རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

Archive for: སྤྱི་ཟླ་༡ པའི་ཚེས་, ༢༠༡༥

དངུལ་ཁང་ཚུ་ནང་ ཏི་རུབ་གཡོག་བཀོལ་མ་ཚུགས་པར་ ལུས་ཡོདཔ་སྦེ་སླབ་མི་འདི་མི་བདེན་ཟེར་ཨིནམ།

༉ ནང་འཁོད་ཀྱི་དངུལ་ཁང་དང་ དཔལ་འབྱོར་མཁས་མཆོག་ དེ་ལས་ ལྡོག་ཕྱོགས་ཚོགས་པ་དང་འཁྲིལ་པ་ཅིན་ དངུལ་ཁང་ཚུ་ནང་ལུ་ ཏི་རུབ་འདི་ཚུ་ གཡོག་བཀོལ་མ་ཚུགས་པར་ དེ་སྦེ་ར་ ལུས་ཏེ་ཡོདཔ་སྦེ་ཨིན་མས།

འཛམ་གླིང་སྲོལ་ཁྱུན་ལས་སྡེ་གི་མཁས་མཆོག་ཚུ་གིས་ དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ནང་ལུ་ རྒྱབ་སྣོན་བཀོད་དེ་ཡོདཔ།

༉ འཛམ་གླིང་སྲོལ་ཁྱུན་ལས་སྡེ་གི་མཁས་མཆོག་ཚུ་གིས་ ཁ་ཐུག་ལས་ དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ནང་ལུ་ བཟོ་བཀོད་དང་འབྲེལ་བའི་ གནད་དོན་ཚུ་སེལ་ནིའི་དོན་ལས་ རྒྱབ་སྣོན་ཚུ་བཀོད་དེ་ཡོདཔ་ཨིན་མས།

མོང་སྒར་གྱི་ནགས་ཚལ་ཡིག་ཚང་གིས་ ཙན་ལྡན་དམརམོ་གི་ཤིང་སི་ཨེཕ་ཊི་ ༡༠༠་གཞུང་བཞེས་འབད་ཡོདཔ།

༉ མོང་སྒར་ རྒྱལ་པོའི་ཞིང་ལུ་ཡོད་པའི་ ནགས་ཚལ་ཡིག་ཚང་གིས་ ད་རིས་དྲོ་པ་ ས་གནས་ཟིམ་ཟོ་རོང་ཟེར་ས་ལས་ ཙན་ལྡན་དམརམོ་གི་ཤིང་སི་ཨེཕ་ཊི་ ༡༠༠་གཞུང་བཞེས་འབད་ཡོདཔ་ཨིན་མས།

ཨ་ལུའི་ཕམ་ཚུ་གིས་ ཨ་ལུའི་ཉིན་སྐྱོང་ལྟེ་བ་དང་འབྲེལ་བའི་ཚ་གྱང་ཚུ་བཤད་དོ་ཡོདཔ།

༉ སྤུ་ན་ཁ་ ལོད་སྦི་ས་ལུ་ ན་ཧིང་ སྤྱི་ཟླ་༡༢་པའི་ནང་ སྐྱེས་ལོ་༣་ལྷགཔ་ཅིག་ལང་མི་ ཨ་ལུ་བུཚ་གཅིག་ སྒྲིང་ཁྱིམ་ཐོག་༣་པ་ནང་ལུ་འབད་མི་ ཉིན་སྐྱོང་ལྟེ་བ་ནང་ལས་ རྦོབ་རིལ་འགྱོ་བའི་ཤུལ་ ཕམ་མང་ཤོས་ཅིག་གིས་རང་ ཉིན་སྐྱོང་ལྟེ་བའི་མཐུན་རྐྱེན་དང་ཉེན་སྲུང་གི་སྐོར་ལས་ ཚ་གྱལ་ཚུ་བཤད་དོ་ཡོདཔ་ཨིན།

ཨུ་ར་ལུ་ བླམ་ཆོསཔ་ཐོབ་ནི་འདི་ གནས་སྟངས་ལཱ་ཁག་ཅིག་ལུ་འགྱུར་ཏེ་ཡོདཔ།

༉ བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ནང་ལུ་ ལྷ་ཁང་དང་དགོན་པ་༡༧་དེ་ཅིག་ཡོད་རུང་ ད་རེས་ནངས་པར་ བླམ་ཆོཔ་གི་གྱངས་ཁ་འདི་ ལེ་ཤཱ་གིས་ མར་ཕབ་འགྱོ་སྟེ་ཡོདཔ་ཨིན་མས།

