རྫོང་ཁ། | ཨིང་ལིཤ། གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

Archive for: སྤྱི་ཟླ་༤ པའི་ཚེས་, ༢༠༡༥

བློན་ཆེན་མཆོག་གིས་ སྦལ་བུ་ལུ་ སེམས་གསོ་མཛད་པར་ སྐུ་ངོ་བོ་སྦེ་བྱོན་གནང་ཡོདཔ།

༉ བལ་བུ་ལུ་ གཟའ་ཉིམ་གྱི་ཚེ་ ས་ཡོམས་ཤུགས་ཅན་ཅིག་ བརྐྱབ་པའི་ཤུལ་ལས་ གནོད་རྐྱེན་སྦོམ་ར་བརྐྱབ་ཡོདཔ་ལས་ བློན་ཆེན་ ཚེ་རིང་སྟོབས་རྒྱས་ཀྱིས་ བལ་བུ་གི་གཞུང་དང་ མི་སེར་ཚུ་ལུ་ འབྲུག་གཞུང་གི་ཧོང་ལས་ གཅིག་མཐུན་དང་ རྒྱབ་སྐྱོར་ཡོད་ལུགས་ཚུ་ ཞུ་ནི་གི་དོན་ལས་ ད་རིས་ བལ་བུ་གི་རྒྱལ་ས་ ཀཱད་མཱན་གྲུ་ལུ་བྱོན་གནང་ཡི།

སྦལ་བུ་ལས་འབྲུག་མི་༢༥༤་ ལོག་རྒྱལ་ཁབ་ནང་འོང་སྟེ་ཡོདཔ།

༉ ས་ཡོམ་རྐྱབ་སྟེ་ཡོད་པའི་སྦལ་བུ་གི་རྒྱལ་ཁབ་ནང་ལས་ འབྲུག་མི་༢༥༤་ལོག་རྒྱལ་ཁབ་ནང་ལུ་ ལྷོད་དེ་སྦེ་འདུག

དྲག་ཤོས་བེན་ཇི་གིས་ རྩོད་གཞི་འདི་ ཕྱིར་བཏོན་མི་འབད་ཟེར་སླབ་སྟེ་ཡོདཔ།

༉ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ ད་རིས་ ཡོངས་གྲགས་ལུ་ དྲག་ཤོས་བེན་ཇི་ཟེར་ དྲག་ཤོས་དཔལ་འབྱོར་ཇེ་རྡོ་རྗེ་གི་ཁྲིམས་རྩོདཔ་གིས་ཞུ་མི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ གཟའ་པ་སངས་ཀྱི་ཚེས་ རྩོད་གཞི་ཕྱིར་བཏོན་འབད་ནི་སྦེ་ ཞུ་བ་འབད་དེ་ཡོད་མི་ལུ་ དྲག་ཤོས་བེན་ཇི་གིས་ ཁ་འཆམ་ནི་ནང་ དངས་འདོད་མིན་འདུག་ཟེར་ཨིན་མས།

གླ་འཁོར་དེད་གཡོགཔ་བསད་མི་ནང་འབྲེལ་བ་ཡོད་མི་དོགས་པ་ཅན་༣་ལས་༢་བཟུང་ཡོདཔ།

༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ འདས་པའི་བདུན་ཕྲག་ནང་ གླ་འཁོར་དེད་གཡོགཔ་གཅིག་ བསད་མི་གི་བྱ་ངན་ནང་ལུ་འབྲེལ་བ་ཡོད་མི་ དོགས་པ་ཅན་ཕོ་རྒས་༢་བཟུང་ཚུགས་ཏེ་འདུག

བལ་བུ་ལུ་ ས་ཡོམ་གྱི་རྐྱེན་ངན་བྱུང་ས་ལུ་ འབྲུག་ལས་གསོ་བའི་རྒྱབ་བསྐྱོར།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནངམ་བཞིན་དུ་ བལ་བུ་ལུ་ ས་ཡོམ་གྱི་རྐྱེན་ངན་བྱུང་པའི་ཤུལ་ལུ་ སྲོག་སྐྱབས་དང་གྲོས་རམ་གྱི་ལཱ་ཚུ་འབད་ས་ལུ་ གསོ་བའི་རྒྱབ་བསྐྱོར་གྱི་དོན་ལུ་ འབྲུག་གིས་ འཐུས་མི་༣༨་འབད་མི་ གསོ་བའི་སྡེ་ཚན་གཅིག་དང་ བདེ་སྲུངཔ་༡༥་ དེ་ལས་ འགོ་དཔོན་ཚུ་བཏང་ནི་ཨིན་མས།

