
༉ ཐིམ་ཕུག་རྫོང་ཁག་གི་ རྫོང་ཁག་ཚོགས་འདུ་ནང་ལུ་ དུས་ཅི་ཡང་ གླིང་གཞི་རྫོང་ཉམས་གསོ་ཞུ་ནི་གི་སྐོར་ལས་གསུང་གྲོས་བྱུང་ཡོདཔ་ལས་ གནད་དོན་འདི་ གཞུང་ལུ་ལོག་སྟེ་ར་ ཞུ་བ་ཕུལ་ནི་སྦེ་གྲོས་ཐག་བཅད་ཅི།
སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »

༉ ཐིམ་ཕུག་ལུ་ གླ་འཁོར་ནང་ལུ་བརྒྱུན་འགྲུལ་འཐབ་མི་ཚུ་གིས་སླབ་མི་ནང་ གླ་འཁོར་བཏང་མི་ཚུ་གིས་ གླ་ཆ་འདི་ དབང་འཛིན་གྱི་ཡར་སེང་འབད་དེ་ཡོད་མི་ལས་ཡང་ལྷག་སྟེ་ལེན་མས་ཟེར་ཨིན་མས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ གླ་འཁོར་གྱི་གླ་ཆ་འདི་ འདས་པའི་ཟླཝ་ནང་ལས་ཡར་སེང་འབད་དེ་ཡོདཔ་ད་ འདི་ཡང་ ས་གནས་ནང་འཁོད་ལུ་ ཧེ་མ་ཀི་ལོ་མི་ཀྲར་རེ་ལུ་ དངུལ་ཀྲམ༡༥་འབད་ས་ལས་ ༡༨་ལུ་ཡར་སེང་འབད་དེ་འདུག
འདི་འབདཝ་ལས་ ས་གནས་ནང་འཁོད་ལུ་ གླ་འཁོར་ནང་བརྒྱུན་འགྲུལ་འཐབ་དགོ་པ་ཅིན་ འགྲུལ་པ་ག་དེ་ཅིག་རང་ཡོད་རུང་ གླ་ཆ་ཡར་སེང་འདི་ ཀི་ལོ་མི་ཀྲར་རེ་ལུ་ དངུལ་ཀྲམ་༡༨་རེ་འོང་དགོཔ་ཨིན་མས།
འདི་བཟུམ་སྦེ་ ལམ་ཐག་རིང་ས་ལུ་ ཧེ་མ་ཀི་ལོ་མི་ཀྲར་རེ་ལུ་ དངུལ་ཀྲམ་༡༥་ཨིན་རུང་ ད་རེས་དངུལ་ཀྲམ་༡་ཡར་སེང་འབད་དེ་ཡོདཔ་ལས་ དངུལ་ཀྲམ་༡༦་གུ་ལྷོད་དེ་འདུག
ཨིན་རུང་ མི་ཚུ་གིས་སླབ་མི་ནང་ གླ་འཁོར་བཏང་མི་ཚུ་གིས་ གླ་ཆ་ཡར་སེང་འབད་དེ་ཡོད་མི་གུ་མ་གནས་པར་ མཐོ་དྲག་སྦེ་རང་ལེན་མས་ཟེར་བཤད་ཅི།
འདི་ཡང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་གླ་ཆ་བཟོ་སྟཻ་ཡོད་མི་དང་འཁྲིལ་བ་ཅིན་ ཐིམ་ཕུག་ཁྲོམ་ཁ་ལས་ བདེ་ཆེན་ཆོས་གླིང་ཚུན་ མི་རེ་ལུ་ གླ་ཆ་དངུལ་ཀྲམ་༣༠་ལས་བརྒལ་མི་ཕོག་ནི་ཨིན་རུང་ གླ་འཁོར་བཏང་མི་ཚུ་གིས་ གླ ཆ་དངུལ་ཀྲམ་༤༠་དེ་རེ་ལེན་མས་ཟེར་ཨིན་མས།
འདི་ལུ་ གླ་འཁོར་ཚོགས་པའི་ཁྲི་འཛིན་ རྡོ་རྗེ་དབང་ཕྱུག་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ གླ་ཆ་འདི་ཡང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ གླ་ཆ་གི་ཐོ་ཅིག་འབྱིན་ཏེ་ཡོད་མི་དང་འཁྲིལ་ཏེ་རང་ལེན་དོ་ཟེར་ཨིན་མས།
ཨིན་རུང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་སྐྱེལ་འདྲེན་འགོ་དཔོན་ ཀརྨ་སྤེན་པ་གིས་སླབ་མི་ནང་ དབང་འཛིན་གྱི་ཁ་ཐུག་ལས་ གླ་འཁོར་བཏང་མི་ཚུ་ལུ་ གླ་ཆ་ཡར་སེང་འབད་ཡོད་པའི་ཐོ་འདི་ མ་སྤྲོད་ཟེར་ཨིན་མས།
འདི་འབདཝ་ལས་ གླ་འཁོར་གྱི་གླ་ཆ་ཡར་སེང་འབད་དེ་ཡོད་མི་གི་སྐོར་ལས་ མི་དམངས་ཀྱིས་ ཤེས་དགོ་པ་ཅིན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ཡོངས་འབྲེལ་འཆར་སྒོ་ནང་ལས་ ཐོབ་ཚུགས་ཟེར་བཤད་ཅི།
ཨིན་རུང་ གླ་ཆ་དེ་སྦེ་ཐེབ་ལེན་མི་ཐོན་པ་ཅིན་ མི་ཚུ་གིས་ […]
སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »

