རྫོང་ཁ། | ཨིང་ལིཤ། གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

Archive for: སྤྱི་ཟླ་༩ པའི་ཚེས་, ༢༠༡༥

རྒྱ་འབྲུག་ས་མཚམས་ཀྱི་བར་ནང་ རྩིགཔ་གྱང་ཚུ་ ཆུ་རུད་ཀྱིས་འཕྱག་འབག་སྟེ་ཡོདཔ།

༉ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་ རྒྱ་འབྲུག་ས་མཚམས་ཀྱི་བར་ནང་ རྩིགཔ་གྱང་མི་ཀྲར་༡༠ དེ་ཅིག་ ཆུ་རུད་ཀྱིས་འཕྱག་འབག་སྟེ་ ཟླ་ངོ་གཅིག་ལྷག་སོང་རུང་ ད་ལྟོ་ཡང་ རྩིག་གྱང་འདི་ ལོག་བརྐྱབ་མ་ཚུགས་པར་ལུས་ཏེ་འདུག

མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ བཀྲིས་སྒང་ལུ་ ཨོམ་བཟོ་བཅོས་ཁང་དང་ རོང་ཐུང་གི་ཟམ་འདི་ འགོ་འབྱེད་མཛད་གནང་ཡོདཔ།

༉ མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ཁ་ཉིམ་ བཀྲིས་སྒང་ ཆེ་ན་རི་ལུ་ཡོད་པའི་ ཀོ་ཕུ་ཀོ་ཨིན་ཊར་ནེ་ཤི་ནཱལ་པེར་བེཊ་ལི་མི་ཊད་ཟེར་མི་ ཨོམ་བཟོ་བཅོས་ཁང་འདི་ འགོ་འབྱེད་མཛད་གནང་ཡི།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་བདག་སྐྱོང་ ཧི་ལཱན་ཀལཀ་དང་ཅིག་ཁར་ ཕྱད་གནང་ཡོདཔ།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཁ་ཙ་ནིའུ་ཡོག་ལུ་ཡོད་པའི་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་ཡིག་ཚང་ལྟེ་བ་ནང་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་གྱི་བདག་སྐྱོང་ ཧི་ལཱན་ཀལཀ་དང་ཅིག་ཁར་ ཕྱད་གནང་ནུག

ཕྱགས་སྙིགས་བཀོག་སའི་ས་ཁོངས་འདི་ ལེགས་ཤོམ་སྦེ་ངོས་འཛིན་འབད་དགོཔ།

༉ དགེ་ལེགས་ཕུག་ བསམ་གཏན་གླིང་ལུ་ཡོད་པའི་ ཕྱགས་སྙིགས་བཀོག་སའི་ས་སྒོ་ནང་ལས་ དྲིམ་ཁམས་ལོག་སི་སི་འཐོན་མི་དང་ སྦྱང་ནག་ཚུ་འོང་མི་ལས་བརྟེན་ ཉེས་འདབས་ལུ་སྡོད་མི་ཚུ་གིས་ ས་སྒོ་འདི་ ས་གནས་གཞན་ཅིག་ཁ་ལུ་ སྤོ་བཤུད་འབད་དགོཔ་སྦེ་ བློན་ཆེན་ལུ་ ཞུ་བ་འབད་ནུག

སྟོན་པ་རྡོར་ལྡན་མའི་སྐུ་འདྲ་འདི་ རབ་གནས་འབད་ཡོདཔ།

༉ ད་རིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ སྟོན་པ་རྡོར་ལྡན་མའི་སྐུ་འདྲ་ རབ་གནས་གནང་ས་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་བྱོན་གནང་ཡི།

དགེ་ལེགས་ཕུག་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ རྒྱ་གར་གྱི་མི་ཁུངས་གསུམ་ལུ་བཙོན་ཁྲིམས་བཀལ་ཡོདཔ།

