རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

Archive for: སྤྱི་ཟླ་༣ པའི་ཚེས་, ༢༠༡༥

ཇ་པཱན་གཞུང་ལས་ མ་དངུལ་གྲོགས་རམ་བསྡོམ་ཡུ་ཨེས་དྲོ་ལར་ས་ཡ་༡༨་དེ་ཅིག་གནང་ནི་ཨིནམ།

༉ ཇ་པཱན་གཞུང་གི་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་གི་བར་ན་ ཟམ་གསུམ་བརྐྱབ་ནི་གི་དོན་ལས་ ཡུ་ཨེས་དྲོ་ལར་ ས་ཡ་༡༦དེ་ཅིག་ མ་དངུལ་གྲོགས་རམ་ བྱིན་ནི་སྦེ་ཨིན་མས།

ཉོ་སྤྱོད་ཀྱི་གོང་ཚད་ བརྒྱ་ཆ་༦་ལྷགཔ་ཅིག་གིས་ ཡར་སེང་སོང་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ ན་ཧིང་དང་ དུས་ཅི་གི་བར་ན་ ཉོ་སྤྱོད་ཀྱི་གོང་ཚད་དེ་ བརྒྱ་ཆ་༦དང་ཚག་༣དེ་ཅིག་གི་ ཡར་སེང་སོང་ཡོདཔ་སྦེ་ཨིན་མས།

ཞིང་ཆུ་མེད་པའི་དཀའ་ངལ།

༉ གསར་སྤང་རྫོང་ཁག་ ཆུ་འཛོམས་རྒེད་འོག་ ལྷ་གཡུལ་གཡུས་ཚན་ནང་ལུ་ ཞིང་ཆུ་མ་ལང་པའི་དཀའ་ངལ་འདི་ སྦོམ་སྦེ་ར་ཡོདཔ་ལས་ འཐོན་སྐྱེད་དེ་ལུ་ཡང་ གནོད་པ་འབྱུང་སྟེ་སྦེ་འདུག

སྤ་རོ་ཚེས་བཅུ་འགོ་བཙུགས་ཡོདཔ།

༉ ཡོངས་གྲགས་ཅན་གྱི་ ལོ་བསྟར་སྤ་རོ་ཚེས་བཅུ་འདི་ ད་རིས་ལས་ གནང་ནི་འགོ་བཙུགས་ཡོདཔ་ཨིན།

མི་དབང་རྒྱལ་ཡུམ་ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ བུམ་ཐང་ དབང་འདུས་ཆོས་གླིང་ཕོ་བྲང་ ཉམས་གསོའི་ལཱ་ འགོ་འབྱེད་མཛད་གནང་ཡོདཔ།

༉ བུམ་ཐང་ལུ་ དབང་འདུས་ཆོས་གླིང་ཕོ་བྲང་ ཉམས་གསོའི་ལཱ་འདི་ ཁ་ཙ་ མི་དབང་རྒྱལ་ཡུམ་ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ འགོ་འབྱེད་མཛད་གནང་ནུག

མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ མོང་སྒར་ལུ་ རྙིང་མའི་མཐོ་རིམ་བཤད་གྲྭ་ གསརཔ་རྐྱབ་ནི་གི་ས་སླང་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ཡོདཔ།

༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ མི་དབང་རྒྱལ་པོའི་སྲས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ཁ་ཙ་ མོང་སྒར་ དགྲ་མེད་རྩེ་ལྷ་ཁང་ནང་ལུ་ཡོད་པའི་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་བཤད་གྲྭ་འདི་ ནང་པའི་མཐོ་རིམ་བཤད་གྲྭ་ལུ་ཡར་སེང་འབད་ནི་གི་དོན་ལས་ གྲྭ་གཤག་དང་སློབ་ཁང་ཚུ་གསརཔ་རྐྱབ་ནི་གི་ས་སླང་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ནུག

