རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

Archive for: སྤྱི་ཟླ་༢ པའི་ཚེས་, ༢༠༡༥

སློབ་དཔོན་སློབ་སྦྱོང་མཐར་ཁྱོལ་མི་ག་ར་ ཞི་གཡོག་ནང་བཙུགས་མི་ཚུགས་ནི།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་བཀོད་མི་ནང་ དུས་ཅི་ སློབ་གྲྭ་ཚུ་ནང་ལུ་ སློབ་དཔོན་དགོཔ་གི་གྱངས་ཁ་འདི་ ཉུང་སུ་ཅིག་ལས་མེད་ནི་འདི་གིས་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་མི་ ག་ར་ ཞི་གཡོག་ནང་ལུ་ བཙུགས་ཚུགས་པར་ ལཱ་ཁག་བཏང་ནི་མས་ཟེར་ཨིན་མས།

ཤིང་མཁར་རྒེད་འོག་ལྟེ་བའི་ འཁོར་ལམ་དང་འབྲེལ་བའི་རྩོད་ཉོགས།

༉ གཞལ་སྒང་རྫོང་ཁག་ ཤིང་མཁར་རྒེད་འོག་གི་ འཁོར་ལམ་སེལ་ནི་གི་ལཱ་འདི་ ཝམ་གླིང་ལས་འཕྲོ་མཐུད་དེ་ འགོ་འདྲེན་འཐབ་མ་ཚུགས་པར་ཡོདཔ་ཨིན།

རྒྱལ་ཁབ་ནང་ལུ་ མཆོད་རྟེན་སློང་མི་གི་གནད་དོན་ ཚ་གྱང་ཅན་ཅིག་ཨིནམ།

༉ རྒྱལ་ཁབ་ནང་ལུ་ མཆོད་རྟེན་སློང་མི་གི་བྱ་ངན་འདི་ ཡར་སེང་འགྱོ་དོ་ཡོད་མི་དང་འབྲེལ་ གཞུང་གིས་ ཚ་གྱང་ཡོད་ལུགས་ཚུ་ བཤད་དེ་ཡོདཔ་ཨིན།

གསར་སྤང་ལུ་ བཟོ་བོ་ལངམ་སྦེ་མེད་པའི་དཀའ་ངལ།

༉ གསར་སྤང་རྫོང་ཁག་ནང་ལུ་ རིག་རྩལ་ཅན་གྱི་ བཟོ་བོ་མེད་པའི་ གདོང་ལེན་སྦོམ་ར་ཡོདཔ་ལས་ རྒེད་འོག་ཚུ་ནང་གི་ གོང་འཕེལ་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བྱ་སྟབས་མ་བདེཝ་ཚུ་ འཐོན་དོ་ཡོདཔ་སྦེ་ཨིན་མས།

ལ་ནོར་འཚོ་སྐྱོང་འཐབ་མི་ཚུ་གིས་ ལོ་བསྟར་དུས་སྟོན།

༉ འཚོ་བ་ ལ་ནོར་ཚུ་ལུ་བརྟེན་ཏེ་ སྡོད་མི་ཚུ་གིས་ སྐྱེ་ལྡན་རིགས་སྣ་དང་ མཐའ་འཁོར་འདི་ཚུ་ ཉམས་སྲུང་འབད་དེ་ཡོད་པའི་ ངོས་ལེན་དང་ དགའ་འཚོར་བསྐྱེད་ནི་དོན་ལས་ བུམ་ཐང་ཐང་སྦིས་ལུ་སྦེ་ ཉིན་གྲངས་གཉིས་ཀྱི་རིང་ འཚོ་བ་ལ་ནོར་ལུ་ བརྟེན་ཏེ་སྡོད་མི་ཚུ་གི་ དུས་སྟོན་རྩིས་སྲུང་ཅིག་ འགོ་འདྲེན་འཐབ་ནུག

ལྷ་ཁང་ཨརཝ་བརྐུ་མི་ བཟུང་སྟེ་ཡོདཔ།

༉ བུམ་ཐང་རྫོང་ཁག་གི་ ཁྲིམས་སྲུང་འགག་པ་གིས་ དགེ་རྩ་གཡུས་མཚན་ནང་ཡོད་མི་ བཅུ་གཅིག་ལྷ་ཁང་ ནང་ལས་ ནང་རྟེན་ཨརཝ་བརྐུ་མི་ནང་ འབྲེལ་བ་ཡོད་མི་ སྐྱེས་ལོ་༣༦་ལངས་མི་ ཕོ་རྒས་གཅིག་ བཟུང་སྟེ་ཡོདཔ་ཨིན་མས།

ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ ཕུར་ཟུར་གྱི་ཁྱིམ་གུང་པ་༢༠་གི་དོན་ལུ་ སྡོད་ཁྱིམ་གྱི་རྒྱབ་བསྐྱོར།