༉ སྤྱི་ཟླ་འདི་གི་ཚེས་༡༤ ལུ་ དགེ་ལེགས་ཕུག་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ རྒྱ་གར་གྱི་མི་ཁུངས་གསུམ་ལུ་ ལོ་༡ དང་ཟླ་ངོ་༦ གི་ བཙོན་ཁྲིམས་བཀལ་ནུག

ཇེ་པི་ཨེལ་པི་ཚོང་ལས་ཁང་འདི་ ནངས་པ་ལས་ཚོང་འབྲེལ་གྱི་དོན་ལུ་ ལོག་སྟེ་ར་ སྒོ་ཕྱེ་ནི་ཨིནམ།

༉ ཕུན་ཚོགས་གླིང་ལུ་ཡོད་པའི་ ཇེ་པི་ཨེལ་པི་ཚོང་ལས་ཁང་འདི་ ནངས་པ་ལས་ ཚོང་འབྲེལ་གྱི་དོན་ལུ་ ལོག་སྟེ་ར་ སྒོ་ཕྱེ་ནི་ཨིན་མས།

འབྲུག་པའི་དངུལ་ཀྲམ་དང་རུ་པི་གི་ཚོང་འབྲེལ་འཐབ་མི་འདི་ ད་ལྟོའི་བར་ན་ཡང་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ སྤྱི་ལོ་༢༠༡༢་ལུ་ རུ་པི་མ་ལང་པའི་དཀའ་ངལ་འཐོན་པའི་ཤུལ་ དཔལ་འབྱོར་གྱི་གནས་སྟངས་འདི་ ཡར་དྲག་སོང་སྟེ་ཡོད་རུང་ ས་མཚམས་ཁྲོམ་ ཇའི་གཱོནགྱི་ས་གནས་ཚུ་ནང་ལུ་ ཁྲིམས་འགལ་གྱི་ཐོག་ལས་ འབྲུག་པའི་དངུལ་ཀྲམ་དང་ རྒྱ་གར་གྱི་རུ་པི་ཚོང་འབྲེལ་འཐབ་མི་འདི་ ད་ལྟོའི་བར་ན་ཡང་ ཁྱབ་ཆེཝ་སྦེ་རང་ཡོདཔ་ཨིན་མས།

སྣུམ་འཁོར་གཅིག་ས་རུད་ཀྱི་འོག་ལུ་ཚུད་དེ་ཡོདཔ།

༉ གཟའ་ཟླཝ་གི་ཚེ་ ཀྲོང་གསར་དང་གཞལམ་སྒང་གི་ གཞུང་ལམ་ཁ་ ས་གནས་རིའོ་རྟ་ལ་ལུ་ སྣུམ་འཁོར་ བཱེན་གཅིག་ ས་རུད་ཀྱི་འོག་ལུ་ཚུད་དེ་ཡོད་རུང་ སྣུམ་འཁོར་འདི་ནང་ འདེད་གཡོགཔ་རྩིས་ཏེ་ མི་༣་ཡོད་མི་ཚུ་ བྱོག་ཐལ་ནུག

གནམ་གྲུ་ཐང་གི་སྲུང་རྒྱབ་པ་ཚུ་དང་ ཅ་དམ་འགོ་དཔོན་ཚུ་གིས་ ཡུ་ཨེས་དྲོ་ལར་སྟོང་ཕྲག་༩༥ལྷགཔ་ཅིག་ འཕྱོག་ཡོདཔ།

༉ གཟའ་ཉིམ་གྱི་ཚེས་ སྤ་རོ་རྒྱལ་སྤྱི་གནམ་གྲུ་ཐང་ནང་ལུ་ གནམ་གྲུ་ཐང་གི་སྲུང་རྒྱབ་པ་ཚུ་དང་ ཅ་དམ་འགོ་དཔོན་ཚུ་གིས་ ཡུ་ཨེས་དྲོ་ལར་སྟོང་ཕྲག་༩༥ལྷགཔ་ཅིག་ འཕྱོག་ནུག