རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

Archive for: སྤྱི་ཟླ་༧ པའི་ཚེས་, ༢༠༡༥

སྲས་ཕུག་རྒེད་འོག་ནང་དབྱཱར་རྩ་དགུན་འབུབ་གྱི་ཐོན་ཤུགས་ལེགས་ཤོམ་མེདཔ།

༉ དབང་འདུས་ཕོ་བྲང་རྫོང་ཁག་ སྲས་ཕུག་རྒེད་འོག་ནང་ལུ་ དུས་ཅི་ དབྱཱར་རྩ་དགུན་འབུབ་ཀྱི་ཐོན་ཤུགས་འདི་ ན་ཧིང་བཟུམ་ཅིག་ལེགས་ཤོམ་མེདཔ་ལས་ དབྱཱར་རྩ་དགུན་འབུབ་འཐུ་མི་ཚུ་ སེམས་ཕམ་བྱུང་སྟེ་ཡོདཔ་ཨིན།

གཞུང་ལམ་རྒྱ་བསྐྱེད་ལུ༌བརྟེན༌འགྲོ་འགྲུལ་འབད་མི་ཚུ་ལུ་ སྟབས་མ་བདེཝ་ཐོན་ཡོདཔ།

༉ ཤར་ཕྱོགས་དང་ནུབ་ཕྱོགས་རྫོང་ཁག་གི་བར་ནའི་གཞུང་ལམ་འདི་ ད་རེས་ རྒྱ་བསྐྱེད་འབད་བའི་བསྒང་རང་ཡོདཔ་ལས་ སྣུམ་འཁོར་བཏང་ནི་དང་བཀག་ནི་གི་དུས་ཚོད་བསྒྱུར་བཅོས་འབད་མི་འདི་གིས་ འགྲོ་འགྲུལ་འབད་མི་ཚུ་ལུ་ སྟབས་མ་བདེཝ་ཐོན་ཏེ་སྦེ་འདུག

ཝང་ལྕང་རྒེད་འོག་གི་མི་ཚུ་གིས་ ཁྲོམ་སྡེ་གི་བཅད་མཚམས་སྐོར་ལས་༌སྤྱི་ཚོགས་ལུ་ཞུ་བ་ཕུལ་ནི་སྦེ་ར༌ཡོདཔ།

༉ སྤ་རོ་ ཝང་ལྕང་རྒེད་འོག་གི་མི་སེར་ཚུ་གིས་ ཁྲོམ་སྡེ་གི་བཅད་མཚམས་སྐོར་ལས་ གཟའ་སྤེནཔ་གི་ཚེས་ སྤྱི་ཚོགས་ཀྱི་འཐུས་མི་དང་ ཞབས་ཏོག་ལྷན་ཁག་དང་བཙག་འཐུ་ལྷན་ཚོགས་ཀྱི་འགོ་དཔོན་ཚུ་དང་ཕྱད་དེ་ཡོད་རུང་ མི་སེར་ཚུ་གིས་ གནད་དོན་འདི་ སྤྱི་ཚོགས་ལུ་ཞུ་བ་ཕུལ་ནི་སྦེ་རང་འདུག

རྩོད་རྙོགས་ཅན་གྱི་རྡོ་བཏོན་ས་སྒོ་ ཇེ་པི་ཨེ་སོ་ཤིཊ་ལུ་ རྩིས་སྤྲོད་ནི་ཨིནམ།

༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་གོ་རིམ་གཉིས་པ་གིས་ རྩོད་རྙོགས་ཅན་གྱི་སྟག་ཤ་སི་ལི་གི་རྡོ་བཏོན་ས་སྒོ་འདི་ ཤུལ་མའི་ཟླཝ་ནང་ལས་ ཇེ་པི་ཨེ་སོ་ཤིཊ་ཟེར་མི་ ཁག་འབགཔ་འདི་ལུ་ རྩིས་སྤྲོད་ནི་སྦེ་འདུག

