རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

Archive for: སྤྱི་ཟླ་༥ པའི་ཚེས་, ༢༠༡༥

བུམ་ཐང་ལྕམ་མཁར་གི་ ཆུ་བཀག་ར་བཟོ་བསྐྲུན་གྱི་ལཱ།

༉ བུམ་ཐང་ ལྕམ་མཁར་ཆུ་གི་མཐའ་བདའ་སྟེ་ཡོད་མི་ ས་ཞིང་མང་ཤོས་ཅིག་ར་ ཆུ་རུད་ཀྱིས་ཕྱག་འབག་སྟེ་གནོདཔ་བཀལ་དོ་ཡོདཔ་ལས་ ལྕངམ་མཁར་ཁྲོམ་དང་ ས་ནམ་ས་ཞིང་འདི་ཚུ་ སྲུང་སྐྱོབ་འབད་ཐབས་ལུ་ ཆུ་བྱག་ བརྐྱབ་ནི་འགོ་བཙུགས་ཏེ་སྦེ་འདུག

རྒྱལ་ཁབ་ནང་རྩིས་ཆད་ཡར་སེང་འགྱོ་ཡོདཔ།

༉ རྩིས་ལོ་༢༠༡༥་ལས་༢༠༡༦་གི་དོན་ལུ་ རྒྱལ་ཁབ་ཀྱི་ དངུལ་གྱི་རྩིས་ཆད་འདི་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༢་མ་ལངསམ་ཅིག་གིས་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན་མས།

གློག་མེ་ལས་འགུལ་གྱི་སྲིད་བྱུས་གུར་གསུང་གྲོས་གནང་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་ནང་ལུ་ ད་རིས་ གློག་མེ་ལས་འགུལ་གྱི་སྲིད་བྱུས་དང་ ལས་རིམ་ཚུ་གི་སྐོར་ལས་ ཚོགས་ཆུང་གི་སྙན་ཞུ་ ཕུལ་ཏེ་སྦེ་ གསུང་གྲོས་གནང་ཡོདཔ་ཨིན།

ལཱ་གཡོག་གནས་སྟངས་ཀྱི་རྒྱབ་སྣོན་ཕུལ་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ ལཱ་གཡོག་འཚོལ་མི་གི་མི་སྟོབས་འདི་དང་ མི་སྟོབས་ཀྱི་དགོས་མཁོ་གཉིས་ མཐུན་སྒྲིག་བྱུང་ཐབས་ཀྱི་དོན་ལས་ ཤེས་ཡོན་གཙུག་སྡེ་དང་ ལཱ་གཡོག་བྱིན་མི་ལས་སྡེ་ཚུ་གིས་ ཡུན་རིང་གི་མི་སྟོབས་འཆར་གཞི་ཅིག་བཟོ་དགོཔ་ཡོདཔ་ཨིན་མས།

སོ་ནམ་པ་ཚུ་གི་བལྟ་བསྐོར་འགོ་འདྲེན་འཐབ་དོ་ཡོདཔ།

༉ འབྲུག་གོང་འཕེལ་དངུལ་ཁང་ནང་ལས་ སོ་ནམ་ལཱ་དང་ བྱ་གསོ་སྐྱོང་ཁང་གི་དོན་ལས་ སྐྱིན་འགྲུལ་ལེན་ཏེ་ཡོད་མི་ མི་སེར་སོ་ནམ་པ་ ༣༡དེ་ཅིག་ ད་རེས་ནངས་པར་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ལུ་ ཉམས་མྱོང་གི་བལྟ་བསྐོར་ནང་འཁྱིད་དོ་ཡོདཔ་ཨིན།

རྩི་རང་ལུ་ཟམ་གཉིས་ཉམས་བཅོས་འབད་བའི་བསྒང་ཡོདཔ།

༉ རྩི་རང་གི་ས་གནས་ ཉི་མ་ཟོར་ཟེར་ས་ལུ་ དཀྲིང་ཟམ་གཉིས་ཡོད་མི་འདི་ ད་རེས་ ཉམས་བཅོས་འབད་བའི་བསྒང་ར་ཡོདཔ་ལས་ ཟམ་གཉིསཔོ་འདི་ ཉམས་བཅོས་འབད་ཚར་བའི་སྒང་ལས་ ས་གནས་ནང་གི་མི་སེར་ཚུ་ལུ་ ད་རེས་ དཀའ་ངལ་བྱུང་སྟེ་ཡོད་མི་འདི་ བསལ་ཚུགས་ནི་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མེ་རག་སློབ་གྲྭའི་སློབ་དཔོན་དང་སློབ་ཕྲུག་ཚུ་ལུ་ མཇལ་འཕྲད་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ མེ་རག་སློབ་གྲྭའི་ སློབ་དཔོན་དང་སློབ་ཕྲུག་ཚུ་ལུ་ མཇལ་འཕྲད་གནང་སྟེ་ ཤེས་ཡོན་འདི་ བརྩོན་ཤུགས་སྐྱེད་དེ་སྦྱང་དགོ་པའི་ བཀའ་སློབ་གསུང་གནང་ཡི།

རྒྱ་གར་གཞུང་གིས་ འབྲུག་གི་དོན་ལུ་ ཚོང་འབྲེལ་དང་སྐྱེལ་འདྲེན་གྱི་དོན་ལས་ ཐོན་འཛུལ་གྱི་ས་ཁོངས་ གཉིས་ཀྱི་འོས་འབབ་ཚུ་བལྟ་བའི་བསྒང་རང་ཡོདཔ།

༉ འབྲུག་རྒྱལ་ཁབ་ཀྱིས་ རྒྱ་གར་གཞུང་ལས་ ཚོང་འབྲེལ་དང་སྐྱེལ་འདྲེན་གྱི་དོན་ལས་ ཐོན་འཛུལ་གྱི་ས་ཁོངས་༤་ཞུ་བ་འབད་དེ་ཡོད་ས་ལས་ གཉིས་འདི་ ཆ་མེད་དང་ སོ་སོ་གཉིསཔ་འདི་ བལྟ་བའི་བསྒང་རང་ཡོདཔ་སྦེ་ཨིན་མས།

རྩིས་ལོ་༢༠༡་༥དང་༢༠༡༦གི་ ཟད་རྩིས་ཡོངས་སྡོམ་འདི་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༤༡་ཚད་རྩིས་བཏོན་ཡོདཔ།

༉ ད་རིས་ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱས་རྡོ་རྗེ་གིས་ ལོ་བསྟར་རྒྱལ་ཡོངས་ཀྱི་འཆར་དངུལ་སྙན་ཞུ་གསལ་ཞུ་ཕུལ་བའི་སྐབས་ རྩིས་ལོ་༢༠༡་༥དང་༢༠༡༦གི་ ཟད་རྩིས་ཡོངས་སྡོམ་འདི་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༤༡་ཚད་རྩིས་བཏོན་ཡོདཔ་སྦེ་ཞུ་ཡི།

རྒེད་འོག་དང་སྤྱི་འོག་ཁུངས་བདེན་བཟོ་ནི་གི་གནད་དོན་འདི་ མགྱོགས་པ་སེལ་དགོཔ་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེ་གིས་འབད་བ་ཅིན་ རྒེད་འོག་དང་སྤྱི་འོག་ཁུངས་བདེན་བཟོ་ནི་གི་གནད་དོན་འདི་ ཧེ་མའི་རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ཡང་ གསུང་གྲོས་ཚུ་རྒྱས་ཤིང་རྒྱསཔ་སྦེ་རང་གནང་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་ཡོད་ཟེར་ཨིན་མས།