ཞུ་འབད་ནི་གི་དོན་ལུ་ རྟེན་འབྲེལ་ཟེར་མི་ བཀོད་ཚོགས་ཀྱི་འོག་ལུ་ ལས་རིམ་ལེ་ཤཱ་ཅིག་རང་འགོ་འདྲེན་འཐབ་ནི་ཨིན་མས།

ཕྱི་མི་ནང་སྐྱོད་ཀྱི་བཅའ་ཡིག་དང་སྒྲིག་གཞི་འདི་གིས་ ལས་མི་མ་ལང་པའི་དཀའ་ངལ་ཚུ་ འཐོན་ནི་བཟུམ་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ བཟའ་ཁང་བཙུགས་སྡོད་མི་ཚུ་གིས་སླབ་མི་ནང་ བསྐྱར་ཞིབ་འབད་དེ་ཡོད་མི་ ཕྱི་མི་ནང་སྐྱོད་ཀྱི་བཅའ་ཡིག་དང་སྒྲིག་གཞི་འདི་ནང་ལུ་ ཕྱིའི་མི་ཁུངས་ཚུ་ འབྲུག་ལུ་ལཱ་འབད་བར་འོང་ནི་གི་དོན་ལས་ མཐོ་རིམ་ཤེས་ཡོན་གྱི་ཤེས་ཚད་དགོ་མི་དང་ འབྲུག་ལུ་ལོ་གསུམ་གྱི་རིང་ལཱ་འབད་ཚར་བའི་ཤུལ་ ལོག་སྟེ་རང་ལཱ་འབད་བར་འོང་ནི་གི་དོན་ལས་ ཕྱི་ཁ་ལུ་ ཟླཝ་དྲུག་སྡོད་དགོ་པའི་ཚད་གཞི་ཚུ་བཟོ་སྟེ་ཡོད་མི་འདི་གིས་ ལས་མི་མ་ལང་པའི་དཀའ་ངལ་ཚུ་ ཐོན་བཅུག་ནི་མས་ཟེར་བཤད་ཅི།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་འཛིན་འོགམ་འདི་ དགོངས་ཕོགས་བཏང་ཡོདཔ།

༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་འཛིན་འོགམ་ གཡུ་སྒྲོན་སྒྲོལམ་འདི་ གནས་སྐབས་གཅིག་གི་དོན་ལས་ གཡོག་ནང་ལས་ དགོངས་ཕོགས་བཏང་ཡོདཔ་ཨིན།

བལྟ་བཤལ་ལམ་སྟོན་པ་ཚུ་གིས་ ལུང་ཕྱོགས་ནང་ལས་ བལྟ་བཤལཔ་ཚུ་འོང་སྟེ་ རྒྱལ་ཁབ་ནང་ བལྟ་བསྐོར་འབད་བའི་སྐབས་ལུ་ ཨིན་ཅི་མིན་ཅི་ར་ ལམ་སྟོན་པ་ཚུ་ གླ་ཁར་ལེན་དགོཔ་སྦེ་ བཟོ་དགོ་པའི་ རྒྱབ་སྣོན་འབད་ཡོདཔ།

༉ བལྟ་བཤལ་ལམ་སྟོན་པ་ཚུ་གིས་ འབྲུག་གི་བལྟ་བཤལ་ལམ་སྟོན་པའི་ཚོགས་པ་ལུ་ ལུང་ཕྱོགས་ནང་ལས་ བལྟ་བཤལཔ་ཚུ་འོང་སྟེ་ རྒྱལ་ཁབ་ནང་ བལྟ་བསྐོར་འབད་བའི་སྐབས་ལུ་ ཨིན་ཅི་མིན་ཅི་ར་ ལམ་སྟོན་པ་ཚུ་ གླ་ཁར་ལེན་དགོཔ་སྦེ་ བཟོ་དགོ་པའི་ རྒྱབ་སྣོན་འབད་ཡོདཔ་ཨིན་མས།