གཙང་རོང་ཀེ་བ་དང་ཚོད་བསྲེ་ཚོགས་པ་གིས་ ཚོད་བསྲེ་ཚོང་འབྲེལ་འཐབ་ནི་ནང་ གྲུབ་འབྲས་ལེགས་ཤོམ་སྦེ་ཐོན་ཚུགས་ཏེ་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་ རམ་འཇར་རྒེད་འོག་ནང་ལུ་ གཙང་རོང་ཀེ་བ་དང་ཚོད་བསྲེ་ཚོགས་པ་ཟེར་མི་སེར་སོ་ནམ་པའི་སྡེ་ཚན་ཅིག་ཡོད་མི་འདི་གིས་ ཚོད་བསྲེ་ཚོང་འབྲེལ་འཐབ་ནི་ནང་ གྲུབ་འབྲས་ལེགས་ཤོམ་སྦེ་ཐོན་ཚུགས་ཏེ་སྦེ་འདུག

དམ་ཆུ་དང་ ཧཱ་གི་བར་ན་ མཐུད་འབྲེལ་གྱི་ལམ་ སེལ་ནི་གི་ས་བསླང་རྟེན་འབྲེལ།

༉ དམ་ཆུ་དང་ ཧཱ་གི་བར་ན་ མཐུད་འབྲེལ་གྱི་ལམ་ སེལ་ནི་གི་དོན་ལུ་ ས་བསླང་རྟེན་འབྲེལ་འདི་ ད་རིས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ མཛད་གནང་ཡི།

དུས་ཅི་ནང་འདྲེན་འབད་མི་ཀི་དེབ་ཚུ་ལུ་ཅ་ཁྲལ་དང་བཙོང་ཁྲལ་མི་ཕོག་ནི་ཨིནམ།

༉ སྤྱི་ལོ་༢༠༡༥་ལུ་ ནང་འདྲེན་འཐབ་སྟེ་ཡོད་པའི་ ཀི་དེབ་ཀྱི་རིགས་ག་ར་ལུ་ ཅ་ཁྲལ་དང་བཙོང་ཁྲལ་ཚུ་ ག་ནི་ཡང་ མི་ཕོགས་ནི་ཨིན་མས།

རང་འབྱུང་འཐོན་སྐྱེད་མཐོ་སློབ་ནང་ལས་མཐར་འཁྱོལ་མི་ཚུ་གིས་ ལཱ་གཡོག་མེད་པའི་སྐོར་ཉོགས་བཤད་བཀོད་དོ་ཡོདཔ།

༉ རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྭ་ནང་ལས་ གཙུག་ལག་འོག་མའི་ཤེས་ཚད་ མཐར་འཁྱོལ་མི་ཚུ་གིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་གཉིས་ཀྱིས་ ཁོང་གི་དོན་ལུ་ གཡོག་གི་ས་སྟོང་ཚུ་ གསལ་བསྒྲགས་མི་འབད་བས་ཟེར་ཨིན་མས།

གུ་རམ་ནད་གཞི་ཐོབ་མི་ཡར་སེང་འགྱོ་དོ་ཡོདཔ།

༉ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ གུ་རམ་གྱི་ནད་གཞི་ཐོབ་ཡོདཔ་སྦེ་ བརྟག་དཔྱད་འབད་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།

སོ་ནམ་ཚོང་ཁང་ལས་བརྟེན་གཞན་ཚོང་པ་ཚུ་གི་ཚོང་འབྲེལ་ལུ་གནོད་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ཕུན་ཚོགས་ཐང་རྒེད་འོག་ནང་ལུ་ སོ་ནམ་ཚོང་ཁང་གཅིག་ འགོ་བཙུགས་མི་འདི་གིས་ མི་སར་སོ་ནམ་པ་ཚུ་ལུ་ ཕན་ཐོག་ནི་ཨིན་རུང་ ཚོང་པ་ཚུ་གི་དོན་ལས་ ཚོང་ལཱ་གི་དོ་འགྲན་འབད་མི་ ཐེབས་ཅིག་འོང་ནི་ཨིན་མས།