གད་སྟག་ན་རྒེད་འོག་གི་མི་ཚུ་གིས་ ཁོང་གི་རྒེད་འོག་ནང་ལུ་ སོ་ནམ་ཞིང་ལམ་འདི་ འཆར་གཞི་དང་འཁྲིལ་ཏེ་ མ་སེལ་བའི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ ཁ་ཉེས་སྐྱེལ་དོ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ གད་སྟག་ན་རྒེད་འོག་གི་ མི་ཚུ་གིས་ ཁོང་གི་རྒེད་འོག་ནང་ལུ་ སོ་ནམ་ཞིང་ལམ་འདི་ འཆར་གཞི་དང་འཁྲིལ་ཏེ་ མ་སེལ་བའི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ ཁ་ཉེས་སྐྱེལ་དོ་ཡོདཔ་ཨིན་མས།

གཞལ་སྒང་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཁྲིམས་འགལ་གྱི་ཐོག་ལས་ མི་རྩིས་ཐོ་བཀོད་འབད་ཡོད་པའི་བྱ་ངན་ནང་ལུ་འབྲེལ་བ་ཡོད་མི་ ཕོ་སྐྱེས་༤་ལུ་ ལོ་གཅིག་ལས་ ལོ་ཕྱད་ད་༢་ཀྱི་བར་ནའི་བཙོན་ཁྲིམས་ཀྱི་ ཁྲུན་ཆོད་བཏོན་ཏེ་ཡོདཔ།

༉ གཞལ་སྒང་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཁྲིམས་འགལ་གྱི་ཐོག་ལས་ མི་རྩིས་ཐོ་བཀོད་འབད་ཡོད་པའི་བྱ་ངན་ནང་ལུ་འབྲེལ་བ་ཡོད་མི་ ཕོ་སྐྱེས་༤་ལུ་ ལོ་གཅིག་ལས་ ལོ་ཕྱད་ད་༢་ཀྱི་བར་ནའི་བཙོན་ཁྲིམས་ཀྱི་ ཁྲུན་ཆོད་བཏོན་ཏེ་སྦེ་འདུག

འབྲུག་རྒྱལ་ཁབ་ཀྱིས་ དུས་ཅི་ རྒྱ་ནག་ལུ་སྦེ་འགོ་འདྲེན་འཐབ་ནི་ཨིན་མི་ ཕྱི་རྒྱལ་གྱི་མདའ་ཞུ་ཐོག་ལུ་ འཛམ་གླིང་མདའ་རྩེད་ཀྱི་འགྲན་བསྡུར་ནང་ལུ་ འགོ་དང་པ་ བཅའ་མར་གཏོགས་ནི་ཨིནམ།

༉ འབྲུག་རྒྱལ་ཁབ་ཀྱིས་ དུས་ཅི་ རྒྱ་ནག་ལུ་སྦེ་འགོ་འདྲེན་འཐབ་ནི་ཨིན་མི་ ཕྱི་རྒྱལ་གྱི་མདའ་ཞུ་ཐོག་ལུ་ འཛམ་གླིང་མདའ་རྩེད་ཀྱི་འགྲན་བསྡུར་ནང་ལུ་ འགོ་དང་པ་ བཅའ་མར་གཏོགས་ནི་ཨིན་མས།

སིང་ག་པུར་གྱི་ སྲིད་བློན་བགྲེསཔ་བཤགས་ཡོདཔ།

༉ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ད་རིས་ འཛམ་གླིང་རྒྱལ་ཁབ་ཀྱིས་ དབུ་འཁྲིདཔ་ཚུ་དང་གཅིག་ཁར་ སི་ག་པུར་ལུ་སྦེ་ སྲིད་བློན་བགྲེསཔ་བཤགས་མི་ ལི་ཀོན་ཡུ་གིས་ སྤུར་བྱང་འདི་ནང་ གྲལ་བཞུགས་མཛད་གནང་ཡི།