རྫོང་ཁ། | ཨིང་ལིཤ། གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

Archive for: སྤྱི་ཟླ་༣ པའི་ཚེས་, ༢༠༡༥

བུམ་ཐང་པད་གླིང་ཚེས་བཅུ།

༉ བུམ་ཐང་ དབང་འདུས་ཆོས་གླིང་ལུ་སྦེ་ ད་རིས་ལས་ ཉིན་གྲངས་གསུམ་གྱི་རིང་ པད་གླིང་ཚེས་བཅུ་འདི་ གནང་ནི་འགོ་བཙུགས་ཡོདཔ་ད་ འདི་བཟུམ་གྱི་ པད་གླིང་ཚེས་བཅུ་གནང་མི་འདི་ འགོ་ཐོག་དང་པ་ཨིན་མས།

མི་སྡེ་ཁ་འབག་གི་སྐོར་ མ་སྒྲིགཔ་འཐོན་ཡོདཔ་ཨིན།

༉ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་གི་ མི་སྡེའི་འགོ་ཁྲིདཔ་ལ་ལུ་ཅིག་གིས་ ཁོང་རའི་རྒཔོ་འདི་ལུ་ མི་སྡེ་ཁག་འབགཔ་གི་ལཱ་འདི་ རྒཔོ་འདི་གིས་ བསྟུན་གྲོས་ག་ནི་ཡང་མེད་པར་ ཐག་རང་ཐག་བཅད་དེ་སྦེ་ མི་ངོ་དག་པ་ཅིག་ལུ་ འབྱིན་ཏེ་ཡོད་པའི་སྐོར་ ཉེས་འཛུགས་བཀོདཔ་ཨིན་མས།

ཨམ་བྷ་དུམ་གྱི་ཉིནམ།

༉ ན་གཞོན་གོང་འཕེལ་མ་དངུལ་དང་ འབྲུག་དངུལ་ཁང་གཉིས་ཀྱི་ ཁ་ཉིམ་ བྷ་དུམ་གྱི་ཉིནམ་འདི་ འགོ་འབྱེད་འབད་ཡོདཔ་ད་ ལས་རིམ་འདི་ཡང་ མ་དངུལ་གསོག་འཇོག་འབད་དེ་ བགོ་བཤའ་བརྐྱབ་ནི་གི་ ལས་འགུལ་ཅིག་ཨིན་མས།

མོང་སྒར་ སི་ལམ་སྦིས་མི་སེར་ཚུ་གིས་ མི་ཚེ་གནས་སྟངས་ཡར་དྲག

༉ མོང་སྒར་རྫོང་ཁག་ སི་ལམ་སྦིས་རྒེད་འོག་གི་ མི་སེར་མང་ཤོས་ཅིག་ར་ ཧེ་མ་འབད་བ་ཅིན་ ཁྱིམ་སྦ་སྒོ་དང་ ཁྱིམ་ཐོག་ཡང་ ངང་ལག་གི་ ཤོམ་འདབ་ཚུ་བཀབ་སྟེ་ སྡོད་དགོཔ་བྱུང་ཡོདཔ་ཨིན་མས།

ལྕང་གླིང་མེད་ཐང་གི་ འབའ་ཅོ་འདི་ ཉམས་བཅོས་མ་འབད་བར་ཡོདཔ།

༉ མདའ་གི་རྩེདམོའ་དི་ལུ་ སྤྲོ་ཡོད་མི་ཚུ་གིས་སླབ་མི་ནང་ ཐིམ་ཕུ་ ལྕང་གླིང་མེད་ཐང་ལུ་ཡོད་པའི་ རྒྱལ་ཡོངས་མདའ་རྩེད་ཀྱི་ འབའ་ཅོ་འདི་ ཉམས་བཅོས་དང་ ཡར་དྲག་བཏང་དགོཔ་ རན་ར་རན་ཆི་ནུག་ཟེར་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སེང་ག་པུར་གི་ ཚེ་འདས་སོང་སྟེ་ཡོད་མི་ སྲིད་བློན་བགྲེསཔ་ལི་ཀཱོན་ཡུ་ལུ་ གུས་བསྟུད་ཕུལ་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སེང་ག་པུར་གི་ཚོགས་ཁང་ནང་ལུ་སྦེ་ ཚེ་འདས་སོང་སྟེ་ཡོད་མི་ སྲིད་བློན་བགྲེསཔ་ལི་ཀཱོན་ཡུ་ལུ་ གུས་བསྟུད་ཕུལ་ནུག

མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ དགེ་འདུ་ལུ་སྦེ་ ཆེ་རིམ་ཤེས་ཡོན་གྱི་ གནས་ཚད་ནང་ བརྩི་མཐོང་ཤེས་ཡོན་ཟེར་མི་ རྒྱལ་སྤྱི་གྲོས་འཛོམས་འདི་ འགོ་འབྱེད་མཛད་གནང་ཡོདཔ།

༉ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ ཁ་ཙ་ དགེ་འདུ་ལུ་སྦེ་ ཆེ་རིམ་ཤེས་ཡོན་གྱི་ གནས་ཚད་ནང་ བརྩི་མཐོང་ཤེས་ཡོན་ཟེར་མི་ རྒྱལ་སྤྱི་གྲོས་འཛོམས་འདི་ འགོ་འབྱེད་མཛད་གནང་ཡི།

གཞལམ་སྒང་ལུ་ དབུག་གདོང་ལེན་གྱི་རིམས་ནད་འཐོན་ཡོདཔ།

༉ གཞལམ་སྒང་སློབ་གྲྭ་ལྟེ་བའི་ནང་ལུ་ དབུག་གཏོང་ལེན་གྱི་རིམས་ནད་ ཐོན་ཡོད་མི་ལས་བརྟེན་ཏེ་ སློབ་ཕྲུག་༢༠༠དེ་ཅིག་ལུ་ གནོད་དེ་ཡོདཔ་མ་ཚད་ ད་རུང་ ཉིན་བལྟར་བཞིན་དུ་ར་ སློབ་ཕྲུག་ལེ་ཤ་ཅིག་ སྨན་ཁང་ནང་བརྟག་དཔྱད་འབད་བ་ འོང་དོ་ཡོདཔ་ཨིན་མས།

སོ་ནམ་ལྷན་ཁག་གིས་ སོན་དང་ལུད་ཚུ་རིན་མེད་སྟོངམ་སྦེ་ མ་བྱིན་པར་ ལས་རིམ་གསརཔ་འགོ་བཙུགས་ནི།

༉ ད་ལས་ཕར་ སོ་ནམ་ལྷན་ཁག་གིས་ སོ་ནམ་གྱི་ལཱ་འབད་མི་ཚུ་ལུ་ སོན་རིགས་དང་ སྨན་ལུད་ཚུ་ རིན་མེད་སྟོང་པ་སྦེ་ མི་བྱིན་ནི་ཨིན་མས།

གཉིས་སྐལམ་དགོངས་ཞུ་ཚོགས་པའི་ དྲག་ཤོས་ཚུ་གིས་འགྲེམ་སྟོན།

༉ གཉིས་སྐལམ་དགོངས་ཞུ་ཚོགས་པའི་ དྲག་ཤོས་ཚུ་གིས་ འབྲུག་གི་རྩ་བ་གསུམ་ལུ་ ཕྱག་འཕྱིད་ཞུ་མི་གི་སྐོར་ལས་ རྒྱལ་འཛིན་ཐགས་རིགས་སློབ་སྡེ་ནང་ལུ་སྦེ་ འགྲེམས་སྟོན་འབད་བའི་བསྒང་ར་ཡོདཔ་ཨིན།