༉ ཀྲོང་གསར་རྫོང་ཁག་ གླང་མཐིལ་རྒེད་འོག་ ཕུར་ཟུར་གཡུས་ཚན་ནང་གི་ ཁྱིམ་གུང་༢༠གིས་ འཕྲལ་མགྱོགས་ར་ ཐོག་གཉིས་རེ་འབད་བའི་ སྒྲིང་ཁྱིམ་རེ་ ཐོབ་ཚུགས་ནི་ཨིནམ་ད་ འདི་ཡང་ ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ལུ་ ཁྱིམ་བརྐྱབ་ནི་གི་ལཱ་ཚུ་ འབད་བའི་བསྒང་ར་ ཡོད་མི་ལས་བརྟེན་ཨིན།
གཡུས་སྒོ་འདི་ནང་གི་ མི་ཚུ་གིས་སླབ་མི་ནང་ འདི་བཟུམ་གྱི་རྒྱབ་སྐྱོར་ཚུ་ ཐོབ་འོང་ཟེར་བའི་ མནོ་བསམ་ར་མ་བཏང་ཟེར་ཨིན་རུང་ ད་རེས་ དངོས་སུ་སྦེ་ ལཱ་གི་གྲུབ་འབྲས་ཚུ་ ལེགས་ཤོམ་འཐོན་དོ་ཡོདཔ་ལས་ སེམས་ལུ་དགའ་བ་ སྦོམ་ར་འབྱུང་མས་ཟེར་བཤད་ཅི།
གཡུས་སྒོ་འདི་ནང་གི་ རྒས་ཤོས་ཚུ་གིས་སླབ་མི་ནང་ ད་ལྟོ་ཚུན་གྱི་རིང་ལུ་ གཏན་འཇགས་ཀྱི་ཁྱིམ་ཅིག་ བརྐྱབ་མ་ཚུགས་མི་དེ་ཡང་ འོང་འབབ་ག་ནི་ཡང་ མེད་མི་ལས་བརྟེན་ཨིནམ་སྦེ་བཤད་ཅི།
ད་རེས་ མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ སྐྱབས་འཛིན་ཐོག་ལུ་ འདི་བཟུམ་གྱི་ གྲོགས་རམ་དང་ རྒྱབ་སྐྱོར་གནང་མི་ལུ་ བསམ་བརྗོད་ལས་འདས་པའི་ བཀྲིན་དགའ་འཚོར་ཡོད་ཟེར་ཨིན་མས།
ཏཱ་ར་ཡ་ན་གཞི་ཚོགས་ཀྱི་ ཀྲོང་གསར་རྫོང་ཁག་ མོན་པའི་མི་སྡེ་ནང་ལུ་ ད་ལྟོ་གི་ནང་འཁོད་ སྡོད་ཁྱིམ་༦༨དེ་ཅིག་ བརྐྱབ་བྱིན་ཏེ་ཡོདཔ་ཨིན།

མི་དབང་མངའ་ཞབས་མཆོག་ལུ་ བློན་ཆེན་ ཚེ་རིང་སྟོབས་རྒྱས་མཆོག་གི་གཙོས་པའི་ གཞུང་གི་ཆེ་མཐོའི་དཔོན་ཁག་ཚུ་གིས་ འཁྲུང་སྟོན་གྱི་བཀྲིས་ལེགས་སྨོན་དང་ ལོ་གསར་གྱི་བཀྲིས་བདེ་ལེགས་ཕུལ་ཡོདཔ།

༉ འབྲུག་མི་ཚུ་གི་ཧོངས་ལས་སྦེ་ བློན་ཆེན་ ཚེ་རིང་སྟོབས་རྒྱས་མཆོག་གི་གཙོས་པའི་ གཞུང་གི་ཆེ་མཐོའི་དཔོན་ཁག་ཚུ་གིས་ ཁ་ཙ་ གླིང་ཀ་ན་ཕོ་བྲང་ནང་ལུ་སྦེ་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་གིས་ སྐུ་འདུན་ལུ་བཅར་ཡི།

ཆང་དང་འབྲེལ་བའི་ནད་གཞི་བཅོ་ནི་ནང་ སྨན་ཁང་ཚུ་ལུ་ གདོང་ལེན་བྱུང་དོ་ཡོདཔ།

༉ རྒྱལ་ཁབ་ནང་གི་ གསོ་བའི་སྨན་ཁང་ཚུ་ནང་ ཆང་དང་འབྲེལ་བའི་ནདཔ་ཚུ་ སྨན་བཅོས་འབད་ནི་འདི་ གདོང་ལེན་ཅན་གྱི་ གནས་སྟངས་ཅིག་ལུ་ བསྒྱུར་ཏེ་སྦེ་འདུག

ཤིང་མཁར་རྒེད་འོག་གི་འཁོར་ལམ་སེལ་ནི་གི་ལཱ་འདི་ ད་ལྟོའི་བར་ན་ཡང་ འཕྲོ་མཐུད་འགོ་འདྲེན་འཐབ་མ་ཚུགས་པར་ དེ་སྦེ་རང་ ལུས་ཏེ་ཡོདཔ།

༉ གཞལ་སྒང་རྫོང་ཁག་ ཤིང་མཁར་རྒེད་འོག་གི་འཁོར་ལམ་སེལ་ནི་གི་ལཱ་འདི་ ཝམ་གླིང་སྟོད་དང་སྨད་ཀྱི་མི་སེར་ཚུ་གི་བར་ན་ ད་ལྟོ་བར་ན་ཡང་ ས་ཆ་འབྱིན་ནི་ནང་ ཁ་འཆམ་འབྱུང་མ་ཚུགས་མི་ལས་བརྟེན་ཏེ་ འཕྲོ་མཐུད་འགོ་འདྲེན་འཐབ་མ་ཚུགས་པར་ དེ་སྦེ་རང་ ལུས་ཏེ་ཡོདཔ་ཨིན་མས།