རྫོང་ཁ། | ཨིང་ལིཤ། གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

Archive for: སྤྱི་ཟླ་༨ པའི་ཚེས་, ༢༠༡༥

འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ ཁྲལ་གཉིས་རྩེག་སྦེ་ བཏབ་དགོཔ་ཡོད་མི་འདི་ གཞུང་གིས་ མེདཔ་སྦེ་བཟོ་གནང་བའི་ རེ་བ་བསྐྱེད་དེ་ཡོདཔ།

༉ བབས་ཁུངས་ཀྱི་ཁྲལ་༢༠༠༡་ཅན་མ་འདི་ བསྐྱར་ཞིབ་འབད་བའི་བསྒང་ཡོད་མི་དང་འབྲེལ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ ཁྲལ་གཉིས་རྩེག་སྦེ་ བཏབ་དགོཔ་ཡོད་མི་འདི་ གཞུང་གིས་ མེདཔ་སྦེ་བཟོ་གནང་བའི་ རེ་བ་བསྐྱེད་དེ་སྦེ་འདུག

དབང་སེལ་སྤེལ་ཁང་གིས་ ལག་བརྡ་གི་སློབ་སྟོན་འདི་ རྣ་བའི་དབང་པོ་ལུ་ཐོ་ཕོག་སྟེ་ཡོད་མི་ ཨ་ལུ་ཚུ་ལུ་རྐྱངམ་ཅིག་མེན་པར་ ཕམ་སྤུན་ཆ་དང་བཟའ་ཚང་ཚུ་ལུ་ཡང་ སྟོན་འབྱིན་དོ་ཡོདཔ།

༉ སྤ་རོ་ལུ་ཡོད་པའི་ དབང་སེལ་སྤེལ་ཁང་གིས་ ལག་བརྡ་གི་སློབ་སྟོན་འདི་ རྣ་བའི་དབང་པོ་ལུ་ཐོ་ཕོག་སྟེ་ཡོད་མི་ ཨ་ལུ་ཚུ་གི་དོན་ལུ་རྐྱངམ་ཅིག་མེན་པར་ ཕམ་སྤུན་ཆ་དང་བཟའ་ཚང་ཚུ་ལུ་ཡང་ སྟོན་འབྱིན་དོ་ཡོདཔ་ཨིན་མས།