༉ འབུ་ནི་མེད་པའི་ནད་གཞི་འདི་ འབྲུག་རྒྱལ་ཁབ་ནང་ལུ་ཡང་ གདོང་ལེན་སྦོམ་སྦེ་རང་ཡོད་པའི་ གསོ་བའི་གནད་དོན་ཅིག་ཨིན།
སྤྱི་ཟླ་༨ པའི་ཚེས་ ༢༨ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »

༉ སྤྱི་ལོ་༢༠༡༤་གི་རྩིས་ཞིབ་སྙན་ཞུ་དང་འཁྲིལཔ་ད་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ འཐུས་མི་མེན་མི་ སྒེར་གྱི་མི་ངོམ་ཚུ་ལུ་ཡང་ སྡོད་ཁྱིམ་འདི་ཚུ་འབྱིན་ཏེ་ཡོདཔ་ལས་ ལམ་ལུགས་དང་སྒྲིག་གཞི་ལས་ འགལ་ཏེ་འདུག་ཟེར་ཨིན་མས།
སྤྱི་ཟླ་༨ པའི་ཚེས་ ༢༦ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »

༉ ཁྲིམས་སྲུང་འགག་པ་གིས་ ད་རེས་ཀྱི་ཟླཝ་ནང་ ཐིམ་ཕུག་ལུ་ ཨརཝ་བརྐུ་མི་གི་ནང་ འབྲེལ་བ་ཡོད་པའི་ ཉེས་འཛུགས་ཅན་༦དེ་ཅིག་བཟུང་ནུག
སྤྱི་ཟླ་༨ པའི་ཚེས་ ༢༦ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ ནུབ་ཕྱོགས་དང་ཤར་ཕྱོགས་རྫོང་ཁག་གི་བར་ནའི་གཞུང་ལམ་རྒྱ་སྐྱེད་བཏང་ནི་དང་རྩི་ནག་བཏང་ནི་གི་ལཱ་འདི་ སྤུས་ཚད་ལྡནམ་སྦེ་ དུས་ཚོད་ཁར་མཇུག་བསྡུ་མ་ཚུགས་པ་ཅིན་ ཁག་འབགཔ་གི་ལཱ་འདི་ ཆ་མེད་བཏང་ནི་ཟེར་ཨིན་མས།
སྤྱི་ཟླ་༨ པའི་ཚེས་ ༢༥ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »

༉ ཚོང་འབྲེལ་གྱི་ལཱ་འབད་མི་ ཕོ་རྒས་གཅིག་གི་ ས་ཡིག་རྫུན་མ་བརྐྱབ་ཏེ་ དངུལ་ཁང་ནང་ལས་ དངུལ་བཏོན་ནི་གི་ དཔའ་བཅམ་མི་གི་ ཉེས་འཛུགས་ཕོག་མི་ ཕོ་རྒས་༦གི་བརྩོད་གཞི་འདི་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལུ་་ཕྱེ་དོ་ཡོདཔ་ཨིན་མས།
སྤྱི་ཟླ་༨ པའི་ཚེས་ ༢༥ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »

༉ སྒོ་ནོར་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཐོག་ལས་ བཀྲིས་སྒང་རྫོང་ཁག་ མེ་རག་རྒེད་འོག་ནང་ལུ་ཡོད་པའི་ ཨོམ་ཚོགས་པ་གིས་ ལ་ནོར་གྱི་ཨོམ་ལས་སྦེ་ ནི་དར་ལེནསི་རྒྱལ་ཁབ་ནང་ལུ་ ཐོབ་སྲོལ་ཡོད་མི་ དར་ཚིལ་གསེརཔ་འབད་མི་ གའུ་ཌ་ཅིས་ཟེར་མི་འདི་ བཟོ་ཚུགས་ཏེ་སྦེ་འདུག
ཨོམ་ཚོགས་པ་འདི་གིས་ དར་ཚིལ་འདི་ཡང་ མི་སེར་ཚུ་ལས་ཨོམ་ཉོ་བཞིན་ན་ དར་ཚིལ་གསེརཔོ་འདི་ བཟོཝ་ཨིན་མས།
ཚོགས་པ་འདི་ཡང་ སྤྱི་ལོ་༢༠༡༢ལས་ འོས་འབབ་ཀྱི་བརྟག་དཔྱད་ཚུ་འབད་བའི་ཤུལ་ སྤྱི་ལོ་༢༠༡༣ལུ་ གཞི་བཙུགས་འབད་ནུག
མེ་རག་རྒེད་འོག་གི་ སྒོ་ནོར་རྒྱ་སྐྱེད་ལས་རོགསཔ་ ལྷ་དཀྲུ་གིས་སླབ་མི་ནང་ འདི་བཟུམ་གྱི་ཚོགས་པ་ གཞི་བཙུགས་འབད་དགོ་མི་འདི་ཡང་ སྒོ་ནོར་གྱི་འཐོན་སྐྱེད་ཚུ་ ཡར་དྲག་བཏང་ནི་གི་དོན་ལས་དང་ མི་སེར་ཚུ་གིས་ དར་ཚིལ་ཚུ་ གསརཔ་བཏོན་ཚུགས་ནི་ལུ་ དམིགས་ཏེ་སྦེ་གཞི་བཙུགས་འབད་དེ་ཡོད་ཟེར་བཤད་ཅི།
ཨོམ་ཚོགས་པ་འདི་ཡང་ ན་ཧིང་ཚུན་ཚོད་ཀྱི་བར་ན་ སྒོ་ནོར་ལས་ཁུངས་ཀྱིས་ རྒྱུན་སྐྱོང་འཐབ་སྟེ་ འཐུས་མི་ཚུ་ལུ་ སྦྱོང་བརྡར་ཚུ་བྱིན་ནུག
ན་ཧིང་ ཚོགས་པ་འདི་གིས་ གའུ་ཌ་ཅིས་ཟེར་མི་དར་ཚིལ་གསེརཔོ་ ཀེ་ཇི་༢༠༠་ལྷགཔ་ཅིག་ བཟོ་ཚུགས་ཏེ་སྦེ་འདུག
ཚོགས་པའི་ཁྲི་འཛིན་ ཚེ་རིང་དབང་འདུས་ཀྱིས་སླབ་མི་ནང་ ན་ཧིང་ དར་ཚིལ་ལས་བརྟེན་ཏེ་ ཁེ་སང་ དངུལ་ཀྲམ་ འབུམ་༡་དང་སྟོང་ཕྲག་༣༠དེ་ཅིག་བཟོ་ཏེ་ཡོད་མི་འདི་ ཚོགས་པའི་གཏན་རྩ་མ་དངུལ་སྦེ་ བཞག་སྟེ་ཡོད་ཟེར་བཤད་ཅི།
དུས་ཅི་ལས་ དར་ཚིལ་བཟོ་ནི་གི་ལཱ་འདི་ ཚོགས་པ་འདི་ནང་ལས་ འཐུས་མི་གཉིས་ཀྱིས་ རྩིས་ལེན་ཏེ་ཡོདཔ་ཨིན་རུང་ སྒོ་ནོར་ལས་ཁུངས་ཀྱི་ཁ་ཐུག་ལས་ དགོ་མཁོ་བའི་ རྒྱབ་སྐྱོར་ཚུ་འབད་དེ་ར་བཞག་ནི་ཨིན་མས།
དར་ཚིལ་འདི་ཡང་ རྒྱལ་ཁབ་ནང་ལུ་ཡོད་པའི་ བལྟ་བཤལཔ་གི་མགྲོན་ཁྱིམ་དང་ […]
སྤྱི་ཟླ་༨ པའི་ཚེས་ ༢༥ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »

༉ འབྲུག་དང་རྒྱ་ནག་གི་བར་ན་ ས་མཚམས་གསུང་གྲོས་ཐེངས་༢༣་པ་འདི་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ ཚོགས་ཏེ་ཡོདཔ་ཨིན།
ཞལ་འཛོམས་འདི་ནང་ལུ་ འབྲུག་པའི་འཐུས་མི་སྡེ་ཚན་འདི་ ཕྱི་འབྲེལ་བློན་པོ་གིས་ འགོ་འཁྲིད་ཐོག་ལས་ ཕྱི་འབྲེལ་ལྷན་ཁག་དང་ རྒྱལ་སྤྱི་ས་མཚམས་ཡིག་ཚང་ནང་ལས་ འགོ་དཔོན་ཚུ་གིས་ གྲལ་ཁར་གཏོགས་ཏེ་ཡོདཔ་ཨིན།
དེ་ལས་ རྒྱ་ནག་གི་འཐུས་མི་༡༡་འབད་མི་སྡེ་ཚན་འདི་ ཕྱི་འབྲེལ་བློན་པོ་འོགམ་གིས་ འགོ་འཁྲིད་འབད་དེ་སྦེ་འདུག
ད་རེས་ཀྱི་ ས་མཚམས་ཞལ་འཛོམས་འདི་ཡང་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཚར་གཉིས་ཚོགས་པའི་ཤུལ་ ཚོགསཔ་ཨིན་མས།
མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཅིགཔ་འདི་ ན་ཧིང་སྤྱི་ཟླ་༡༠་པའི་ནང་ལུ་ ཐིམ་ཕུག་ལུ་སྦེ་ཚོགས་ཡོདཔ་ད་ གཞན་མི་འདི་ རྒྱ་ནག་ལུ་སྦེ་ དུས་ཅི་ སྤྱི་ཟླ་༣་པའི་ནང་ལུ་ཚོགས་ནུག
འབྲུག་དང་རྒྱ་ནག་གི་བར་ན་ ས་མཚམས་ཞལ་འཛོམས་ ཐེངས་༢༢་པ་འདི་ ན་ཧིང་ རྒྱ་ནག་ལུ་ ཚོགས་ཏེ་ཡོདཔ་ཨིན།
རྒྱལ་ཁབ་གཉིས་ཀྱི་བར་ན་ ས་མཚམས་ཞལ་འཛོམས་འདི་ཡང་ སྤྱི་ལོ་༡༩༨༨་ཀྱི་ལམ་སྟོན་གཞི་བཀོད་དང་ སྤྱི་ལོ་༡༩༩༨་ཀྱི་ལོ་ནང་ ས་མཚམས་ཞི་བདེ་གི་དོན་ལུ་ ཆིངས་ཡིག་བཟོ་སྟེ་ཡོད་མི་དང་འཁྲིལ་ཏེ་ གནངམ་ཨིན་མས།
འབྲུག་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་བར་ན་ ས་མཚམས་གསུང་གྲོས་འདི་ཡང་ སྤྱི་ལོ་༡༩༨༤་ལས་རང་ གནང་ནི་འགོ་བཙུགས་ཏེ་སྦེ་འདུག
སྤྱི་ཟླ་༨ པའི་ཚེས་ ༢༥ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »

༉ གཞུང་གྲྭ་ཚང་དང་འཁྲིལ་བ་ཅིན་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ འབྲུག་ལུ་ ཤུལ་མའི་ཟླཝ་གི་ སྤྱི་ཚེས་༢༥་ལུ་ ས་ཡོམ་གྱི་རྐྱེན་ངན་ བྱུང་ནི་ཨིན་མས་ཟེར་བའི་ ལོ་རྒྱུས་དར་ཁྱབ་བཏང་མི་འདི་ མ་བདེན་པའི་གཏམ་ཅིག་ཨིན་ཟེར་བཤད་ཅི།
ད་རུང་ གཞུང་གྲྭ་ཚང་དང་འཁྲིལ་བ་ཅིན་ མི་སྡེ་བརྡ་བརྒྱུད་ཚུ་ནང་ལས་ཕར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ མཚན་བརྗོད་བཞིན་ན་ ས་ཡོམ་འདི་ ཧཱ་དང་སྤ་རོ་ དེ་ལས་ གསར་སྤང་རྫོང་ཁག་ཚུ་ནང་ལས་ བྱུང་ནི་ཨིན་པའི་ མ་བདེན་པའི་ལོ་རྒྱུས་ཚུ་ དར་ཁྱབ་བཏང་སྟེ་སྦེ་ འདུག་ཟེར་ཨིན་མས།
གཞུང་གྲྭ་ཚང་གི་ཡོངས་ཁྱབ་དྲུང་ཆེན་ པདྨ་རྒྱལ་མཚན་གྱིས་སླབ་མི་ནང་ གཞུང་གྲྭ་ཚང་གིས་ཁ་ཐུག་ལས་ ལོ་བསྟར་བཞིན་ རྒྱལ་ཁབ་ཀྱི་འཚུབས་ཆ་ཚུ་ གཟིགས་བཞིན་ན་ སྐུ་རིམ་ཚུ་གནང་ནི་ཡོདཔ་ལས་ དུས་ཅི་ཡང་ འདི་བཟུམ་གྱི་ འཚུབས་ཆ་ཚུ་ བཟློག་ཐབས་ལུ་ སྐུ་རིམ་ཚུ་གནང་ཡོདཔ་མ་གཏོགས་ ཤུལ་མའི་ཟླཝ་ནང་ལུ་ ས་ཡོམ་གྱི་རྐྱེན་ངན་འབྱུང་འོང་ཟེར་ མེན་ཟེར་བཤད་ཅི།
སྤྱི་ཟླ་༨ པའི་ཚེས་ ༢༥ ༢༠༡༥ | Posted in
གནས་ཚུལ་གཞན། |
Read More »