རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

Archive for: སྤྱི་ཟླ་༦ པའི་ཚེས་, ༢༠༡༥

རྡོ་རྗེ་སློབ་དཔོན་གྱིས་ མཁན་པོ་ རྣམ་རྒྱལ་ལུ་ སྤུ་ན་ཁ་ སེའུ་ལ་བཤད་གྲྭའི་དབུ་འཛིན་གྱི་ལེགས་དར་གནང་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྡོ་རྗེ་སློབ་དཔོན་གྱིས་ ད་རིས་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ལུ་སྦེ་ མཁན་པོ་ རྣམ་རྒྱལ་ལུ་ སྤུ་ན་ཁ་ སེའུ་ལ་བཤད་གྲྭའི་དབུ་འཛིན་གྱི་ལེགས་དར་གནང་ཡི།

དར་དཀར་ན་གི་ མི་སེར་སོ་ནམ་པ་ཚུ་ལུ་ མགུ་བསྐོར་དང་འབྲེལ་བའི་གནད་དོན།

༉ དར་དཀར་ན་ལུ་ཡོད་མི་ སོ་ནམ་པ་མང་ཤོས་ཅིག་གིས་ རྒྱལ་ས་ཐིམ་ཕུག་ལུ་ཡོད་པའི་ གྲོས་སྟོན་ལས་སྡེ་གཅིག་གིས་ ཁོང་ལུ་མགུ་བསྐོར་བརྐྱབ་སྟེ་ཡོདཔ་སྦེ་ ཉེས་འཛུགས་བཀོདཔ་ཨིན་མས།

འབྲུག་པའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལཔ་༤་གིས་ གནམ་བྱཱར་གྱི་ འཛམ་གླིང་དམིགས་གསལ་ཨོ་ལོམ་པིག་གི་ རྩེད་རིགས་ལས་རིམ་ཐེངས་༡༤པའི་ནང་ལུ་ བཅའ་མར་གཏོགས་ནི་ཨིན།

༉ ཐིམ་ཕུག་ བྲག་མཚོ་ལག་རྩལ་སྦྱོང་བརྡར་སྤེལ་ཁང་ནང་ལས་ དབང་པོ་སྐྱོན་ཅན་གྱི་ལུས་རྩལཔ་༤གིས་ གནམ་བྱཱར་གྱི་ འཛམ་གླིང་དམིགས་གསལ་ཨོ་ལོམ་པིག་གི་ རྩེད་རིགས་ལས་རིམ་ཐེངས་༡༤པའི་ནང་ལུ་ བཅའ་མར་གཏོགས་ནི་གི་དོན་ལས་ གྲ་སྒྲིག་འབད་བའི་བསྒང་ར་ཡོདཔ་ཨིན།
རྩེད་རིགས་ལས་རིམ་འདི་ སྤྱི་ཟླ་༧་པའི་སྤྱི་ཚེས་༢༥་ལས་ ས་གནས་ ལོས་ཨེན་ཇེ་ལིས་ལུ་ འགོ་འདྲེན་འཐབ་ནི་ཨིནམ་དང་ སྡེ་ཚན་འདི་གིས་ སྤྱི་ཟླ་༧་པའི་སྤྱི་ཚེས་༢༠་ལུ་ རྒྱལ་ཁབ་ནང་ལས་འགྱོ་ནི་ཨིན་མས།
བྲག་མཚོ་རིག་རྩལ་སྦྱོང་བརྡར་སྤེལ་ཁང་གི་མདོ་ཆེན་འོགམ་ བདེ་སྐྱིད་བཟང་མོ་གིས་སླབ་མི་ནང་ ལས་རིམ་འདི་གི་དོན་ལས་ བུམོ་གཉིས་རྩིས་ཏེ་ ཁོང་ལུས་རྩལཔ་༤ལུ་ སྦྱང་བ་ཚུ་འབྱིན་པའི་བསྒང་ཡོད་ཟེར་བཤད་ཅི།
ཁོང་ལུས་རྩལཔ་ཆ་ཁྱབ་ཡང་ ན་ཧིང་ རྒྱལ་ཡོངས་གནས་ཚད་ཀྱི་འགྲན་བསྡུར་ཅིག་འབད་བའི་སྐབས་ལུ་ ལུས་རྩལཔ་༡༥༠ནང་ལས་ དམ་འཐུ་འབད་ཡོདཔ་ཨིན་མས།
འགྲན་བསྡུར་ནང་ལུ་ བཅའ་མར་གཏོགས་པར་འགྱོ་ནི་ཨིན་མི་ཚུ་གི་གྲལ་ལས་གཅིག་ དཔལ་ལྡན་ཨིནམ་ད་ ཁོ་གིས་ ཧེ་མ་ལས་ཡང་ འདི་བཟུམ་གྱི་ལས་རིམ་ཚུ་ནང་བཅའ་མར་གཏོགས་ཏེ་ རྟགས་མ་ལེ་ཤ་ཅིག་ར་ཐོབ་ཏེ་ཡོདཔ་ཨིན།
ཁོང་ཆ་ཁྱབ་ཀྱིས་ འདས་པའི་ཟླཝ་༣དེ་ཅིག་གི་རིང་ལུ་ སྦྱང་བ་འབད་དེ་ཡོདཔ་དང་ ཧེ་མ་ཡང་ སྦྱང་བ་ལེགས་ཤོམ་འབད་བའི་མཐའ་མ་ གྲུབ་འབྲས་ལེགས་ཤོམ་ཐོན་ཏེ་ར་ཡོདཔ་ཨིན།
ཁོང་བཞི་གིས་ རྒྱལ་ཁབ་༡༧༠་ལྷགཔ་ཅིག་གི་ནང་ལས་ བཅའ་མར་གཏོགས་མི་ སྟོང་ཕྲག་༧༠དེ་ཅིག་དང་ཅིག་ཁར་ དོ་འགྲན་འབད་དགོ་ནི་ཨིན་མས།

