རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

Archive for: སྤྱི་ཟླ་༡༠ པའི་ཚེས་, ༢༠༡༥

ཁྲལ་ཡང་ཆ་གི་ཚོང་ཁང་འདི་ སང་ཕོད་ལས་ ལས་སྡེ་ཅིག་སྦེ་བཟོ་ནི་ཨིནམ།

༉ དངུལ་རྩིས་ལྷན་ཁག་འོག་གི་ ཅ་དམ་ལས་ཁུངས་ཀྱི་འོག་ལུ་ཡོད་མི་ ཌིའུ་ཊི་ཕི་རི་ཤོཔ་ཟེར་མི་ ཁྲལ་ཡང་ཆ་གི་ཚོང་ཁང་འདི་ ད་ལས་ཕར་ གཞུང་གིས་དབང་བའི་ལས་སྡེ་ཅིག་སྦེ་ བཟོ་ནི་ཨིན་མས།

ཨེ་ཀྲི་ཨེམ་ནང་ལས་ ཚུལ་སྨིན་གྱི་ཐོག་ལས་ དངུལ་བཏོན་འབག་མི་ཚུ་ བཟུང་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལུ་ འབྲུག་པའི་ཨམ་སྲུ་གཅིག་གིས་ ཨེ་ཀྲི་ཨེམ་འཕྲུལ་ཆས་མ་འདྲཝ་༡༥་ལག་ལེན་འཐབ་སྟེ་ རུ་པི་ས་ཡ་ཕྱད་ད་༧་ལྷགཔ་ཅིག་ བཏོན་ཡོདཔ་སྦེ་ མཐོང་ནུག

སྣུམ་འཁོར་ནང་ལུ་ འགྲོ་འགྲུལ་འབད་བའི་སྐབས་ སྡོད་ཁྲི་གི་ཐགཔ་ལག་ལེན་འཐབ་དགོཔ།

༉ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་སྒྲིག་གཞི་ སྤྱི་ལོ་༡༩༩༩་དང་འཁྲིལ་བ་ཅིན་ འབྲུག་ལུ་ སྣུམ་འཁོར་བཏང་འགྱོ་བའི་སྐབས་ སྣུམ་འཁོར་བཏང་མི་དང་འགྲུལ་པ་གཉིས་ཆ་ར་གིས་ སྡོད་ཁྲི་གི་ཐགཔ་འདི་ བསྡམ་དགོཔ་སྦེ་ཡོདཔ་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཆུ་ཁ་རྫོང་ཁག་ནང་ལུ་ གཟིགས་བསྐོར་གནང་ཚར་ཏེ་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཆུ་ཁ་རྫོང་ཁག་གི་ གཡུས་མཚན་ཁག་ཚུ་ནང་ལས་ཕར་ གཟིགས་བསྐོར་གནང་ཚར་ཏེ་ཡོདཔ་ཨིན།

ཆརཔ་དང་སེརཝ་ལས་བརྟེན་ སོ་ནམ་པ་ཚུ་ལུ་ དཀའ་ངལ་འཐོན་ཏེ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ཆརཔ་དང་སེརཝ་བརྐྱབ་མི་ལུ་བརྟེན་ སྤུ་ན་ཁ་རྫོང་ཁག་གི་ རྒེད་འོག་༤་ནང་ལུ་ བྱཱ་ཞིང་ཨེ་ཀར་བརྒྱ་ལྷགཔ་ཅིག་མེདཔ་བཏང་ནུག

བུམོ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་དེ་ཡོད་པའི་ རྩོད་རྙོགས་འདི་ བསྐྱར་ཞིབ་འབད་བའི་བསྒང་ར་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལོ་༤༢་ལངས་མི་ ཕོ་རྒས་གཅིག་དང་ ལོ་༡༨་ལངས་མི་བུམོ་གཅིག་ འབྲེལ་བ་ཡོད་པའི་ དབང་བཙོང་འདོད་སྤྱོད་ཀྱི་ རྩོད་རྙོགས་ཐོག་ལུ་ ད་རེས་ བསྐྱར་ཞིབ་འབད་བའི་བསྒང་འདུག

སག་གོང་འཕེལ་མ་དངུལ་གྱིས་ རྒྱལ་ཁབ་ནང་ལུ་ མི་སྡེ་ལྟེ་བ་གཞི་བཙུགས་འབད་ནི་ནང་ རྒྱབ་སྐྱོར་འབད་དེ་ཡོདཔ།

༉ སག་གོང་འཕེལ་མ་དངུལ་གྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་སླབ་མི་ནང་ མི་སྡེའི་བརྡ་དོན་ལྟེ་བ་གིས་ འབྲུག་པའི་གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ བརྡ་དོན་འཕྲུལ་རིག་གི་ཞབས་ཏོག་འབྱིན་ནི་ནང་ ཕན་ཐོག་འབྱུང་སྟེ་ཡོདཔ་ལས་ ངལ་རང་འབྱུང་ཡི་ཟེར་བཤད་ཅི།

ལུ་ན་ན་སློབ་གྲྭ་ཆུང་བའི་སློབ་དཔོན་ཚུ་ ངལ་གསོ་ལས་ ལོག་དུས་ཚོད་ཁར་འགྱོ་ནི་འདི་ ལཱ་ཁག་ཡོདཔ།

༉ མགར་ས་རྫོང་ཁག་འོག་གི་ ལུ་ན་ན་སློབ་གྲྭ་ཆུང་བའི་སློབ་དཔོན་ཚུ་ གནམ་དགུན་ངལ་གསོ་ལས་ལོག་པའི་སྐབས་ ཁཝ་ལས་བརྟེན་ཏེ་ སློབ་གྲྭ་ནང་ལུ་ དུས་ཚོད་ཁར་ལྷོད་ནི་ནང་ དཀའ་ངལ་འབྱུང་སྟེ་སྦེ་འདུག

ཆརཔ་དང་སེརཝ་ལས་བརྟེན་ཏེ་ བྱཱ་ཚུ་མེདཔ་བཏང་སྟེ་ཡོདཔ།

༉ སྤུ་ན་ཁ་ལུ་ གཟའ་སྤེནམ་གི་ཕྱི་རུ་ཁམས་ དུས་ཡུན་སྐར་མ་༧་དེ་ཅིག་གི་རིང་ ཆརཔ་དང་སེརཝ་ཤུགས་སྦེ་བརྐྱབ་མི་ལུ་བརྟེན་ རྒེད་འོག་༤་ནང་ལུ་ བྱཱ་ཚུ་ མེདཔ་བཏང་ཡོདཔ་ཨིན་མས།

རྒྱལ་ས་ལྟེ་བ་འདི་ མཛེས་ཆ་དང་ལྡནམ་སྦེ་ བཟོ་བའི་བསྒང་ར་ཡོདཔ།

༉ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༦༠་བཞེས་པའི་འཁྲུངས་སྐར་དུས་སྟོན་ བརྩི་སྲུང་ཞུ་ནིའི་དོན་ལས་ རྒྱལ་ས་ལྟེ་བ་འདི་ མཛེས་ཆ་དང་ལྡནམ་སྦེ་ བཟོ་བའི་བསྒང་ར་ཡོདཔ་ཨིན།