སྤུ་ན་ཁ་རྫོང་ཁག་གི་དུས་ཕྱེད་བསྐྱར་ཞིབ་འབད་ཡོདཔ།

༉ ལོ་ལྔ་འཆར་གཞི་༡༡་པ་འགོ་བཙུགས་ཏེ་ ལོ་༢་མ་ལངསམ་ཅིག་གི་ནང་འཁོད་ལུ་ སྤུ་ན་ཁ་རྫོང་ཁག་གིས་ འཆར་གཞི་བརྩམ་སྟེ་ཡོད་མི་ གོང་འཕེལ་གྱི་ལས་རིམ་ཚུ་ལས་ བརྒྱ་ཆ་༥༠་ལྷགཔ་ཅིག་ གྲུབ་ཚུགས་ཏེ་འདུག
དེ་ཡང་ ཁ་ཙ་ དུས་ཕྱེད་བསྐྱར་ཞིབ་ཀྱི་ ཞལ་འཛོམས་ཚོགས་ས་ལུ་ རྫོང་བདག་དང་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ གྲུབ་འབྲས་སྙན་ཞུ་ ཕུལ་མི་དང་འཁྲིལ་ཏེ་ཨིན་མས།
སྤུ་ན་ཁ་རྫོང་ཁག་གིས་ དེ་སྦེ་ གྲུབ་འབྲས་བཏོན་ཏེ་ཡོད་མི་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ངལ་རངས་ཡོད་ལུགས་ཚུ་གསུང་ཡི།
བློན་ཆེན་གྱིས་གསུང་མི་ནང་ ལོ་ལྔ་འཆར་གཞི་༡༡་པ་འདི་ སྤྱི་ལོ་༢༠༡༣་གི་ སྤྱི་ཟླ་བཅུ་པ་ལས་རྐྱངམ་ཅིག་འགོ་བཙུགས་ཡོདཔ་ད་ ལོ་༢་མ་ལངསམ་ཅིག་གི་ནང་འཁོད་ལུ་ རྒེད་འོག་༡༡་ག་ར་གིས་ གྲུབ་འབྲས་ཚུ་ ངལ་རང་ཏོག་ཏོ་སྦེ་བཏོན་ནུག་ཟེར་ཨིན་མས།
ལོ་ལྔ་འཆར་གཞི་༡༡་པའི་ནང་ རྫོང་ཁག་འདི་ལུ་ རྒེད་འོག་གོང་འཕེལ་མ་དངུལ་ དངུལ་ཀྲམ་ས་ཡ་༤༤་དང་ ལཱ་འཕྲོ་སྦེ་ཡོད་མི་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༥༠་རྩིས་ཏེ་སྦེ་ འཆར་དངུལ་ དངུལ་ཀྲམ་ས་ཡ་༨༠༦་ མགོ་བཀྲམ་འབད་ནུག
ལོ་༢་གི་ནང་འཁོད་ལུ་ ཁོང་ཆ་ཁྱབ་ཀྱིས་ དངུལ་ཀྲམ་ས་ཡ་༣༠༠་དེ་ཅིག་ ལག་ལེན་འཐབ་ནུག
སྤུ་ན་ཁ་རྫོང་བདག་གིས་ གྲུབ་འབྲས་ཚུ་གི་གྲལ་ལས་ སྦོམ་ཤོས་ར་ སྟོད་པའི་ས་རྒེད་འོག་ནང་ལུ་ གསོ་བའི་གཞི་རྟེན་སྨན་ཁང་ བརྐྱབ་ཡོད་མི་དང་ གསོ་བའི་གཞི་རྟེན་སྨན་ཁང་༣་ རྒྱུན་སྐྱོང་འཐབ་མི་འདི་ཨིན་ཟེར་ཞུ་ཡི།
ད་རེས་ རྫོང་ཁག་ནང་ལུ་ གྲོང་གསེབ་འཐུང་ཆུ་བཀྲམ་སྤེལ་གྱི་ ལས་རིམ་ཁག་༥་ སྒྲ་སྒྲིགས་སྦེ་ཡོད་པའི་ཁར་ འདས་པའི་ལོ་༢་ནང་ལུ་ སོ་ནམ་ཞིང་ལམ་༣་ སེལ་མི་དང་ ཞིང་ལམ་ཀི་ལོ་མི་ཀྲར་༤༠་དེ་ཅིག་ རྒྱུན་སྐྱོང་འཐབ་སྟེ་སྦེ་འདུག
ད་རུང་ རྫོང་བདག་གིས་ཞུ་མི་ནང་ རྫོང་ཁག་གིས་ […]

འཕྲུལ་གླང་ལས་བརྟེན་ཏེ་ མི་སེར་སོ་ནམ་པ་ཚུ་ལུ་ ཕན་ཐོག་བྱུང་དོ་ཡོདཔ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ ཐེད་ཚོ་རྒེད་འོག་ རིན་ཆེན་སྒང་གི་ མི་ཚུ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འཕྲུལ་གླང་གཅིག་ གསོལ་རས་སྦེ་གནང་ནུག

བུམ་ཐང་ལུ་ མེ་རླུང་རྒྱ་རྫི་མ་ལང་པའི་དཀའ་ངལ་ཡོདཔ།

༉ བུམ་ཐང་ལྕམ་མཁར་ཁྲོམ་ཁར་ལུ་ ཁ་ཙ་ཕྱི་རུ་ ཆུ་ཚོད་ཕྱེད་ད་བདུན་དེ་ཅིག་ལས་ མི་བརྒྱ་ལས་བཅད་མི་ཚུ་གིས་ མེ་རླུང་རྒྱ་རྫི་སོར་ནི་གི་དོན་ལས་ འབྲུག་ས་སྣུམ་ལས་འཛིན་གྱི་ས་སྒོ་ནང་ལུ་འཛོམས་ནུག

