རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

Archive for: སྤྱི་ཟླ་༩ པའི་ཚེས་, ༢༠༡༥

དོམ་གྱིས་ ནོར་སེམས་ཅན་ཚུ་ལུ་ གནོད་པ་བཀལ་དོ་ཡོདཔ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ རུ་སྐུབ་སྦྱིས་གཡུས་ཚན་ནང་ལུ་ དོམ་གྱིས་ ནོར་སེམས་ཅན་ཚུ་ལུ་ གནོདཔ་སྐྱེལ་ཏེ་ བདུན་ཕྲག་༣ལྷགཔ་ཅིག་འགྱོ་བའི་ཤུལ་ལུ་ མི་སེར་ཚུ་གིས་ ནོར་སེམས་ཅན་ཚུ་སྲུང་སྟེ་སྦེ་ ཞག་ཡང་ལེགས་ཤོམ་སྦེ་ ཉལ་ནི་མི་ཐོབ་དོ་ཡོདཔ་ཨིན་མས།

འགེགས་རྫས་ཀྱི་ཐགསཔ་ ཨརཝ་བརྐུ་བའི་དོག་པ་ལས་བརྟེན་ཏེ་ ཕོ་རྒས་ཅིག་བཟུང་ཡོདཔ།

༉ གཞལམ་སྒང་གི་ ཁྲིམས་སྲུང་འགག་པ་གིས་ ཤིང་མཁར་རྒེད་འོག་ ཝམ་གླིང་གཡུས་ཚན་ནང་ལས་ སྐྱེས་ལོ་༤༧ལང་མི་ཕོ་རྒས་གཅིག་ འགེགས་རྫས་ཀྱི་ཐགསཔ་ ཨརཝ་བརྐུ་བའི་དོག་པ་ལས་བརྟེན་ཏེ་ བཟུང་ཡོདཔ་ཨིན་མས།

ཆབ་གསང་གི་མཐུན་རྐྱེན་མེད་པའི་ དཀའ་ངལ།

༉ ཡོངས་གྲགས་ལུ་ ཀྲཕཊ་བ་ཟར་ཟེར་སླབ་མི་ ཐིམ་ཕུག་ནོར་འཛིན་ལམ་བདའ་སྟེ་ཡོད་པའི་ རང་ལུགས་ལག་བཟོའི་ཚོང་ཁང་ཚུ་གི་དོན་ལས་ ཆབ་གསང་གི་མཐུན་རྐྱེན་ མེད་མི་ལས་བརྟེན་ཏེ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་མས།

སྤ་རོ་སྐྱིད་ཆུ་ལྷ་ཁང་ནང་ལུ་ དཔལ་ཆེན་སྒྲུབ་ཆེན་ གནང་པའི་བསྒང་ར་ཡོདཔ།

༉ སྤ་རོ་སྐྱིད་ཆུ་ལྷ་ཁང་ནང་ལུ་སྦེ་ དཔལ་ཆེན་སྒྲུབ་ཆེན་གནང་པའི་བསྒང་ར་ཡོད་མི་དང་འབྲེལ་ ཁ་ཙ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དིལ་མགོ་མཁྱེན་རྩེ་ཡང་སྲིད་རིན་པོ་ཆེ་ལུ་ སྐུ་གསུང་ཐུགས་ཀྱི་ མན་དྲལ་ཕུལ་གནང་ཡི།

རྒྱལ་ཁབ་ནང་ལུ་ བཟོ་བསྐྲུན་ལས་སྡེ་ཚུ་གི་བར་ན་ རྩོད་ཉོགས་ཀྱི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ།