རྒྱལ་ཁབ་ནང་ལུ་ སྣུམ་འཁོར་གྱི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་ར་སྡོད་པ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་གྱི་སྲིད་བྱུས་ཅིག་ཡང་ ལག་ལེན་འཐབ་ནི་བཟུམ་ཅིག་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ སྣུམ་འཁོར་གྱི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་ར་སྡོད་པ་ཅིན་ འབྲུག་གི་དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་འབྲེལ་གྱི་སྲིད་བྱུས་ཅིག་ཡང་ ལག་ལེན་འཐབ་ནི་བཟུམ་ཅིག་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་ཚུ་གིས་ ཨམ་སྲུ་ཅིག་གི་ཕུངཔོ་ཐོབ་སྟེ་ཡོདཔ།

༉ དར་དཀར་དཔལ་ལ་གི་ཁྲིམས་སྲུང་འགག་པ་གིས་ ཁ་ཉིནམ་ སྐྱེས་ལོ་༣༧་ལང་མི་ཨམ་སྲུ་ཅིག་གི་ཕུངཔོ་ཐོབ་ཡོདཔ་ཨིན་མས།

ལུ་ན་ན་ལུ་ རླུང་འཚུབས་ལས་བརྟེན་ཏེ་ སྡོད་ཁྱིམ་ལུ་གནོད་རྐྱེན་བྱུང་སྟེ་ཡོད་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་ཡོདཔ།

༉ མགར་ས་རྫོང་ཁག་ ལུ་ན་ན་རྒེད་འོག་ནང་ལུ་ ཁ་ཉིནམ་གི་ རླུང་འཚུབས་ལས་བརྟེན་ཏེ་ ཁྱིམ་མེདཔ་བཏང་ཡོད་མི་གི་ གྱངས་ཁ་འདི་༣༥་ལུ་ཡར་སེང་འགྱོ་ནུག

གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་ མཚམས་འཇོགས་འབད་དེ་བཞག་མི་འདི་ ག་ཅི་ལས་བརྟེན་ཏེ་ཨིན་ན་ཟེར་བའི་ དྲི་བ་བཀོད་དོ་ཡོདཔ།

༉ ཀྲོང་གསར་དང་གཞལམ་སྒང་གི་བར་ན་ ས་གནས་རྫོང་ཁ་ལུངམ་ཟེར་ས་ལུ་ ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ མཚམས་འཇོགས་སྦེ་བཞག་སྟེ་ ཟླཝ་ལྷགཔ་ཅིག་ཡང་འགྱོ་དོ་ཡོདཔ་ལས་ དུས་རྒྱུན་གཞུང་ལམ་བདའ་སྟེ་ རྒྱུན་འབྲེལ་འཐབ་མི་ཚུ་དང་ མི་དམངས་སྐྱེལ་འདྲེན་བཱསི་བཏང་མི་ དེ་ལས་ གླ་འཁོར་བཏང་མི་ཚུ་གིས་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་འདི་ ག་ཅི་སྦེ་ མཚམས་འཇོག་འབད་དེ་ བཞགཔ་ཡོདཔ་ཨིན་ན་ཟེར་བའི་ དྲི་བ་བཀོད་དོ་ཡོདཔ་ཨིན་མས།

ཁྲོམ་སྡེའི་བཙག་འཐུ་ཐེངས་༢་པ་འདི་ མགྱོགས་པ་རང་ འགོ་འདྲེན་འཐབ་ནི་ཨིནམ།

༉ ཐིམ་ཕུག་དང་ཕུན་ཚོགས་གླིང་ དེ་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་གི་དོན་ལུ་ ས་གནས་གཞུང་གི་བཙག་འཐུ་ཐེངས་གཉིས་པ་འདི་ སང་ཕོད་ སྤྱི་ཟླ་དང་པའི་སྤྱི་ཚེས་༢༥་ལུ་ འགོ་འདྲེན་འཐབ་ནི་ཨིན་མས།