རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

Archive for: སྤྱི་ཟླ་༡༡ པའི་ཚེས་, ༢༠༡༥

རྒྱལ་ཁབ་ནང་ལུ་ནགས་ཚལ་མེ་རྐྱེན་ཤོར་མི་འདི་ མར་ཕབ་འགྱོ་དོ་ཡོདཔ།

༉ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་ ཐོ་བཀོད་བཞག་མི་དང་འཁྲིལཔ་ད་ དུས་ཅི་ རྒྱལ་ཁབ་ནང་ལུ་ ནགས་ཚལ་མེ་རྐྱེན་བྱུང་མི་གི་གྱངས་ཁ་འདི་ མར་ཕབ་སོང་སྟེ་ཡོདཔ་སྦེ་མཐོང་ནུག

སྤྱི་ལོ་༢༠༡༤་ལུ་ དངུལ་ཐེབས་འདི་ མཐོ་ཤོས་རང་ གདུང་བསམ་རྩིས་ས་ལས་འཛིན་གྱིས་ དངལ་ཀྲམ་ས་ཡ་༡༩༠་ལྷགཔ་ཅིག་སྤྲོད་དེ་ཡོདཔ།

༉ སྤྱི་ཚོགས་ལྷན་བཞུགས་ནང་ལུ་ ད་རིས་ དམངས་རྩིས་ཚོགས་ཆུང་གིས་ ལོ་བསྟར་རྩིས་ཞིབ་སྙན་ཞུ་ཕུལ་མི་དང་འབྲེལ་ འཐུས་མི་ཚུ་གིས་ཞུ་མི་ནང་ ཚུལ་མིན་གྱི་གནད་དོན་ཐོན་ཏེ་ཡོད་མི་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ འགན་ཁྲི་འདི་ དམ་དམ་སྦེ་རང་ བསྐྱལ་དགོཔ་འདུག་ཟེར་ཞུ་ཡི།

ལས་སྡེ་ཚུ་གི་གྲལ་ལས་ རྩིས་ཆད་མཐོ་ཤོས་ར་ ཕྱི་འབྲེལ་ལྷན་ཁག་ནང་ལས་ དངུལ་ཀྲམ་ས་ཡ་༥༤༥་ལྷགཔ་ཅིག་ཐོན་ཏེ་ཡོདཔ།

༉ སྤྱི་ཚོགས་ཀྱི་དམངས་རྩིས་ཚོགས་ཆུང་གིས་བཀོད་མི་ནང་ ལས་སྡེ་ཚུ་གི་ཁ་ཐུག་ལས་ ངོས་ལེན་ལེགས་ཤོམ་ བྱིན་མ་བཏུབ་མི་ལས་བརྟེན་ སྤྱི་ལོ་༢༠༠༩་ལས་༢༠༡༣་ཚུན་ རྩིས་ཆད་འདི་ཚུ་ ལོག་སྟེ་འཐོབ་ནི་ལུ་ ཐོ་ཕོགས་ཏེ་ཡོད་ཟེར་ཨིན་མས།

བསམ་གྲུབ་ལྗོངས་མཁར་ གདུང་བསམ་ཆུ་བདའ་སྟེ་ ཉ་བརྒྱ་ལས་བཅད་དེ་ ཤི་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་ གདུང་བསམ་ཆུ་བདའ་སྟེ་ ཉ་བརྒྱ་ལས་བཅད་དེ་ ཤི་ཡོདཔ་སྦེ་མཐོང་ནུག

རྩི་རང་ལུ་ རང་ལུགས་ཀྱི་གྱོན་ཆས་ ཉམས་སྲུང་དང་དར་ཁྱབ་བཏང་ནི་གི་དོན་ལུ་ སྡེ་ཚན་གཅིག་གཞི་བཙུགས་འབད་དེ་ཡོདཔ།

༉ རྩི་རང་ལུ་ མི་སྡེ་ཚན་གཅིག་གིས་ རང་ལུགས་ཀྱི་གྱོན་ཆས་ ཉམས་སྲུང་དང་ དར་ཁྱབ་བཏང་ནི་ལུ་ ཁས་ལེན་འབད་དེ་འདུག