༉ བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་ནང་ལུ་ རྒྱལ་ཁབ་ནང་ལུ་ཡོད་པའི་ བཟོ་བསྐྲུན་ལས་སྡེ་ཚུ་གི་བར་ན་ རྩོད་ཉོགས་དང་མ་སྒྲིག་པའི་ གནད་དོན་འདི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཞུང་བཞེས་འབད་དེ་ཡོད་པའི་ཆང་གི་རིགས་ཚུ་ རིན་བསྡུར་འབད་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཕུན་ཚོགས་གླིང་ལུ་ ཆང་བཀྲམ་སྤེལ་འབད་མི་ ཚོང་ཁང་༢་གི་ནང་ལས་ གཞུང་བཞེས་འབད་དེ་ཡོད་མི་ ཆང་གི་རིགས་འདི་ཚུ་ ད་རིས་ རིན་བསྡུར་འབད་ནུག

བློན་ཆེན་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ཞལ་འཛོམས་དང་འབྲེལ་ ལས་རིམ་ཁག་མང་རབ་ཅིག་ནང་ལུ་ གྲལ་ཁར་གཏོགས་ཡོདཔ།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ནིའུ་ཡོཀ་ལུ་སྦེ་ འཛམ་གླིང་སྤྱི་ཚོགས་ ཡུན་བརྟན་གོང་འཕེལ་གྱི་ ཞལ་འཛོམས་དང་འབྲེལ་ཏེ་ ལས་རིམ་ཁག་མ་འདྲཝ་ཚུ་ནང་ལུ་ཡང་ གྲལ་ཁར་གཏོགས་གནང་ནུག

དུས་ཅི་ ཟླཝ་༨་ཀྱི་ནང་འཁོད་ འབྲུག་ལུ་ རྒྱལ་སྤྱི་གི་བལྟ་བཤལཔ་བས་ ལུང་ཕྱོགས་ཀྱི་བལྟ་བཤལཔ་མང་སུ་འོང་ཡོདཔ།

༉ དུས་ཅི་ སྤྱི་ཟླ་དང་པ་ལས་འགོ་བཙུགས་ཏེ་ སྤྱི་ཟླ་༨པ་ཚུན་ཚོད་ཀྱི་ནང་འཁོད་ལུ་ རྒྱལ་སྤྱིའི་བལྟ་བཤལཔ་དང་འཕྱདཔ་ད་ ལུང་ཕྱོགས་ནང་འཁོད་ལས་ བལྟ་བཤལཔ་མང་སུ་ཅིག་འོང་སྟེ་སྦེ་འདུག

འབྲུག་མཁའ་འགྲུལ་གྱིས་ གཟའ་སྤེནམ་གི་ཚེས་ ནདཔ་ཅིག་ཨིན་མི་འགྲུལ་པ་གཅིག་ གནམ་གྲུ་ནང་ལས་བཏོན་བཞག་ཡོདཔ།

༉ ཁ་ཉིནམ་ འབྲུག་མཁའ་འགྲུལ་གྱི་གནམ་གྲུ་གཅིག་ནང་ལུ་ འགྲུལ་བར་༤་གིས་ གནམ་གྲུ་ནང་ཡོད་མི་ ནདཔ་གཅིག་གུ་ལས་ དྲིམ་བསྣམ་མས་ཟེར་ ཉོགས་བཤད་བཀོད་པའི་ཤུལ་ལུ་ གནམ་གྲུའི་དེད་དཔོན་འདི་གིས་ འགྲུལ་བར་ནདཔ་གཅིག་ བཏོན་བཞག་སྟེ་ཡོདཔ་ཨིན་མས།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་དམིགས་དོན་གྱི་ གྲོས་གཞི་ཆ་འཇོག་ཞལ་འཛོམས་ནང་ལུ་ གྲལ་ཁར་གཏོགས་ཡོདཔ།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ སྤྱི་ལོ་༢༠༣༠་གི་ ཡུན་བརྟན་གོང་འཕེལ་གྱི་གྲོས་གཞི་ནང་ལུ་ ཚུད་དེ་ཡོད་པའི་ དམིགས་ཡུལ་དང་ གཞི་རྩ་འདི་ཚུ་ འབྲུག་གོང་འཕེལ་གྱི་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ ཆ་འདྲ་སུ་སྦེ་འདུག་ཟེར་ཨིན་མས།