ཨོ་རོང་རྒེད་འོག་ནང་ལུ་ མེ་རླུང་བ་ཡོ་གེས་ལག་ལེན་འཐབ་ནི་འགོ་བཙུགས་ཏེ་ཡོདཔ་ལས་ ཡོངས་གྲགས་ཐོན་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་ནང་ལུ་ མི་སེར་མང་ཤོས་ཅིག་གིས་རང་ མེ་རླུང་ བ་ཡོ་གེས་ལག་ལེན་འཐབ་ནི་འགོ་བཙུགས་ཏེ་ཡོདཔ་ལས་ ཡོངས་གྲགས་ཐོན་དོ་ཡོདཔ་ཨིན་མས།

རྫོང་གཞི་༥་ འཛམ་གླིང་སྲོལ་ཁྱུན་སྦེ་ བཟོ་ནིའི་འོས་འབབ་བལྟ་ནིའི་དོན་ལུ་ཕུལ་ཡོདཔ།

༉ སྲོལ་འཛིན་ལས་ཁུངས་ཀྱིས་ འཛམ་གླིང་སྲོལ་ཁྱུན་སྦེ་ བཟོ་ནི་གི་འོས་འབབ་བལྟ་ནི་གི་དོན་ལས་ དར་དཀར་ན་དང་སྤ་རོ་ སྤུ་ན་ཁ་དང་ཀྲོང་གསར་ དེ་ལས་ དབང་འདུས་ཕོ་བྲང་གི་རྫོང་གཞི་ཚུ་རྩིས་ཏེ་ རགས་ཙམ་གྱི་ཐོ་ཅིག་ འཛམ་གླིང་སྲོལ་ཁྱུན་གྱི་ལས་སྡེ་ལུ་ ཕུལ་སྟེ་སྦེ་འདུག

བདེན་ཆི་རྫོང་གསར་བཞེངས་ཀྱི་ ལཱ་གི་གྲུབ་འབྲས་ལེགས་ཤོམ་འཐོན་དོ་ཡོདཔ།

༉ པདྨ་དགའ་ཚལ་ བདེན་ཆི་རྫོང་གསར་བཞེངས་ཀྱི་ལཱ་འདི་ ཤུགས་ལང་པའི་བསྒང་རང་ཡོདཔ་ལས་ གྲུབ་འབྲས་ཚུ་ཡང་ ཐོན་ནི་འགོ་བཙུགས་ཏེ་སྦེ་འདུག

སྦྱོང་བརྡར་དང་འབྲེལ་ ལག་སྦྱོང་གི་ཐོག་ལས་ ཟམ་བཟོ་བསྐྲུན་འབད་དོ་ཡོདཔ།

༉ བསམ་རྩེ་ལུ་སྦེ་ བཟོ་རིག་འགོ་དཔོན་དང་ འཕྲུལ་རིག་པ་ཚུ་གི་དོན་ལུ་ སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་མི་འདི་ མཇུག་བསྡུ་བའི་བསྒང་ལས་ ཁོང་ཆ་ཁྱབ་ཀྱིས་ དངུལ་ཀྲམ་ས་ཡ་༢་གནས་པའི་ དཀྲིང་ཟམ་ཅིག་ བཟོ་བསྐྲུན་འབད་ཚར་ནི་ཨིན་མས།

ཤིང་དྲ་བཟོ་གྲྭ་ཚོགས་སྡེ་ལུ་ གདོང་ལེན་འབྱུང་སྟེ་ཡོད་པའི་གནད་དོན།

༉ བློན་ཆེན་ ཚེ་རིང་སྟོབས་རྒྱས་མཆོག་དང་ བསྟན་རྒྱས་བློན་པོ་གཉིས་ཀྱིས་ ད་རེས་ འགོ་ཐོག་དང་པ་ ཤིང་དྲ་ཁང་ བཟོ་གྲྭ་ཚོགས་སྡེ་དང་གཅིག་ཁར་ འཕྱད་གནང་སྟེ་ཡོདཔ་ཨིན།