ཧཱ་ཡང་ཐངས་དགོན་པའི་ རབ་གནས་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བྱོན་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ གཟའ་ཉིམ་གྱི་ཚེ་ ཧཱ་ལུ་ ཡང་ཐངས་ཞབས་ལྡན་ཆོས་གླིང་དགོན་པའི་ རབ་གནས་རྟེན་འབྲེལ་ནང་ལུ་ དབུ་ཞུགས་མཛད་གནང་ཡི།

བལྟ་བཤལཔ་གི་དོན་ལུ་ ཁྲལ་གྱི་ལམ་ལུགས་འདི་ མེདཔ་སྦེ་བཟོ་ཞིན་ན་ལས་ སྤྱོད་ཁྲལ་འདི་རྐྱངམ་ཅིག་ བཞག་དགོ་པའི་ རྒྱབ་སྣོན་ཕུལ་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེའི་ དཔལ་འབྱོར་ལས་དོན་ཚོགས་ཆུང་གིས་ གཞུང་ལུ་ བལྟ་བཤལཔ་གི་དོན་ལུ་ ཁྲལ་གྱི་ལམ་ལུགས་འདི་ མེདཔ་སྦེ་བཟོ་ཞིན་ན་ལས་ སྤྱོད་ཁྲལ་འདི་རྐྱངམ་ཅིག་ བཞག་དགོ་པའི་ རྒྱབ་སྣོན་ཕུལ་ཡོདཔ་ཨིན།

འབྲུག་དང་བང་ལ་དེཤ་ དེ་ལས་ རྒྱ་གར་དང་སྦལ་བུ་གི་བར་ན་ དོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་གྱི་གན་རྒྱ་འདི་ ལོག་སྟེ་བལྟ་ནི་སྦེ་གྲོས་ཐག་བཅད་གནང་ཡི།

༉ གཟའ་ལྷགཔ་གི་ཚེ་ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ འབྲུག་དང་བང་ལ་དེཤ་ དེ་ལས་ རྒྱ་གར་དང་སྦལ་བུ་གི་བར་ན་ འགྲུལ་པ་དང་ དོ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་གི་ རྒྱུན་འགྲུལ་ཚད་འཛིན་འབད་ནི་གི་ སྣུམ་འཁོར་གྱི་གན་རྒྱ་འདི་ ཆ་འཇོག་གནང་ཡོདཔ་ཨིན་རུང་ ཚོགས་ཁང་གིས་ གནད་དོན་འདི་ ལོག་སྟེ་བལྟ་ནི་སྦེ་གྲོས་ཐག་བཅད་གནང་ཡི།

གཅན་ཟན་སྟག་བསད་ཡོད་པའི་ཉེས་འཛུགས་ལས་བརྟེན་ཏེ་ ཕོ་རྒས་བཞི་དོ་དམ་འོག་ལུ་བཙུགས་ཡོདཔ།

༉ ཀྲོང་གསར་གྱི་ཁྲིམས་སྲུང་འགག་པ་གིས་ གཅན་ཟན་སྟག་བསད་ཡོད་པའི་ཉེས་འཛུགས་ལས་བརྟེན་ཏེ་ ཕོ་རྒས་༤་ དོ་དམ་འོག་ལུ་བཙུགས་ཏེ་འདུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སེརཝ་དང་རླུང་འཚུབས་ལས་བརྟེན་ བྱཱ་མེདཔ་བཏང་ཡོད་མི་ཚུ་ལུ་ སེམས་གསོའི་གསོལ་རས་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་རྫོང་ཁག་ནང་ལུ་ འཕྲལ་ཁམས་ཅིག་ཁར་ སེརཝ་བརྐྱབ་མི་དང་ རླུང་འཚུབས་འཕུ་མི་ལས་བརྟེན་ཏེ་ བྱཱ་མེདཔ་བཏང་ཡོད་པའི་ མི་སེར་ཚུ་ལུ་ སྐྱིད་སྡུག་གི་ སེམས་གསོའི་གསོལ་རས་གནང་ནུག