ཧཱ་ལྷ་ཁང་དཀརཔོ་གི་ རྩོད་གཞི་འདི་གི་ ཁྲུན་ཆོད་འདི་ལུ་ བསམ་འཆར་མ་འདྲཝ་ ལེ་ཤཱ་བཤད་མི་ཡོདཔ་ཨིན།

༉ ཧཱ་རྫོང་ཁག་ ཁྲིམས་ཀྱི་འདུན་ས་གིས་ ཁ་ཙ་ ལྷ་ཁང་དཀརཔོ་གི་རྩོད་གཞི་གུར་ ཁྲུན་ཆོད་གནང་མི་འདི་ལུ་ མི་ཚུ་གིས་བར་ན་ བསམ་འཆར་མ་འདྲཝ་ཚུ་ ལེ་ཤཱ་ཅིག་ར་བཤད་དོ་ཡོདཔ་ཨིན།

ཀི་ལ་ཡ་གཞི་ཚོགས་ཀྱི་ མཁལ་རྡོག་སྨན་བཅོས་ཀྱི་ འཕྲུལ་ཆས་གྲོགས་རམ།

༉ རྒྱལ་ཁབ་ནང་ལུ་ མཁལ་རྡོག་གི་ནད་ཐོབ་མི་གྱངས་ཁ་འདི་ ལོ་བསྟར་བཞིན་དུ་ར་ ཡར་སེང་འགྱོ་མི་དང་འབྲེལ་ འདི་དང་བསྟུན་པའི་ ཞབས་ཏོག་དང་མཁོ་ཆས་ཚུ་ དགོཔ་ཐོན་མི་འདི་ཡང་ ཡར་སེང་འགྱོ་སྟེ་སྦེ་འདུག

པདྨ་དགའ་ཚལ་ལུ་ ཧ་ཟས་ཤིང་བཙུགས་མི་ཚུ་ སེམས་དགའ་སྟེ་ཡོདཔ།

༉ པདྨ་དགའ་ཚལ་རྫོང་ཁག་ བཟོ་སྦལ་རྒེད་འོག་གི་ ཚེ་གླིང་གཡུས་ཚན་གྱི་ མི་སེར་ཚུ་གིས་ ཧ་ཟས་ཤིང་བཙུགས་ཏེ་ ལོ་བཞི་དེ་ཅིག་ འགྱོ་བའི་ཤུལ་ལས་ ད་རེས་འབདཝ་ད་ དོག་མ་བཏག་ནི་ འགོ་བཙུགས་ཏེ་ཡོདཔ་ལས་ སེམས་དགའ་སྟེ་སྦེ་འདུག

ཧཱ་རྫོང་ཁག་ནང་ལུ་ སྒོ་ནོར་འགྲེམས་སྟོན་ལས་རིམ།

༉ ཧཱ་རྫོང་ཁག་ནང་ལུ་ འདས་པའི་བདུན་ཕྲག་ནང་ སྒོ་ནོར་གྱི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ འདི་བསྒང་ དབུས་སུ་རྒེད་འོག་གི་ མི་སེར་ཚུ་གིས་ཡང་ ཁོང་གིས་ བ་ནོར་འདི་ཚུ་ འགྲེམ་སྟོན་འབད་ནི་གི་ གོ་སྐབས་ཐོབ་སྟེ་སྦེ་འདུག

ཕྱི་འབྲེལ་བློན་པོ་ལུ་ཉེས་པ་མེད་པའི་འཁྲུན་ཆོད་གནང་ཡོདཔ།

༉ ཧཱ་རྫོང་ཁག་ ཁྲིམས་ཀྱི་འདུན་ས་གིས་ ལྷ་ཁང་དཀརཔོ་དང་འབྲེལ་བའི་ རྩོད་གཞི་གི་ཁྲུན་ཆོད་འདི་ ད་རིས་གནང་ནུག

རང་འབྱུང་ལས་ཁྲག་ཁྲི་ཚུན་སྣུམ་འཁོར་ལམ་སེལ་ཚརཝ་ལས་སག་སྟེང་ལུ་ལྷོད་ནི་གི་དོན་ལས་འཇམ་ཏོང་ཏོ་འགྱོ་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་ལས་ཁྲག་ཁྲི་ཚུན་ ཀི་ལོ་མི་ཀྲར་༤༡འབད་མི་ འཁོར་ལམ་འདི་ སེལ་ཚར་ཏེ་ཡོདཔ་ལས་ ད་ལས་ཕར་ སག་སྟེང་ལུ་ལྷོད་ལྷོད་ དུས་ཡུན་ཆུ་ཚོད་༥དེ་ཅིག་ལས་བརྒལ་ མི་འགོར་ནི་ཨིན་མས།

ཁེངས་རིགས་རྣམ་གསུམ་མཉམ་ལས་ཚོགས་པ་ལེགས་ཤོམ་འགྱོ་དོ་ཡོདཔ།

༉ གཞལམ་སྒང་རྫོང་ཁག་ནང་ལུ་ ཁེངས་རིགས་རྣམ་གསུམ་ མཉམ་ལས་ཚོགས་པ་འདི་ གཞི་བཙུགས་འབད་དེ་ ལོ་གཅིག་ར་མ་འགྱོཝ་ལས་ གྲུབ་འབྲས་འདི་ ལེགས་ཤོམ་སྦེ་ར་ ཐོན་སྟེ་སྦེ་འདུག