བཀྲ་ཤིས་སྒང་གི་ སྨན་ཁང་ཚུ་ནང་ ཌག་ཊར་མ་ལངས་པའི་དཀའ་ངལ།

༉ བཀྲ་ཤིས་སྒང་རྫོང་ཁག་ནང་ཡོད་པའི་ སྨན་ཁང་ཚུ་དང་ སྡེ་རིམ་དང་པ་འབད་མི་ གསོ་བའི་གཞི་རྟེན་སྨན་ཁང་ཚུ་ནང་ལུ་ དྲོག་ཀྲར་མ་ལངས་པའི་དཀའ་ངལ་ཡོདཔ་ཨིན་མས།

ས་ཡོམས་ལས་བརྟེན་འབྲུག་ལུ་གནོད་པ་གནམ་མེད་ས་མེད་ཅིག་མདེཔ།

༉ ནང་སྲིད་བློན་པོ་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་བཀོད་མི་ནང་ ད་རིས་ བལ་བུ་ལུ་ ཤུགས་ཚད་༧དང་ཚག་༩་འབད་མི་ ས་ཡོམ་ཤུགས་ཅན་ཅིག་ བརྐྱབ་མི་གི་ བྱེམ་འདི་ འབྲུག་ལུ་ཡང་འཚོར་ཡོདཔ་ཨིན་རུང་ མི་ལུ་ཤི་རྐྱེན་དང་ རྒྱུ་དངོས་ཚུ་མེདཔ་བཏང་ཡོད་པའི་ སྙན་ཞུ་ག་ནི་ཡང་མ་ལྷོད་ཟེར་ཨིན་མས།

མི་དབང་རྒྱལ་ཡུམ་མཆོག་གིས་ཨ་ནེམ་ནང་པའི་མཐོ་རིམ་བཤད་གྲྭ་རྒྱ་སྐྱེད་འབད་མི་འདི་འགོ་འབྱེད་གནང་ཡོདཔ།

༉ སྤུ་ན་ཁ་གི་ས་གནས་ འོ་ལ་ཁ་ལུ་ཡོད་པའི་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་ ཨ་ནེམ་བཤད་གྲྭ་འདི་ ཨ་ནེམ་གྱི་ནང་པའི་མཐོ་རིམ་བཤད་གྲྭ་ལུ་ རྒྱ་སྐྱེད་འབད་དེ་ཡོདཔ་ལས་ རྒྱལ་ཁབ་ནང་ལུ་ ཨ་ནེམ་གྱི་ནང་པའི་མཐོ་རིམ་བཤད་གྲྭ་འགོ་དང་པ་ཅིག་འོང་ནི་ཨིན་མས།

མི་སྡེ་འགོ་འཁྲིདཔ་ཚུ་གིས་སྐྱིན་འགྲུལ་ལེན་སྐབས་ལག་ཁྲམ་སྤྲོད་དགོ་མི་སྐོར་ཉོགས་བཤད།

༉ དངུལ་ཁང་ཚུ་གིས་ མི་ཚུ་ལུ་ སྐྱིན་འགྲུལ་བྱིན་པའི་སྐབས་ ལག་ཁྲམ་ངོ་མ་འདི་ ལེན་བཞག་དོ་ཡོད་མི་ལུ་ བཀྲ་ཤིས་སྒང་གི་ མི་སྡེའི་འགོ་ཁྲིདཔ་ཚུ་གིས་ ཚ་གྱངས་ཡོད་ལུགས་ཚུ་བཤད་དེ་འདུག

བསམ་རྩེ་རྫོང་ཁག་ལུ་ཚད་ནད་བཀག་ཐབས་ལུ་ངོས་ལེཔ་གྱི་ལག་ཁྱེར་གནང་ཡོདཔ།

༉ ད་རིས་ འཛམ་གླིང་ཚད་ནད་ཀྱི་ཉིནམ་འདི་ བརྩི་སྲུང་འབད་མི་དང་འབྲེལ་ཏེ་ གསོ་བའི་ལྷན་ཁག་གིས་ བསམ་རྩེ་རྫོང་ཁག་ལུ་ དགའ་འཚོར་གྱི་ལག་ཁྱེར་གཅིག་གནང་ནུག