རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

Archive for: སྤྱི་ཟླ་༡༢ པའི་ཚེས་, ༢༠༡༥

སྤུ་ན་ཁ་རྫོང་ནང་ལུ་ སྐུ་རིམ་གནང་མི་འདི་ གྲོལ་གནང་ཡོདཔ།

༉ སྤུ་ན་ཁ་རྫོང་ནང་ལུ་ རྡོ་རྗེ་སློབ་དཔོན་དང་ཡོན་ཏན་སློབ་དཔོན་ དེ་ལས་ ཚོགས་ཀྱི་སློབ་དཔོན་གསུམ་གྱིས་དབུ་བཞུགས་ཐོག་ལས་ སྐུ་རིམ་གནང་མི་འདི་ ད་རིས་ གྲོལ་གནང་ཡི།

བུམ་ཐང་ཨུ་ར་ལུ་ རང་ལུགས་ཀྱི་ཁྱིམ་གཅིག་རྩ་བ་ལས་རང་ མེ་གིས་འཚིགས་ཡོདཔ།

༉ བུམ་ཐང་ ཨུ་ར་ལུ་ ད་རིས་ཉིན་མ་ཆུ་ཚོད་༡་དེ་ཅིག་ཁར་ རང་ལུགས་ཀྱི་ཁྱིམ་གཅིག་རྩ་བ་ལས་རང་ མེ་གིས་འཚིགས་ཏེ་སྦེ་འདུག

ཤེལ་རྔ་བྱེ་མི་རྒེད་འོག་གི་ མཐོང་སྦྱིས་གཡུས་ཚན་ནང་ལུ་ རང་ལུགས་ཀྱི་ཁྱིམ་ཐོག་གཉིས་འབད་མི་གཅིག་ རྩ་བ་ལས་རང་ མེ་གིས་འཚིགས་ཡོདཔ།

༉ སྤུ་ན་ཁ་རྫོང་ཁག་ ཤེལ་རྔ་བྱེ་མི་རྒེད་འོག་གི་ མཐོང་སྦྱིས་གཡུས་ཚན་ནང་ལུ་ ཁ་ཙ་ རང་ལུགས་ཀྱི་ཁྱིམ་ཐོག་གཉིས་འབད་མི་གཅིག་ རྩ་བ་ལས་རང་ མེ་གིས་འཚིགས་ནུག

དར་དཀར་ཆུ་གློག་མེ་ལས་འཛིན་གྱིས་ ད་ལྟོའི་བར་ན་ཡང་ གདུང་ཅུང་འོག་ལས་ ཆུ་འཛག་འགྱོ་མི་འདི་ གནད་དོན་ག་ཅི་ལས་བརྟེན་ཏེ་ཨིན་ན་ ཤེས་མ་ཚུགས་པར་ཡོདཔ།

༉ གློག་ཤུགས་མེ་ག་ཝཊ་༡༢༦་འབད་མི་ དར་དཀར་ཆུ་གློག་མེ་ལས་འཛིན་གྱིས་ ད་ལྟོའི་བར་ན་ཡང་ ཧེཌ་རེས་ཊ་ནཱལ་ཟེར་མི་གདུང་ཅུང་འོག་ མི་ཀྲར་༣༠༠་དེ་ཅིག་གི་ས་ཁ་ལས་ ཆུ་འཛག་འགྱོ་མི་འདི་ གནད་དོན་ག་ཅི་ལས་བརྟེན་ཏེ་ཨིན་ན་ ཤེས་མ་ཚུགས་པར་འདུག

བསམ་མཁར་རྒེད་འོག་གི་ ཁབས་སྟི་ལུང་བསྟན་ཟམ་པ་སྤྱི་འོག་གི་ཚོགས་པ་འདི་ མི་དམངས་ཀྱི་མ་དངུལ་ལོག་སྤྱོད་འབད་བའི་ཉེས་འཛུགས་ལས་བརྟེན་ཏེ་ གནས་སྐབས་ཅིག་ གཡོག་ནང་ལས་དགོངས་ཕོག་བཏང་སྟེ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ བསམ་མཁར་རྒེད་འོག་གི་ ཁབས་སྟི་ལུང་བསྟན་ཟམ་པ་སྤྱི་འོག་གི་ཚོགས་པ་འདི་ མི་དམངས་ཀྱི་མ་དངུལ་ལོག་སྤྱོད་འབད་བའི་ཉེས་འཛུགས་ལས་བརྟེན་ཏེ་ གནས་སྐབས་ཅིག་ གཡོག་ནང་ལས་དགོངས་ཕོག་བཏང་སྟེ་སྦེ་འདུག

བསམ་རྩེ་རྫོང་ཁག་སྨན་ཁང་ནང་ལུ་ གུ་རམ་གྱི་ནད་གཞི་ཐོབ་མི་འདི་ ཕོ་རྒས་བས་ཨམ་སྲུ་ མང་དོ་ཡོདཔ།

༉ བསམ་རྩེ་རྫོང་ཁག་སྨན་ཁང་ནང་ལུ་ ད་རེས་ གུ་རམ་གྱི་ནད་གཞི་ཐོབ་མི་འདི་ ཕོ་རྒས་བ་ཨམ་སྲུ་ མང་དོ་ཡོདཔ་ཨིན་མས།

ཀྲོང་གསར་ བྲག་སྟེང་རྒེད་འོག་ནང་ལུ་ ལུག་གསོ་ནི་གི་སྲོལ་འདི་ ཉམས་འགྱོ་སྟེ་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་གི་ སྟག་རྩེ་དང་གཡུས་གསར་ དེ་ལས་ ལྕང་རས་གཡུས་ཚན་ཚུ་ནང་ལུ་ ལུག་གསོ་ནི་གི་སྲོལ་འདི་ ཉམས་འགྱོ་སྟེ་ཡོདཔ་ཨིན་མས།

རྒྱལ་སྲས་འཁྲུངས་མཆོག་ བྱོན་ཞུ་འབད་ནི་གི་དོན་ལས་ རྟེན་འབྲེལ་ཚོགས་ཆུང་ཅིག་ འགོ་འབྱེད་འབད་ཡོདཔ་ཨིན།

༉ རྒྱལ་ཁབ་ནང་ལུ་ མགྱོགས་པ་རང་ རྒྱལ་སྲས་འཁྲུངས་ནི་ཨིན་མི་འདི་ བཀྲིས་སྨོན་འདེབས་དང་བཅསཔ་སྦེ་ བྱོན་ཞུ་འབད་ནི་གི་དོན་ལུ་ རྟེན་འབྲེལ་ཚོགས་ཆུང་འདི་ ཁ་ཙ་ འགོ་འབྱེད་འབད་ཡོདཔ་ཨིན།

སྤ་རོ་ལུ་ སྣུམ་འཁོར་བཅོ་ཁང་ཅིག་ མེ་གིས་འཚིགས་ཏེ་ཡོདཔ།

༉ སྤ་རོ་ཁྲོམ་ཁ་ལུ་ ཁ་ཙ་དྲོ་པ་ སྣུམ་འཁོར་བཅོ་ཁང་གཅིག་ མེ་གིས་ འཚིགས་ཏེ་སྦེ་འདུག

པཱན་སྦང་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ འཐོབ་ནི་ཨིནམ།

༉ གཞལམ་སྒང་རྫོང་ཁག་ པཱན་སྦང་ལུ་སྡོད་མི་ཚུ་གི་དོན་ལས་ མགྱོགས་པ་ར་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་ འཐོབ་ནི་ཨིན་མས།