སོ་ནམ་ཞིང་ལམ་རྒྱ་བསྐྱེད་འབད་མི་འདི་གིས་ མི་སེར་ལ་ལུ་ཅིག་ལུ་ གནོད་པ་འབྱུང་དོ་ཡོདཔ།

༉ སྤུ་ན་ཁ་རྫོང་ཁག་ གུ་མ་རྒེད་འོག་ ལོ་འགོ་འདབ་མ་གཡུས་ཚན་ནང་ལས་ ཁྱིམ་གུང་པ་༦་གིས་ ད་རེས་ ལོ་འགོ་འདབ་མ་ལུ་ ཞིང་ལམ་རྒྱ་བསྐྱེད་ཀྱི་ ལཱ་འབད་མི་འདི་གིས་ ཁོང་ལུ་ གནོད་པ་སྦོམ་སྦེ་ར་བརྐྱབ་སྟེ་ཡོད་ཟེར་བཤདཔ་ཨིན་མས།

ཁྲོམ་སྡེའི་འགྲུལ་འཁོར་བཱས་ མང་ཤོས་ཅིག་ར་མེདཔ་ཐལ་ཏེ་ཡོདཔ།

༉ ཐིམ་ཕུག་ཁྲོམ་ནང་འཁོད་ལུ་ ཁྲོམ་སྡེའི་ མི་དམངས་སྐྱེལ་འདྲེན་བཱས་ཚུ་ནང་ལུ་ མི་མ་ཤོང་པའི་དཀའ་ངལ་ཐོན་མི་འདི་ གཙོ་བོ་ར་ བཱས་༡༠དེ་ཅིག་ མེདཔ་ཐལ་ཏེ་སྦེ་ རྒྱུན་འབྲེལ་འཐབ་མ་ཚུགས་མི་ལས་བརྟེན་ཏེ་ བཱས་གི་གྱངས་ཁ་ མར་ཕབ་འབད་དེ་ཡོད་མི་ལས་བརྟེན་ཏེ་ཨིན་མས།

བློན་ཆེན་གྱིས་བཀའ་གནངམ་བཞིན་དུ་ བསྟན་རྒྱས་བློན་པོ་ ནོར་བུ་དབང་ཕྱུག་གིས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་མཛོད་ཁང་གི་ས་སྒོ་ནང་ལུ་ གཟིགས་བསྐོར་གནང་ཡོདཔ།

༉ ཀྲོང་གསར་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་མཛོད་ཁང་བཟོ་བསྐྲུན་གྱི་ ས་སྒོ་ནང་ལུ་ གཟའ་སྤེནམ་གི་ཚེས་ ས་རུད་ཆད་དེ་ ལཱ་འབད་མི་༥་ འོག་ལུ་ཚུད་དེ་ཡོད་མི་ཚུ་འཚོལ་བའི་བསྒང་རང་འདུག

བུམོ་གཅིག་གིས་ མོ་ར་གིས་མོ་ར་ལུ་གྱི་སོབ་སྟེ་ཤི་ཡོདཔ།

༉ མོང་སྒར་ལས་འབད་མི་ སྐྱེས་ལོ་༢༦ལང་མི་བུམོ་གཅིག་ མོ་ར་གིས་ མོ་ར་ལུ་ གྱི་སོབ་མི་ལས་བརྟེན་ཏེ་ ཤི་རྐྱེན་བྱུང་ཡོདཔ་ཨིན།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་གཞི་ཁག་༥རྩོད་དཔོན་ཡོངས་ཁྱབ་ ཡིག་ཚང་ནང་བཏང་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་འདི་གི་སྤྱི་ཚེས་༨གི་ཚེས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ལས་ ཁྲིམས་རྩོད་འབད་ནི་གི་དོན་ལས་ བཏང་ཡོད་མི་ རྩོད་གཞི་ཁག་༥གི་ཐོག་ལུ་ བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་མས།